ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་བདེ་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་སྐབས་གཉིས་པའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།     སྤེལ་དུས། : 2017-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་བདེ་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་སྐབས་གཉིས་པའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས། སྐབས་གཉིས་པའི་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་ལས་འཛིན་འགོ་གཙོ། རྒྱུན་ལས་ལས་འཛིན་འགོ་གཙོ་གཞོན་པ། ལས་འཛིན་གཞོན་པ། དྲུང་ཡིག་ཆེན་མོ་བཅས་བདམས་ཐོན་བྱུང་བ་རེད།

ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་པུའུ་ཀྲང་མིའོ་ཡིའུ་ཧྥ་གྲོས་ཚོགས་སུ་ཞུགས་ནས་གསུང་བཤད་གནང་བ། ཁོང་གིས་སྐབས་གསར་པའི་ལས་འཛིན་ལྷན་ཚོགས་ཀྱིས་རྒྱུན་མཐུད་ཀྱིས་ནང་བསྟན་སློབ་གླིང་གཉེར་བ་དང་སྲོལ་རྒྱུན་བཟང་པོ་དར་སྤེལ་བྱེད་དེ། བདེ་ཆེན་གྱི་བོད་བརྒྱུད་ནང་བསྟན་གྱི་ཡོན་ཏན་ཅན་ཇེ་མང་དུ་གསོ་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།