ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་གྱི་ཡུལ་སྐོར་དབུལ་སྐྱོར་སྤྱི་ཕན་བྱ་འགུལ་སྤེལ་འགོ་ཚུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས5ཉིན། 2018ལོའི་ཡུན་ནན་ཞིང་ཆེན་གྱི་ཡུལ་སྐོར་དབུལ་སྐྱོར་སྤྱི་ཕན་བྱ་འགུལ་འཆར་གཞི་ཁུན་མིང་དུ་སྤེལ་འགོ་ཚུགས་པ་རེད།

རྒྱ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ཁུལ་དང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་སོ་སོར་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་འཆར་འགོད་སྡེ་ཚན20ལྷག་དང་མཉམ་དུ《2018ལོའི་ཡུན་ནན་ཞིང་ཆེན་གྱི་ཡུལ་སྐོར་དབུལ་སྐྱོར་སྤྱི་ཕན་བྱ་འགུལ་འཆར་གཞི་བཟོ་འགོད་ཀྱི་འདོད་མཐུན་ཡི་གེ》བཞག  རྒྱ་མོ་རྔུལ་ཆུ་ཁུལ་གྱི་གྲོང་ཚོ30དང་བདེ་ཆེན་ཁུལ་གྱི་ཡུལ་སྐོར་དབུལ་སྐྱོར་གཙོ་གནད་གྲོང་ཚོ20ལ་དེ་ལས་ཁེ་ཕན་ཐོབ་རྒྱུ་རེད།

ཐེངས་འདིའི་སྤྱི་ཕན་བྱ་འགུལ་གྱི་དུས་ཚོད་ནི་ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་ཡིན་ལ། ཡུན་ནན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་འཆར་འགོད་སྡེ་ཚན་ནང་ཞུགས་པར་སྒྲིག་འཛུགས་དང་སྐུལ་སློང་བྱས། དེ་རྗེས། ཡུལ་སྐོར་འཆར་འགོད་སྡེ་ཚན་གྱིས་ཡུལ་སྐོར་དབུལ་སྐྱོར་གཙོ་གནད་གྲོང་ཚོ50ལྷག་ལ་སྤྱི་ཕན་རང་བཞིན་གྱི་ཡུལ་སྐོར་གསར་སྤེལ་བློ་འདྲི་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ་ཡིན་ལ། གྲོང་ཚོའི་ཡུལ་སྐོར་ཐོན་ཁུངས་ཀྱི་སྔོག་འདོན་དང་བེད་སྤྱོད་ལ་དམིགས་ནས་ཡུལ་སྐོར་ཐོན་རྫས་གཏོད་པའི་ཇུས་འགོད་དང་། ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན། ཡུལ་སྐོར་ཚོང་ཟོག་ཞིབ་འཇུག་གསར་སྤེལ། ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། ཁྲོམ་རའི་དྲིལ་བསྒྲགས་དང་ཁྱབ་གདལ་སོགས་ལག་ལེན་འཁྱོལ་ཐུབ་ངེས་ཀྱི་ཡུལ་སྐོར་དབུལ་སྐྱོར་འཆར་འགོད་འདོན་སྤྲོད་བྱས་ཤིང་། ཡུལ་སྐོར་དབུལ་སྐྱོར་དང་གྲོང་གསེབ་དར་རྒྱས་ཡོང་བར་རྨང་གཞི་འདིང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།