ཀྲུང་གོ་བོད་ཀྱི་དྲ་བ།

ཁྲི་བརྒྱའི་ནགས་ཚལ་ལས་གྲྭས་སེམས་ཀྱི་ཉི་ཟླའི་སྐྱེ་ཁམས་མཛེས་སྡུག་ཅན་དུ་བསྐྲུན་པ།

ཡོང་ཁུངས། : བདེ་ཆེན་བོད་ཡིག་ཚགས་པར།     སྤེལ་དུས། : 2019-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  དཔྱིད་ཟླ་གསུམ་པར་གང་སར་སྐྱེ་སྟོབས་ཀྱི་དཔལ་མངོན་འདུག     ལྔ་ཤོག་ཤང་གི་ཆུ་འགྲམ་དང་གཞུང་ལམ་གྱི་ལམ་རྒྱུད་དུ་སྐྱེ་ཁམས་ནགས་སྲུང་བ་དང་།   ལས་ཁུངས་ཀྱི་གྲོང་གསེབ་ན་ཡོད་པའི་ཏང་ཡོན།  བུད་མེད་མཉམ་འབྲེལ་ལྷན་ཚོགས། གུང་གཞོན་ཚོགས་མི།   སྟོང་སྐུལ་ལས་དོན་ཚོ་ཆུང་བཅས་ཀྱི་མི་སྣ500ལྷག་གིས་ས་དོང་བརྐོ་བ་དང་།    དོང་ནང་ལ་ཆུ་ལྡུག་པ་སོགས་ཀྱི་ལས་ཀར་བྲེལ་ནས།   ཆུ་འགྲམ་དང་།   ལ་རྒོད།   ར་བ་སོགས་ཀྱི་གནས་སུ་ལྕང་སྡོང་དང་གསོམ་སྡོང12000ལྷག་བཙུགས།

ཟླ3པ་ནས་བཟུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས2019ལོའི་ཁྲི་བརྒྱའི་ནགས་ཚལ་ལས་གྲྭ་དེ་ཤང་དང་གྲོང་རྡལ་སོ་སོ་རུ་ཁྱོན་ཡོངས་ནས་སྤེལ་ཡོད། 2019 ལོའི་ལོ་འཁོར་གྱི་དམིགས་ཚད་བཏོན་པ་སྟེ། ཤང་དང་གྲོང་རྡལ་སོ་སོས་ནགས་བཟོ་སྔོ་འགྱུར་མུའུ1866དང་།   སྡོང་ཕྲུག་རྐང་ཁྲི10འཛུགས་པ།    གྲོང་ཁྱེར་ཡོངས་སུ་ཁྱོན་བསྡོམས་ནགས་བཟོ་སྔོ་འགྱུར་མུའུ20526དང་། སྡོང་ཕྲུག་རྐང་ཁྲི110བཙུགས་ཏེ་ལྗང་བསྒྱུར་འཕེལ་རྒྱས་དང་།   འཁོར་རྒྱུག་ཅན་གྱི་འཕེལ་རྒྱས།   ཐཱན་ཉུང་བ་ཅན་གྱི་འཕེལ་རྒྱས་བཅས་ལ་སྐུལ་སྤེལ་གཏོང་བར་ཤུགས་རྒྱག་རྒྱུ་ཡིན་ལ།   སྐྱེ་ཁམས་མཛེས་ཤིང་ལེགས་པའི་སེམས་ཀྱི་ཉི་ཟླ་བསྐྲུན་ནས།   བདེ་ཆེན་ནི་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་བོད་ཁུལ་བསྐྲུན་པར་རོགས་ཤུགས་གནང་རྒྱུ་རེད།   དེ་དང་ཆབས་ཅིག    ཅིན་ཅང་གྲོང་རྡལ་དུ་ཡང་སྡོང་ཕྲུག་རྐང་རེ་རེ་བཙུགས་ནས་དཔྱིད་ཀྱི་རང་མདངས་ཁྲོད་གསོན་ཤུགས་རྒྱས་ཡོད།   ཟླ་གཅིག་གི་རིང་ལ།   ཅིན་ཅང་གྲོང་རྡལ་གྱིས་ལས་བྱེད་པ་དང་མང་ཚོགས་སྟོང་གཅིག་རྩ་འཛུགས་བྱས་ནས།  འོས་འགན་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་ཡོད་ལ།   ལྗང་མདོག་གི་ཡུལ་ལྗོངས་བསྐྲུན་པ་ལ་ཐོག་མའི་རྣམ་པ་མངོན་ཡོད་པ་རེད།   

