ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླས2018ལོའི་གྲོང་གསེབ་ཀྱི་ངལ་རྩོལ་པ་གནས་སྤོ་ལས་ཞུགས་དབུལ་སྐྱོར་བྱེད་སྒོ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཐིང་དང་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱེད་པའི་བདེ་ཆེན་སེམས་ཀྱི་ཉི་ཟླའི2018ལོའི་གྲོང་གསེབ་ཀྱི་ངལ་རྩོལ་པ་གནས་སྤོ་ལས་ཞུགས་དབུལ་སྐྱོར་བྱེད་སྒོ་དང་ཧྲང་ཧའེ་དང་ཡུན་ནན་གཉིས་ཀྱི་ངལ་རྩོལ་པ་མཉམ་ལས་དང་སློབ་གྲྭ་ཆེན་མོའི་མཐའ་ཕྱིན་སློབ་མའི་གདན་ཞུ་བྱེད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དཀྱིལ་འཁོར་ཐང་ཆེན་དུ་བསྡུས།

བྱེད་སྒོའི་འགོ་ཚུགས་མཛད་སྒོ་ཐོག  ཧྲང་ཧའེ་གྲོང་ཁྱེར་མིན་ཧང་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཅུས་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཅུས་གཉིས་ཀྱིས་ལས་ཞུགས་དབུལ་སྐྱོར་གྱི་ངལ་རྩོལ་པ་མཉམ་ལས་ཀྱི་གྲོས་མཐུན་ཡི་གེ་བཀོད་པ་དང་།  ཧྲང་ཧའེ་གྲོང་ཁྱེར་མིན་ཧང་ཆུས་ཀྱི་ཁ་གཏད་རོགས་སྐྱོར་ས་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལས་ཞུགས་ཞབས་ཞུ་ལས་བྱེད་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་ནས།  ཧྲང་ཧའེ་དང་ཡུན་ནན་གཉིས་ཀྱི་ཁ་གཏད་མཉམ་ལས་སྔར་ལས་ལྷག་པར་བརྟན་དུ་གཏོང་བ་དང་།  རང་ཁུལ་གྱི་གནས་སྤོ་ལས་ཞུགས་རྩ་འཛུགས་ཅན་དང་ཚད་ལྡན་ཅན།  ཆ་འཕྲིན་ཅན་དུ་འགྱུར་བ་ལ་རོགས་ནུས་འདོན་པ་རེད།

ཐེངས་འདིའི་གདན་ཞུ་བྱེད་སྒོར་ཧྲང་ཧའེ་ཡི་ཡུའེ་གཉེར་པ་ཞེས་པ་སོགས་ཀྱི་ཁེ་ལས118འདྲེན་ཡོད་དེ།  ཐོན་སྐྱེད་ལས་སྣོན་དང་མགྲོན་ཁང་ཞབས་ཞུ།  ཆ་འཕྲིན་ལག་རྩལ་སོགས་ཀྱི་ལས་རིགས་སྣ་ཚོགས་འདུས་ཡོད།  ཉིན་དེར།  གདན་ཞུ་བྱེད་སྒོའི་ཡུལ་དངོས་སུ་མི1000ལྷག་ལས་གཉེར་ཡོང་བ་དང་དེའི་ཁྲོད་དུ་གྲོང་གསེབ་ཀྱི་ངལ་རྩོལ་པ་དང་སློབ་ཆེན་སློབ་མ། གྲོང་རྡལ་གྱི་ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣ་སོགས་ཡོད་པ་རེད།

གདན་ཞུ་བྱེད་སྒོའི་དུས་རིང་དུ།  ཁུལ་དང་གྲོང་ཁྱེར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་སྡེ་ཚན་གྱིས་ལས་གཉེར་མཁན་རྣམས་ལ་སྲིད་ཇུས་བློ་འདྲི་བྱེད་ས་འཛུགས་ནས།  ལས་གཉེར་མཁན་རྣམས་ལ་ལས་ཞུགས་དང་ལས་གཏོད།  སྤྱི་ཚོགས་འགན་ལེན། དབང་ཆ་སྲུང་སྐྱོང་སོགས་ཀྱི་བློ་འདྲི་ཞབས་ཞུ་འདོན་པ་རེད།

ཤེས་རྟོགས་བྱུང་དོན།  བྱེད་སྒོ་འདི་བསྡུས་བའི་དམིགས་ཡུལ་གཙོ་བོ་ནི་ཁེ་ལས་དང་ལས་གཉེར་མཁན་གཉིས་ཀྱི་བར་དུ་འབྲེལ་མཐུད་བྱེད་སའི་སྟེགས་བུ་བཙུགས་ནས།  དངོས་གནས་སུ་ཁེ་ལས་འགའ་ཤས་ཀྱིས་ལས་བྱེད་པ་བཙལ་དཀའ་བ་དང་ལས་གཉེར་མཁན་རྣམས་ཀྱིས་ལས་ཞུགས་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་རེད། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཅུས་དང་ཧྲང་ཧའེ་གྲོང་ཁྱེར་མིན་ཧང་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཅུས།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་སོགས་བྱེད་སྒོར་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།