ཀྲུང་གོ་བོད་ཀྱི་དྲ་བ།

ཆི་ཅན་ཞིན་ཀྲུང་གོ་མི་དམངས་དངུལ་ཁང་བདེ་ཆེན་ཁུལ་ལྟེ་བའི་ཡན་ལག་དངུལ་ཁང་དུ་བརྟག་ཞིབ་ཏུ་ཕེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2019-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།



ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་4པའི་ཚེས་10ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཆི་ཅན་ཞིན་ཀྲུང་གོ་མི་དམངས་དངུལ་ཁང་བདེ་ཆེན་ཁུལ་ལྟེ་བའི་ཡན་ལག་དངུལ་ཁང་དུ་བརྟག་ཞིབ་གནང་བ་དང་བཞུགས་མོལ་ཚོགས་འདུ་འཚོགས། ཁུལ་མི་དམངས་དངུལ་ཁང་གི་འགན་འཁུར་བས་སྙན་ཞུ་བྱས་པའི་འབྲེལ་ཡོད་ལས་དོན་ལ་ཐུགས་གསན་གནང་། ཆི་ཅན་ཞིན་གྱིས་ཁུལ་མི་དམངས་དངུལ་ཁང་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་དངུལ་རྩའི་སྒྲིག་གཞིས་དུས་ཡུན་རིང་པོའི་ནང་ས་གནས་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་དངུལ་རྩའི་སྒྲིག་གཞིའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་ལ། བདེ་ཆེན་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མུ་མཐུད་དུ་རྒྱབ་སྐྱོར་དང་། མཛེས་སྡུག་གི་བོད་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། བདེ་ཆེན་བོད་རིགས་ས་ཁུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དབྱང་ཀྲིན་དབྱི་དང་དྲུང་ཡིག་ཆེན་མོ་ཁྲེན་ཕིང་གཉིས་ཀྱིས་ཕེབས་རོགས་ཞུས་པ་རེད།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།