ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་འཛམ་གླིང་རྒྱ་གྲམ་དམར་པོའི་ཉིན་མོ་ཡི་བྱེད་སྒོ་སྤེལ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།     སྤེལ་དུས། : 2018-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

wa_152593472687610.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས8ཉིན་ནི་སྐབས་བདུན་ཅུ་དོན་གཅིག་པའི་འཛམ་གླིང་རྒྱ་གྲམ་དམར་པོའི་ཉིན་མོ་ཡིན་ལ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་པ་ཁག་དང་ས་གནས་ཁག་གི་མི་རྣམས་ཀྱིས་བརྩེ་སེམས་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བ་རེད།

ཉིན་དེར་བདེ་ཆེན་ཁུལ་གྱིས་ལྔ་བརྒྱད་ཞལ་འདེབས་འབུལ་བའི་ཉིན་མོར་དབུལ་སྒྲོག་འགག་སྒྲོལ་ལ་རམ་འདེགས་བྱེད་ཞེས་པའི་སྤྱི་ཕན་ཞལ་འདེབས་འབུལ་བའི་བྱེད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འགོ་ཚུགས། ཉིན་དེའི་བྱེད་སྒོ་ཐོག2017ལོའི་ལྔ་བརྒྱད་ཞལ་འདེབས་འབུལ་བའི་ཉིན་མོ་ཞེས་པའི་བྱེད་སྒོར་ཞུགས་པའི་ལས་ཁུངས་ལ་ཞལ་འདེབས་དཔང་ཡིག་གནང་།  

wa_152593475324861.jpg

wa_152593475531121.jpg

ཁུན་མིང་ལན་ཁྲེང་ཕེང་ཚན་རྩལ་ཚད་ཡོད་ཀུང་སི་དང་ཡན་ཐའེ་ཨའེ་ཏེ་ཁང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་གཉིས་ཀྱིས་ཁུལ་རྒྱ་གྲམ་དམར་པོའི་ཚོགས་པ་ལ་རིན་གོང་སྒོར1709000གྱི་སྨན་བཅོས་སྒྲིག་ཆས་ཞལ་འདེབས་གནང་བ་རེད།

ད་ལོར། བདེ་ཆེན་ཁུལ་གྱི་ཁུལ་ཡོངས་སུ་སྤྱི་ཕན་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བ་དང་། ཟླ4པའི་ཚེས25ཉིན་ནས་གྲོས་གཞི་འདོན་ཡིག་གཏོང་བ་ནས་ད་བར།  ཞལ་འདེབས་མ་དངུལ་སྒོར219217བསྡུས་ཡོད།

wa_152593479814556.jpg

wa_152593481276349.jpg

ཉིན་དེར་ད་དུང་འབའ་ལུང་རྫོང་གི་རྒྱ་གྲམ་དམར་པོའི་ཚོགས་པས་རྫོང་སྲིད་ཁྲིམས་དང་།   འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་སོགས་ཀྱི་ལས་ཁུངས་དང་མཉམ་འབྲེལ་བྱས་ནས་ལྔ་བརྒྱད་འཛམ་གླིང་རྒྱ་གྲམ་དམར་པོའི་ཉིན་མོ་ཡི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་།  ཉིན་དེར། ཞལ་འདེབས་མ་དངུལ་སྒོར6923བསྡུས་པ་རེད།

wa_152593482648474.jpg

བདེ་ཆེན་ཁུལ་འཇོལ་རྫོང་གིས་ལྔ་བརྒྱད་ཞལ་འདེབས་འབུལ་བའི་ཉིན་མོར་དབུལ་སྒྲོལ་འགག་སྒྲོལ་རམ་འདེབས་བྱེད་ཞེས་པའི་བྱེད་སྒོ་སྤེལ་བ་དང་།  ཉིན་དེར་ཞལ་འདེབས་མ་དངུལ་སྒོར5497བསྡུས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།