2017ལོ་ནས་བཟུང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྡོང་འཛུགས་ནགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི་རྨང་གཞིའི་འཛུགས་སྐྲུན་དང་། མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ།    དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་ཟུང་འབྲེལ་དམ་ཚགས་བྱས་ནས་གྲོང་གསེབ་ཀྱི་ཡུལ་ལྗོངས་སྤྱི་ཡོངས་ཀྱི་གཟུགས་བརྙན་མཐོར་འདེགས་བཏང་ཡོད།   ཏན་ཏིག་གིས་གྲོང་ཚོ་ཚང་མར་ལྗང་མདོག་དང།   གྲོང་ཚོ་ཚང་མ་མཛེས་སྡུག་ལྡན་པར་འགྱུར་བར་བྱས་ཏེ།  སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་པར་སྐྱེ་ཁམས་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱས་ཡོད།  དཔལ་འབྱོར་གྱི་ཁེ་ཕན་ལྡན་པའི་ཤིང་སྡོང་བཙུགས་ནས།  དཔལ་འབྱོར་གྱི་ཁེ་ཕན་ལྡན་པའི་ཤིང་སྡོང་ནི་གྲོང་གསེབ་དར་རྒྱས་དང་། ཞིང་སྐུལ་འབབ་འཕར་གྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཡོད། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཚོང་ཟོག་གི་རིན་ཐང་ཆེན་པོ་ཡོད་པ་དང་། ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་བ། འཕྲོད་པའི་རང་བཞིན་ཆེ་བ།  ཐོན་འབབ་ལེགས་པའི་ཤིང་སྡོང་བཙུགས་ནས། རི་རྒོད་སྔོ་འགྱུར་དང་།  ཁྱད་ཆོས་ལྡན་པའི་ཤིང་སྡོང་འཛུགས་པ།   ཁེ་ཕན་ཡོད་པའི་ཤིང་སྡོང་འཛུགས་པ་སོགས་བྱས་ཡོད། རྨོ་བསྐྱུར་ནགས་གསོ་ལས་དེ་སྐྱེ་ཁམས་དཔལ་ཡོན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་ལས་དོན་ལ་སྐུལ་སྤེལ་གཏོང་བར་བརྩིས་ནས། ནུས་ལྡནགྱིས་དབུལ་ཕོངས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་ནུས་པ་ཐོན་ཡོད་པ་དང་།    དོན་དངོས་ཐོག་སྐྱེ་ཁམས་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་དམ་ཚགས་ཡོང་ཡོད།  

གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་གྱི་གཞོགས་གཉིས་སུ་ཤིང་འཛུགས་བྱེད་སྒོ་སྤེལ་ནས། ནུས་ཤུགས་ཡོད་རྒུས་ཤར་བགྲོད་དང་། ཉེན་ཁ་མེད་པ།   བག་ཕེབས་པ།   མཛེས་སྡུག་ལྡན་པ།    སྐྱེ་ཁམས་ཡིན་པའི་གཞུང་ལམ་ཤར་བགྲོད་ཀྱི་ཁོར་ཡུག་ཅིག་བསྐྲུན་ཡོད།      ད་དུང་གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་ལས་བཟོ་བ་དང་། གཞོན་ནུ་ལོ་ཆུང་སློབ་མ།   རྒྱ་ཆེའི་མང་ཚོགས་སོགས་སྐུལ་སློང་བྱས་ནས་ཤིང་འཛུགས་ནགས་བཟོའི་འོས་འགན་ཕྲག་ཏུ་བླངས་ཡོད།   རྒྱུན་ཆད་མེད་པར་དམངས་ཡོངས་ཀྱི་སྔོ་འགྱུར་གྱི་འདུ་ཤེས་དང་།   དཔལ་ཡོན་གྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་ཡོད།   སྐྱེ་ཁམས་ཤིང་སྡོང་བཙུགས་ནས།     རྒྱལ་ཡོངས་བོད་ཁུལ་སྣོད་བཅུད་དཔལ་ཡོན་སྲུང་སྐྱོང་འཛུགས་པའི་དམིགས་ཚད་ལ་ཟུང་འབྲེལ་བྱས་ནས་ད་ཡོད་ཀྱི་ནགས་ཚལ་སྐྱེ་ཁམས་ཐོན་ཁུངས་ལ་སྲུང་སྐྱོང་གང་ལེགས་བྱས་ཡོད།  སྐྱེ་ཁམས་ཁོར་ཡུག་གི་དགེ་མཚན་དེ་སྐྱེ་ཁམས་དཔལ་འབྱོར་གྱི་དགེ་མཚན་ཅན་དུ་བསྒྱུར་ཡོད།   

རྒྱུས་ལོན་བྱུང་བ་ལྟར་ན། 20017ལོར་གྲོང་ཁྱེར་ཡོངས་ཀྱིས་ནགས་མུའུ་ཁྲི3.58ལ་སྡོང་ཕྲུག་རྐང་ཁྲི130བཙུགས་ཚར་ལ།2018ལོར་མུའུ་ཁྲི3.23ལ་སྡོང་ཕྲུག་ཁྲི152.7བཙུགས་ཚར་ཡོད། །                

རྩོམ་སྒྲིག་པ། : ཀླུ་མོ་མཚོ།