ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་གྱིས་རྒྱལ་ཁབ་ས་ཡོམ་བདེ་འཇགས་དཔེ་སྟོན་སྡེ་ཁུལ134བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་ས་ཡོམ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ལོ6རིང་རྒྱུན་སྲིང་སྐུལ་སྤེལ་བཏང་བ་བརྒྱུད། ཡུན་ནན་ཞིང་ཆེན་ས་ཡོམ་བདེ་འཇགས་དཔེ་སྟོན་སྡེ་ཁུལ་སྐྲུན་པའི་ལས་དོན་གྱི་ཕན་འབྲས་མངོན་གསལ་དོད་ཅིང་། མིག་སྔར། ཞིང་ཆེན་ཡོངས་ཀྱི་ཀྲོའུ(གྲོང་ཁྱེར)14ཡི་རྫོང(ཆུས)69རུ་ཞིང་ཆེན་རིམ་པའི་ས་ཡོམ་བདེ་འཇགས་དཔེ་སྟོན་སྡེ་ཁུལ135བསྐྲུན་པའི་ནང134རྒྱལ་ཁབ་ས་ཡོམ་བདེ་འཇགས་དཔེ་སྟོན་སྡེ་ཁུལ་དུ་ངོས་འཛིན་གཏན་ཁེལ་བྱས་པ་རེད།

ཡུན་ནན་ཞིང་ཆེན་ས་ཡོམ་ཅུས་ས་ཡོམ་གནོད་འཚེ་འགོག་སྲུང་ཁྲུའི་ཁྲུའུ་ཀྲང་ལི་ཧྥེས། ན་ནིང་ལོ་མཇུག་བར་ཡུན་ནན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་ས་ཡོམ་བདེ་འཇགས་དཔེ་སྟོན་སྡེ་ཁུལ135ངོས་འཛིན་གཏན་ཁེལ་བྱས་པའི་ནང་དཔེ་སྟོན་སྡེ་ཁུལ103དང་། དཔེ་སྟོན་ཁུལ་ཆུང20 དཔེ་སྟོན་གྲོང་ཚོ12བཅས་ཡོད། སྡེ་ཁུལ134ཀྲུང་གོ་ས་ཡོམ་ཅུས་ཀྱི་ཞིབ་བཤེར་བརྒྱུད་རྒྱལ་ཁབ་ས་ཡོམ་བདེ་འཇགས་དཔེ་སྟོན་སྡེ་ཁུལ་དུ་ངོས་འཛིན་གཏན་ཁེལ་བྱས་ཡོད་ཅེས་ངོ་སྤྲོད་བྱས།

ཡུན་ནན་གྱིས་ས་གནས་སོ་སོའི་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་ལས་དོན་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་གྱིས་ལིན་ཚང་གྲོང་ཁྱེར་ཀྲེན་ཁང་རྫོང་དང་། ཕུའུ་ཨར་གྲོང་ཁྱེར་ཤིས་མོན་རྫོང་། ཀྲའོ་ཐུང་གྲོང་ཁྱེར་སུའེ་ཅང་རྫོང་། ཏེ་ཧུང་ཀྲོའུ་ལུང་ཁྲོན་རྫོང་བཅས་རྫོང4རུ་ཞིང་ཆེན་རིམ་པའི་ས་ཡོམ་བདེ་འཇགས་དཔེ་སྟོན་རྫོང་གྲོང་སྐྲུན་པའི་ལས་དོན་བསྒྲུབས་པ་དང་། ད་ལོར་ད་དུང་ཏ་ལི་ཀྲོའུ་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་དཔེ་སྟོན་གྲོང་ཁྱེར་སྐྲུན་པའི་ཚོད་ལྟའི་ལས་དོན་ཡང་བསྒྲུབ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།