ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་མཛེས་བཟོ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོའི་ཚུན་དུ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤུས་ཚད་དང་ནང་དོན་དམ་འཛིན་བྱ་རྒྱུ་གཞིར་བྱས་པས།སྐྱེ་ཁམས་སྔོན་བཞག་རྒྱུན་འཁྱོངས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཐུན་སྦྱོར་འཕེལ་རྒྱས་གཙིགས་སུ་བཟུང་ནས། ཤུགས་ཡོངས་ཀྱིས་འཚོ་སྡོད་དང་ལས་གཉེར། ཡུལ་སྐོར་བདེ་བའི་འཚོ་སྡོད་ཁོར་ཡུག་སྐྲུན་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་མུ་མཐུད་དུ་མཛེས་བཟོ་བྱས་པ་རེད།

ན་ནིང་ཚུན་དུ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་གྲོང་ཁྱེར་སྤྱིའི་འཆར་འགོད་སྒྲིག་གཞིའི་ལས་དོན་སྤེལ་འགོ་ཚུགས་པ་དང་། གོམ་གང་མདུན་སྤོས་ཀྱིས་གྲོང་ཁྱེར་དོ་དམ་གྱི་ལས་དོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཤམ་བྷ་ལ་སྤྱི་གླིང་སོགས་ཀྱི་རྣམ་གྲངས་བདེ་བླག་ངང་སྐུལ་འདེད་བྱས་པ།  བཅའ་ཁྲིམས་ལྟར་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ནས།  《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྲོང་ཁྱེར་དོ་དམ་སྲོལ་ཡིག》དངོས་སུ་འགྲེམ་གཏོང་དང་ལག་བསྟར་བྱས་པ། གྲོང་ཁྱེར་དཔལ་ཡོན་ཅན་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་པའི་“དྲུག་ལྡན་གྲོང་ཁྱེར་མཉམ་གཏོད་”ཀྱི་ལས་ཀ་ལ་སྐུལ་འདེད་བྱས་ནས། རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་གྱི་ནང་མིང་ཚུད་ནས། ཡུན་ནན་ཞིང་ཆེན་གྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་འཛུགས་སྐྲུན་གྱི་དམིགས་ཡུལ་མངོན་འགྱུར་བྱུང་བ་དང་། ཞིང་ཆེན་རིམ་པའི་སྐྱེད་ཚལ་གྲོང་ཁྱེར་འདི་ཉིད་ཞིང་ཆེན་རིམ་པའི་རིགས་གཅིག་མཁས་ཅན་གྱིས་ཐོག་མའི་དཔྱད་འདེམས་བརྒྱུད་ཟིན་པ་རེད།

མིག་སྔར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཤང་གྲོང་སྤྱིའི་འཆར་འགོད་སྒྲིག་གཞི3དང་གྲོང་སྡེ42ཀྱི་འཆར་འགོད་སྒྲིག་གཞི་ལས་ཀ་ལེགས་འགྲུབ་བྱུང་ཡོད་པ་རེད། བརྟན་བརླིང་ངང་ཤང་གྲོང་ཁོར་ཡུག་ཕྱོགས་བསྡུས་ལེགས་བཅོས་ཏེ་གཙང་མ་གསུམ་དང་གྲལ་དག་གསུམ། ཡོད་པ་གསུམ་གྱི་བྱ་འགུལ་སྤེལ་བཞིན་པ། གྲོང་ཚོའི་ཉེན་ཡོད་ཁང་བ་བཟོ་བཅོས་བྱས་པའི་དུད་ཁྱིམ99དང་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ཀྱི་དུད་ཁྱིམ9640ཡོད་པས་སྤྱིའི་མ་དངུལ་སྒོར་ཁྲི6937.5གཏོང་ཡོད་པ་རེད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཤུགས་ཡོངས་ཀྱིས་ནགས་བརྒྱའི་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པ་མ་ཟད།གཏིང་ཟབ་ཀྱིས་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། འགྱིག་སྙིགས་བཀག་འགོག་བྱ་སྤྱོད་མུ་མཐུད་དུ་སྤེལ་བ་རེད། །    

རྩོམ་སྒྲིག་པ། : ཀླུ་མོ་མཚོ།