ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླའི་ལྔ་པའི་རྟ་རྒྱུག་ལ་ཤུགས་རྐྱེན་ཆེས་ལྡན་གྱི་བྱ་དགའ་ཐོབ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།     སྤེལ་དུས། : 2018-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

153120992324414.jpg

153120992385039.jpg

དུས་ཆེན+ཡུལ་སྐོར་བྱས་ནས་ཕྱོགས་བསྡུས་རང་བཞིན་གྱི་གཟབ་རྒྱས་མཛད་སྒོ་ཞིག་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།  ཀྲུང་གོའི་ཡུལ་སྐོར་ལས་རིགས་ཀྱི་ཨའོ་སི་ཁ་ཞེས་པའི2017ལོའི་ཀྲུང་གོའི་ཡུལ་སྐོར་དཔྱད་བསྡུར་གྱི་བྱ་དགའ་གནང་བའི་མཛད་སྒོ་ཅི་ལིན་ཡན་ཅི་ནས་གཟབ་རྒྱས་ངང་འཚོགས་པ། སེམས་ཀྱི་ཉི་ཟླའི་ལྔ་པའི་རྟ་རྒྱུག་ལ་ལོ་འཁོར་གྱི་ཤུགས་རྐྱེན་ཆེས་ལྡན་གྱི་དུས་ཆེན་བྱེད་སྒོའི་བྱ་དགའ་ཐོབ་པ་རེད།

སེམས་ཀྱི་ཉི་ཟླའི་ལྔ་པའི་མི་རིགས་སྲོལ་རྒྱུན་རྟ་རྒྱུག་ནི་ཡུན་ནན་ཞིང་ཆེན་གྱི་དངོས་མིན་རིག་གནས་ཤུལ་བཞག་ཡིན་པ་དང་།སེམས་ཀྱི་ཉི་ཟླའི་གཟབ་རྒྱས་ཆེས་ལྡན་གྱི་མི་རིགས་སྲོལ་རྒྱུན་དུས་ཆེན་ཞིག་ཡང་ཡིན།ལོ་རེ་བཞིན་གྱི་ལུགས་རྙིང་ལོ་ཐོའི་ལྔ་པའི་ཚེས་ལྔ་ཉིན་དུ་བོད་རིགས་མང་ཚོགས་ཀྱིས་གཟབ་མཆོར་སྤྲས་ནས་ནགས་ལྕོག་རི་བོར་ལྷན་འཛོམས་བྱས་ནས།སྦྲ་གུར་ཕུབ་པ་དང་ཟས་རིགས་གྲ་སྒྲིག་བྱས་ཏེ།རྟ་པའི་རྟ་རྩལ་འཁྲབ་སྟོན་ལ་ལྟད་མོ་ལྟ་བ།

སེམས་ཀྱི་ཉི་ཟླའི་ལྔ་པའི་རྟ་རྒྱུག་ཐོག་མྱུར་ཚད་དང་རྟ་རྩལ་སོགས་ཀྱི་འགྲན་བསྡུར་ཡོད།ཁམས་པའི་ཕོ་གསར་རྣམས་ཀྱིས་གཟབ་མཆོར་སྤྲས་ཏེ་རྟ་རྩལ་བསྟན་པ་དང་།ལྟད་མོ་བ་རྣམས་ཀྱིས་ཤིན་ཏུ་དགའ་བསུ་ཐོབ་པ་རེད། དེ་ལས་གཞན།སེམས་ཀྱི་ཉི་ཟླའི་ལྔ་པའི་རྟ་རྒྱུག་གྱི་སྐབས་སུ།ད་དུང་རིག་རྩལ་འཁྲབ་སྟོན་སྣ་མང་བསྡུས་ཡོད།དཔེར་ན།སྐོར་བྲོ་དང་རས་པ་སོགས།གྲངས་ཉུང་མི་རིགས་ཀྱི་མང་ཚོགས་རྣམས་ཀྱིས་མི་རིགས་ཀྱི་གླུ་གར་འཁྲབ་སྟོན་བྱས་ནས་སེམས་ཀྱི་ཉི་ཟླའི་ཕུན་སུམ་ཚོགས་པོའི་དངོས་མིན་རིག་གནས་ཤུལ་བཞག་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་གྱི་བདེ་སྐྱེད་རྣམ་པ་འགྲེན་སྟོན་བྱས།

