ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ལ་སྐྱེ་ཁམས་གྲོང་ཁྱེར་གྱི་མཚན་སྙན་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་གྲོང་ཁྱེར་གྱི་རྣམ་གྲངས་ཚོ་ཆུང་གིས་བདེ་ཆེན་ལ་སྐྱེ་ཁམས་ལེགས་པའི་གྲོང་ཁྱེར་གྱི་མཚན་སྙན་བསྩལ་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན།2017ལོར།དེ་རིང་གི་འགོ་བརྗོད་ཞེས་པའི་སྨྱན་བྱད་ཀྱིས་སྤྱི་ཕན་རྣམ་གྲངས་ཆེ་གྲས་ཧ་ལས་དགོས་པའི་གྲོང་ཁྱེར----དེ་རིང་གི་འགོ་བརྗོད་གྲོང་ཁྱེར་སྟོང་གི་རྣམ་པ་སྟོང་ཀྲུང་གོར་བསྐྱོད་པ་ཞེས་པ་སྤེལ་འགོ་ཚུགས་པ་རེད།རྣམ་གྲངས་འདི་སྔ་རྗེས་སུ་ཐེན་ཅིན་དང་ཁྲུང་ཆིན།ནན་ཅིན།ཀོང་ཀྲོའུ།ཧྲེན་ཀྲེན་སོགས་ཕལ་ཆེར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་60ལྷག་ནས་སྤེལ་འགོ་ཚུགས་ཤིང་།ཀྲུང་གོའི་ས་ཆ་མང་ཆེ་བར་ཁྱབ་ཡོད།

བདེ་ཆེན་ཁུལ་གྱི་མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས་དང་།ཐུན་མོང་མ་ཡིན་པའི་ངོ་མཚར་རིག་གནས་ལ་དེ་རིང་གི་འགོ་བརྗོད་ཞེས་པའི་སྨྱན་བྱད་སྤྱོད་མཁན་གྱི་དོ་ཁུར་དང་རེ་སྨོན་ཐོབ་པ་དང་།དེ་རིང་གི་འགོ་བརྗོད་ཞེས་པའི་སྨྱན་བྱད་སྤྱོད་མཁན་དུང་ཕྱུར་8ཀྱི་མིག་ནང་གི་ཧ་ལས་དགོས་པའི་གྲོང་ཁྱེར་ནང་དུ་ཚུད་ཡོད་ལ།ཡུན་ནན་གྱི་སྐྱེ་ཁམས་ལེགས་པའི་གྲོང་ཁྱེར་གྱི་བྱ་དགའ་ཐོབ་པའི་གྲོང་ཁྱེར་གཅིག་པུ་ཡིན་པ་མ་ཟད།རྒྱལ་ཡོངས་ཀྱི་ཆེས་ཐོག་པའི་བྱ་དགའ་འདི་ཐོབ་པའི་རིམ་པ་གསུམ་པའི་གྲོང་ཁྱེར་ཡང་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།