ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་སྣོན་ཟླའི་ཚེས་ལྔའི་དུས་ཆེན་གྱི་རྟ་རྒྱུག་འགྲན་བསྡུར་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

152740809625051.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་ཁུན་མིང་ནས་འཚོགས་པའི་སེམས་ཀྱི་ཉི་ཟླའི་སྣོན་ཟླའི་ཚེས་ལྔའི་དུས་ཆེན་གྱི་རྟ་རྒྱུགས་འགྲན་བསྡུར་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་རྟ་རྒྱུག་གཙོ་བྱས་པའི་བྱེད་སྒོ་སྣ་ཚོགས་ཟླ6པའི་ཚེས18ཉིན་ཚེས20བར་སྤེལ་རྒྱུ་ཡིན་ལ། ལོ་རྒྱུན་དང་མི་འདྲ་ས་ཞིག་ནི་ད་ལོ་ལོ་སྔོན་མ་དག་ལ་ཡོད་པའི་རྟ་རྩལ་འགྲན་བསྡུར་དང་མི་སྒེར་གྱི་མདའ་རྩལ་འགྲན་བསྡུར། རྟ་ཆས་འགྲེལ་སྟོན་སོགས་ཀྱི་བྱེད་སྒོ་ཡོད་པ་མ་ཟད། སླར་ཡང་མགྲོན་བསུའི་དགོང་ཚོགས་དང་ཡིག་གཟུགས་བརྩམས་ཆོས་བཤམས་སྟོན། སྤོ་ལོ་འགྲན་བསྡུར་བཅས་ཁ་སྣོན་བྱས་ཡོད་དེ། ཁྱེད་ཀྱིས་ཐུན་མོང་མ་ཡིན་པའི་སྣོན་ཟླའི་ཚེས་ལྔའི་དུས་ཆེན་ཞིག་ལ་རོལ་ཐུབ་རྒྱུ་ཐེ་ཚོམ་མེད།

152740805621631.jpg

སྣོན་ཟླའི་ཚེས་ལྔའི་སེམས་ཀྱི་ཉི་ཟླའི་རྟ་རྒྱུག་འགྲན་བསྡུར་ནི་ལོ་གཅིག་གི་སྲོལ་རྒྱུན་དུས་ཆེན་གཙོ་བོ་ཞིག་ཡིན་ལ། ལོ་རྒྱུས་ཀྱི་དུས་ཡུན་ཆེས་རིང་བའི་སྲོལ་རྒྱུན་གྱི་འགྲན་བསྡུར་བྱེད་སྒོ་དང་མང་ཚོགས་ལ་ཆེས་དགའ་སྣང་ཡོད་སའི་སྣོན་ཟླའི་ཚེས་ལྔའི་དུས་ཆེན་གྱི་འགྲན་བསྡུར་རྣམ་གྲངས་ནི་སེམས་ཀྱི་ཉི་ཟླའི་ལོ་རྒྱུས་ཀྱི་དུས་ཡིན་རིང་བའི་མི་རིགས་རིག་གནས་རྒྱུད་འཛིན་དང་དར་སྤེལ་གྱི་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད་ལ།འདི་ནི་ཕྱོགས་ཡོངས་ནས་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་རང་བྱུང་གི་མཛེས་ལྗོངས་མངོན་པར་བྱེད་པའི་སྟེགས་བུ་ཞིག་ཡིན་ལ། སེམས་ཀྱི་ཉི་ཟླའི་རིག་གནས་ཕུན་སུམ་ཚོགས་པར་བཏང་ཡོད་དེ། སེམས་ཀྱི་ཉི་ཟླའི་མིང་རྟགས་གྲགས་ཅན་སྲུང་སྐྱོབ་དང་མཐོ་རུ་བཏང་བའི་གལ་ཆེའི་ཟམ་ཆེན་ལྟ་བུ་ཡིན་པ་རེད།

152740818034919.jpg

ན་ནིང་བསྡོམས་པས་མི་གྲངས་འབུམ་གཅིག་དང་ཁྲི་བདུན་བདེ་ཆེན་གྱི་རྟ་རྒྱུག་འགྲན་བསྡུར་དང་ཟས་རིགས་རོལ་མྱོང་བྱེད་སྒོར་ཡོང་ཞིང་།ཡུལ་སྐོར་ཡོང་འབབ་སྒོར་བྱེ་བ་བརྒྱད་དང་ས་ཡ་དྲུག་ལ་སླེབས་པ་རེད། ད་ལོའི་བྱེད་སྒོའི་གཞི་རྒྱ་སྔོན་དང་བསྡུར་ན་ཆེ་ལ་ནང་དོན་སྔོན་དང་བསྡུར་ན་ཕུན་སུམ་ཚོགས་པས་རྣམ་པ་ལྷན་རྒྱས་དུས་ལྟར་ཕེབས་པར་དགའ་བསུ་ཞུ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།