ཀྲུང་གོ་བོད་ཀྱི་དྲ་བ།

མཁའ་དབྱིངས་ནས་ཡུན་ནན་གྱི་སེམས་ཀྱི་ཉི་ཟླ་པར་བླངས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.JPG

3.JPG

2.JPG

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་གྱི་རྒྱལ་ཐང་གྲོང་རྡལ་ནི་ས་ཁེབས་ཡངས་ཤིང་སྙོམས་པ་དང་། ཡུལ་ལྗོངས་ཧ་ཅང་མཛེས་ཤིང་སྡུག་པ་ཞིག་ཡོད་པ་རེད། ཟླ་7པའི་རྒྱལ་ཐང་གྲོང་རྡལ་ཏུ་མེ་ཏོག་སྣ་བརྒྱ་བཞད་ཅིང་། ནོར་ལུག་དག་དལ་བུའི་ངང་རྩྭ་ཟ་བཞིན་ཡོད་པས། དེས་ལྟ་བས་མི་ངོམ་པའི་མཛེས་སྡུག་གི་ཡུལ་ལྗོངས་ཤིག་གྲུབ་ཡོད་པ་རེད།

ཉེ་བའི་ལོ་འགའི་ནང་དུ་། ཡུན་ནན་ཞིང་ཆེན་གྱིས་རྒྱུན་མཐུད་ནས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་འཛུགས་སྐྱོང་བྱེད་ཅིང་། འབད་པ་ཆེན་པོས་བདེ་ཆེན་གྱི་རི་བོ་སྔར་བས་སྔོ་ལྗང་དང་ཆུ་བོ་སྔར་བས་དྭངས་བ། མཁའ་རླུང་སྔར་ལས་གཙང་བ་བྱས་ཡོད་པས། མི་དམངས་མང་ཚོགས་གནམ་སྔོན་པོ་དང་སྤྲིན་དཀར་པའི་འོག་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱས་ཡོད་པ་རེད། 

4.JPG

5.JPG

6.JPG

7.JPG

རྩོམ་སྒྲིག་པ། : ཀླུ་མོ་མཚོ།