ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དབུལ་ཞྭ་ཕུད་པའི་ལས་ཀ་བཀོད་གཏོང་བྱས་པ།

ཡོང་ཁུངས། : བདེ་ཆེན་བོད་ཡིག་ཚགས་པར།     སྤེལ་དུས། : 2018-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་འཚོགས་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དབུལ་ཞྭ་ཕུད་པའི་བརྙན་ལམ་བཀོད་གཏོང་ཚོགས་འདུ་ཐོག་དུད་ཁྱིམ་འཚམས་འདྲིའི་ལས་དོན་སྤེལ་ཚུལ་བརྡ་ཁྱབ་བཏང་བ་དང་། ཉེ་སྔོན་ཞིང་ཆེན་དང་ཁུལ། གྲོང་ཁྱེར་གྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་། འབྲེལ་ཡོད་ལས་ཀ་བཀོད་སྒྲིག་བྱས་པ་རེད། 

གྲོས་ཚོགས་ཐོག གཅིག་ནི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་བྱས་ནས་ནན་ཏན་སྒོས་འབྲེལ་ཡོད་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱེད་དགོས།དངོས་ཡོད་དང་ཟུང་འབྲེལ་བྱས་ནས། ངེས་པར་དུ་རྣམ་གྲངས་སོ་སོའི་ལས་ཀ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ལྡན་པར་བྱེད་དགོས། གཉིས་ནི་ཕྱོགས་ཡོངས་ནས་དུས་ལྟར་གནད་དོན་ལེགས་བཅོས་བྱེད་དགོས། གསུམ་ནི་ཆེད་དམིགས་འགན་འཁྲི་དོན་འཁྱོལ་བྱས་ནས། ལས་བགོས་འགན་གཉེར་འགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་ལས་དོན་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ཐོག གཅིག་ནི་སྡེ་ཁག་འགོ་ཁྲིད་དང་འབྲེལ་ཡོད་ལས་བྱེད་པས་གཏིང་ཟབ་ཀྱིས་ལས་ཡུལ་དངོས་སུ་གནད་དོན་བཙལ་བ་དང་གནས་པའི་གནད་དོན་ཐག་གཅོད་བྱེད་དགོས། གཉིས་ནི་གཙོ་གནད་ལས་ཀ་འབུར་དུ་ཐོན་པར་བྱེད་པ། གསུམ་ནི་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་ལ་དམིགས་ཏེ་གསོ་སྦྱོང་བྱེད་དགོས། བཞི་ནི་ཞིབ་བཤེར་སྔོན་གྱི་དཔྱད་གཞི་གྲ་སྒྲིག་སོགས་འབྲེལ་ཡོད་ལས་དོན་ལེགས་པར་བསྒྲུབས་ནས།ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་དཔྱད་ཞིབ་བྱས་པའི་རྫོང་དང་གྲོང་ཁྱེར་དུ་སློབ་སྦྱོང་བྱེད་པར་བསྐྱོད་དགོས།    ལྔ་ནི་ལྟ་ཞིབ་འགན་འདྲི་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ནུས་ཤུགས་ཡོད་ཚད་ཀྱིས་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས་པའི་བླང་བྱ་བཏང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།