ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱས།

ཡོང་ཁུངས། : སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།     སྤེལ་དུས། : 2017-11-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1509507168159906.jpg

ཀུའུ་ཁུན་གྱིས་རྒྱ་ཆེའི་མང་ཚོགས་ལ་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོལ་འགྲེལ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཟླ10པའི་ཚེས18ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་མགོ་བརྩམས་པ་རེད།  བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅོ་བརྒྱད་པའི་ཚབ་མཛད་དེ་ཚོགས་ཆེན་ལ་ཁ་བྱང་དུ《ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་དགོས》ཞེས་པའི་སྙན་ཞུ་ཕུལ་བ་རེད།  

ཟླ10ཚེས24ཉིན་ཏང་གི་ཚོགས་ཆེན་བཅུ་དགུ་པ་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ་དང་ཆབས་ཅིག་ས་གནས་ཁག་ཏུའང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་མྱུར་དུ་འཕྱུར་ཞིང་། ལས་བྱེད་མང་ཚོགས་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་པོ་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་དམིགས་ཚད་དང་ལས་འགན་ཁག་མངོན་འགྱུར་བྱེད་པའི་ཐོག་གཅིག་ཏུ་བསྒྲིལ་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་བརྩམ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་ཡོད། 

བདེ་ཆེན་ཁུལ་ཨུའི་རིག་གཞུང་སློབ་སྦྱོང་ལྟེ་གནས་ཚོ་ཆུང་དང་ཁུལ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་སོགས་ལས་ཁུངས་དང་སྡེ་ཁུལ་སོ་སོ།  གཞན་རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་དང་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད།

ཟླ10པའི་ཚེས28ཉིན།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བྱང་འདབས་སྡེ་ཁུལ་དུ་ཟབ་ཞུགས་བྱས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད། ཀུའུ་ཁུན་གྱིས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ།   ཧུར་ཐག་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ནང་ཞུགས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བདེ་ཆེན་དུ་རྩ་བ་ཚུགས་པ་དང་།འབྲས་བུ་སྨིན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་པ་རེད།  

1509507168285561.jpg

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྲོང་ཨུ་དང་ཁུལ་དྲིལ་བསྒྲགས་པུའུ་ཡི་འགོ་ཁྲིད།   གཞན་སྡེ་ཁུལ་གྱི་མང་ཚོགས150ལྷག་གིས་སྒྲོག་འགྲེལ་ལ་ཞིབ་ཉན་བྱས་ཡོད།    

1509507168639348.jpg

 ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་སྒེར་དབང་ཁེ་ལས་ཀྱི་ཏང་ཡོན་རྩ་འཛུགས་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གི་མཛད་པའི་སྙན་ཞུའི་སྐོར་ལ་བགྲོ་གླེང་བྱེད་བཞིན་པ།

1509507168134832.jpg

དྲག་ཆས་ཉེན་རྟོག་ཡུན་ནན་སྤྱི་ཁྱབ་རུ་ཁག་བདེ་ཆེན་ཡན་ལག་རུ་ཁག་གིས་དཔོན་དམག་མངག་ནས་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོར་སོང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་བྱས་ཡོད།  

1509507168366247.jpg

ཉེ་ཆར།  ཁུལ་ཚོང་དོན་ཅུས་ཀྱིས་ལས་བྱེད་མི་སྣ་རྩ་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ།

1509507168637872.jpg

ཁུལ་ཨུའི་སློབ་གསོའི་ལས་དོན་ཨུ་ལྷན་དང་འབའ་ལུང་རྫོང་ནོར་སྲིད་ཅུས་ཏང་ཨུ་གཉིས་ཀྱིས་ཡེ་ཀྲི་གྲོང་རྡལ་ཞིན་ལུའོ་གྲོང་ཚོའི་གནད་འཁེལ་དབུལ་སྐྱོར་ས་གནས་སུ་ཏང་ཡོན་རྩ་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།