ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གིས2018ལོའི་ཉི་འོད་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོ་བསྡུས།

ཡོང་ཁུངས། : བདེ་ཆེན་བོད་ཡིག་ཚགས་པར།     སྤེལ་དུས། : 2018-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གིས2018ལོའི་ཉི་འོད་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོ་བསྡུས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།   2015ལོར་ཅིན་ཕའེ་ཀུང་སིས་གུང་གཞོན་ཚོགས་པ་བདེ་ཆེན་ཁུལ་ཨུ་དང་བདེ་ཆེན་གྱི་ཅིན་ཕའེ་ཚབ་གཉེར་ཚོང་པའི་འབྲེལ་བ་བྱས་པར་བརྒྱུད་ནས།  ཉི་འོད་འཛིན་གྲྭ་དེ་བདེ་ཆེན་བོད་ཡིག་སློབ་འབྲིང་དུ་བཙུགས་པ་རེད།   ཅིན་ཕའེ་ཀུང་སིས་ལོ་ལྟར་ཁྱད་དུ་དབུལ་ཕོངས་ཡིན་པའི་ཕུལ་དུ་བྱུང་བའི་སློབ་མ50ལ་མཐོ་རིམ་སློབ་འབྲིང་ལོ་གསུམ་དུ་སྒོར12000(སློབ་མ་རེར་སློབ་དུས་རེར་སྒོར2000དང་ཟླ་བ་རེར་སྒོར400གཏོང་)རོགས་རམ་བྱས་པ་དང་།  མིག་སྔའི་བར་དུ།  གྲོང་གསེབ་ཀྱི་དབུལ་ཕོངས་ཡིན་པའི་སློབ་མ200རོགས་རམ་ཐོབ་པ་རེད།

ཅིན་ཕའེ་ཡི་ཉི་འོད་འཛིན་གྲྭའི་རྣམ་གྲངས་ནི་ཀུང་སི་དེས་སྤེལ་བའི་དུས་ཅུང་སྔ་བ་དང་རྒྱུན་འཁྱོངས་དུས་ཡུན་ཆེས་རིང་བ། རོགས་རམ་མ་དངུལ་ཆེས་མང་བ།  ཤུགས་རྐྱེན་ཐེབས་ཤུགས་ཆེས་ཆེ་བའི་དགེ་བའི་རྣམ་གྲངས་ཞིག་ཡིན་ལ།  2004ལོར་ཧོང་ཀང་སློབ་འབྲིང་དུ་ཉི་འོད་འཛིན་གྲྭ་དང་པོ་བཙུགས་པ་ནས་བཟུང་།  ཀུང་སི་དེས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར31གི་སློབ་གྲྭ89རུ་ཉི་འོད་འཛིན་གྲྭ417བཙུགས་ཡོད་པ་དང་།  ཉི་འོད་འཛིན་གྲྭ་དེ་ལ་སྤྱི་ཚོགས་ཀྱི་ཕན་ཁེ་ཡག་པོ་དང་སྐད་གྲགས་ཚད་ཀྱིས་སྔ་རྗེས་སུ་ཀྲུང་གོའི་སྲིད་གཞུང་དགེ་བའི་ཁོངས་ཀྱི་ཆེས་མཐོ་བའི་བྱ་དགའ་སྟེ་ཀྲུང་ཧྭའི་དགེ་བའི་བྱ་དགའ་ཐེངས་གསུམ་ཐོབ་མྱོང་པ་རེད།

གུང་གཞོན་ཚོགས་པ་བདེ་ཆེན་ཁུལ་ཨུའི་འགན་ཁུར་མི་སྣ་དང་།  བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གི་འགན་ཁུར་བ་དང་ཉི་འོད་འཛིན་གྲྭའི་སློབ་མ150སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།