153121003872089.jpg

སེམས་ཀྱི་ཉི་ཟླའི་ལྔ་པའི་རྟ་རྒྱུག་གིས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་དུས་སུ།རྒྱུན་མཐུད་ཀྱིས་དུས་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་པོར་གྱུར་བ།ཁྱད་ལྡན་ཚོང་རྫས་ཀྱི་འགྲེན་སྟོན་ཚོགས་འདུ་སོགས་ཀྱི་བྱེད་སྒོ་བསྡུས་པ།སེམས་ཀྱི་ཉི་ཟླའི་ལྔ་པའི་རྟ་རྒྱུག་ནི་སེམས་ཀྱི་ཉི་ཟླའི་གྲངས་ཉུང་མི་རིགས་ཀྱིས་རིག་གནས་འགྲེམ་སྟོན་བྱེད་པ་དང་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།ས་ཁུལ་གྱི་ཚོང་ཟོག་བརྗེ་རེས་བྱེད་པའི་གཟབ་རྒྱས་ཚོགས་འདུར་གྱུར་ཡོད།

2001ལོ་ནས་བཟུང་།ལོ་རེ་བཞིན་གྱི་ལྔ་པའི་རྟ་རྒྱུག་སྐབས་སུ།སེམས་ཀྱི་ཉི་ཟླས་སྣེ་ལེན་བྱེད་པའི་ཡུལ་སྐོར་བའི་མི་གྲངས་ཁྲི10ཟིན་པ།དེའི་ནང་ད་ལོར་སེམས་ཀྱི་ཉི་ཟླའི་ལྔ་པའི་རྟ་རྒྱུག་དུ་སྣེ་ལེན་བྱེད་པའི་ཡུལ་སྐོར་བའི་མི་གྲངས་ཁྲི20ལས་བརྒལ་བ། ལྔ་པའི་རྟ་རྒྱུག་གིས་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་སྤུས་རྟགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ།

153121153974324.jpg

153121158985951.jpg

ད་ལོའི་ལྔ་པའི་རྟ་རྒྱུག་གི་སྐབས་སུ།ཁམས་པའི་སྒྱུ་རྩལ་དུས་ཆེན་བསུ་བ་དང་ཁྱད་ལྡན་ཚོང་རྫས་འགྲེན་སྟོན་བྱེད་པའི་ཚོགས་འདུ།སྐབས་གཉིས་པའི་སེམས་ཀྱི་ཉི་ཟླའི་རྟགས་ཅན་རླངས་འཁོར་འགྲེམ་སྟོན་སོགས་ཀྱི་བྱེད་སྒོ་སྣ་མང་བསྡུས་ཏེ།ལྔ་པའི་རྟ་རྒྱུག་གི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་རེད།

ཉེ་བའི་ལོ་འགའི་རིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྒྱུན་མཐུད་ཀྱིས་ཡུལ་སྐོར་འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་ཡུལ་སྐོར་རིག་གནས་ཚོང་ར་ལེགས་སྒྲིག་བྱེད་པ།རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་ཀྱིས་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་བྱུང་བ་ལ་སྐུལ་འདེད་བཏང་ནས། གྲུབ་འབྲས་མངོན་གསལ་ཐོབ་པ་རེད། དེའི་ནང་ལྔ་པའི་རྟ་རྒྱུག་གིས་ཚབ་བྱེད་པའི་སྣ་རིགས་ཁག་གི་གལ་ཆེའི་བྱེད་སྒོ་ཡུལ་སྐོར་དུས་ཆེན་གྱི་ནང་དོན་གཙོ་བོར་གྱུར་ནས།སྔར་ལས་ལྷག་པར་ཡུལ་སྐོར་རིག་གནས་ཀྱི་ཚོང་ར་གསར་གཏོད་བྱེད་པ་དང་མི་རིགས་རིག་གནས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་བྱེད་པ་ལ་སྐུལ་འདེད་གཏོང་བ་ལ་ནུས་པ་ཆེན་པོ་ལྡན་པ་དང་།སེམས་ཀྱི་ཉི་ཟླའི་ཡུལ་སྐོར་རྟགས་ཅན་གྱི་རྣམ་པ་མཐོ་རུ་གཏོང་བའི་སྐུལ་འདེད་ནུས་ཤུགས་གཙོ་བོར་གྱུར་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།