ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱི་ཤང་གྲོང20ད་ལོའི་ཡུལ་སྐོར་འཆར་འགོད་དབུལ་སྐྱོར་ལག་བསྟར་གྲོང་ཚོ་ནང་ཚུད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

wa_152048937138729.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱིས2018ལོའི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཡུལ་སྐོར་འཆར་འགོད་དབུལ་སྐྱོར་སྤྱི་ཕན་བྱ་འགུལ་གྱི་འགོ་ཚུགས་གྲོས་ཚོགས་བསྡུས་པ་དང་། ཡུན་ནན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་ཡུལ་སྐོར་དབུལ་སྐྱོར་འཆར་འགོད་སྤྱི་ཕན་བྱ་འགུལ་གྱི་འགོ་ཚུགས་གྲོས་ཚོགས་ཀྱི་བསམ་བློའི་ཁྲིད་སྟོན་དང་ལས་ཀའི་བཀོད་སྒྲིག་བརྒྱུད་བསྒྲགས་བྱས་པ་མ་ཟད། ཞིབ་ཕྲ་སྒོས་ཐེངས་འདིའི་ཀྲུང་དབྱང་གིས་རྒྱབ་སྐྱོར་གནང་བའི་ཆུས་གསུམ་དང་ཁུལ་གསུམ་གྱི་ཡུལ་སྐོར་དབུལ་སྐྱོར་ས་ཁུལ་འཕེལ་རྒྱས་ཀྱི་གལ་ཆེའི་དོན་སྙིང་རྒྱས་བཤད་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་ཡུལ་སྐོར་འཆར་འགོད་སྤྱི་ཕན་བྱ་འགུལ་ལག་བསྟར་གྱི་ཁྱབ་ཁོངས་དེ་ནུའུ་ཅང་ཁུལ་དུ་ཡུལ་སྐོར་དབུལ་སྐྱོར་གཙོ་གནད་གྲོང་ཚོ30དང་བདེ་ཆེན་ཁུལ་དུ20ཡོད་པ་རེད། བྱ་འགུལ་སྤེལ་བའི་དུས་ཡུན་ནི2018ལོའི་ཟླ1པོ་ནས2018ལོའི་ཟླ8པ་བར་ཡིན་པ་དང་། ཡུལ་སྐོར་དབུལ་སྐྱོར་སྤྱི་ཕན་བྱ་འགུལ་གཞིར་བཟུང་ལག་བསྟར་གྲོང་ཚོའི་མིང་ཐོ་གཏན་འཁེལ་དང་། འཆར་གཞི་བཟོ་འགོད་ལས་ཁུངས་ལ་སྐུལ་སློང་བཏང་བ། རང་འདོད་ཀྱི་གྲོས་མཐུན་བཞག་པ། སྒྲིག་ཁོངས་གན་རྒྱ་བཞག་པ། འཆར་གཞི་བཟོ་འགོད་སྤེལ་བ། འཆར་འགོད་ཞིབ་དཔྱད་རྩིས་ལེན། ཐོ་འགོད་སྙན་སེང་ཞུས་པའི་གོ་རིམ་སྒྲིག་འཛུགས་དང་འཆར་འགོད་པར་འགྲེམས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།