ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་ཆུ་བེད་འཛུགས་སྐྲུན་ཐད་མ་དངུལ་གཏོང་བའི་ཤུགས་ཆེ་རུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོར། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་ཡོངས་ཀྱི་ཆུ་དོན་སྡེ་ཁག་གིས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ལྟེ་བའི་ལས་དོན་དང་དམིགས་འབེན་ལས་འགན་ལ་དམིགས་ནས། ཁྲིམས་ལྟར་བཞུར་ཆུ་བཅོས་སྒྲིག་དང་བསྒྱུར་བཅོས་གཏིང་ཟབ། དམངས་འཚོ་འབུར་ཐོན། འཕེལ་རྒྱས་མྱུར་སྤེལ་བཅས་ཀྱི་སྤྱིའི་བསམ་བློ་ལྟར་ཏན་ཏིག་གིས་ཆུ་བེད་ཀྱིས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ་རེད། 

ཆུ་བེད་ཐད་མ་དངུལ་བཏང་བ་དམ་འཛིན་བྱས་པ། 2018ལོར། ཁུལ་ཡོངས་ཀྱིས་ཆུ་བེད་ལས་གཞིའི་ཆེད་སྤྱོད་མ་དངུལ་སྒོར་ཁྲི96144བཏང་ཞིང་། ཆུ་བེད་གཏན་འཇགས་མ་དངུལ་སྒོར་ཁྲི50259སླེབས་པ་ལེགས་འགྲུབ་བྱུང་ལ། ཁུལ་སྲིད་གཞུང་གིས་བཞག་པའི་ལས་འགན་དངུལ་གྲངས་སྒོར་ཁྲི52440ལས95.8%ཡི་ལས་འགན་ལེགས་འགྲུབ་བྱུང་བ་རེད། ལོ་སྔོན་མའི་ནང་ཡང་ཐང་ཆུ་མཛོད་དང་ཁང་གསར་ཆུ་མཛོད་ཀྱི་འཛུགས་སྐྲུན་ལས་ཀ་གཞི་རྩའི་སྟེང་ལེགས་འགྲུབ་བྱུང་ཞིང་། སྤྱིའི་ཆ་ནས་ཞིབ་བཤེར་རྩིས་ལེན་གྱི་དུས་རིམ་དུ་སླེབས་ཡོད་པ་རེད། 

དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀ་དམ་འཛིན་བྱས་པ། ལོ་སྔོན་མར་བདེ་ཆེན་ཁུལ་གྱི་ཆུ་བེད་སྡེ་ཁག་གིས་མིའི་འཐུང་ཆུ་དང་ས་ཞིང་གི་ཡུར་ཆུ་སྟེ་གཙོ་གནད་གཉིས་དམ་འཛིན་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་ཞབས་ཞུ་བསྒྲུབས་པ་རེད། བོད་ཁུལ་ཇུས་འགོད་དང་ཤིན་ཏུ་དབུལ་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཇུས་འགོད་བེད་སྤྱོད་འཐུས་འཚང་གིས། གོང་རིམ་གྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི2400བརྩོན་ལེན་བྱས་ཏེ། རྫོང་སོ་སོ་དང་གྲོང་ཁྱེར་གྱི་ཞིང་བའི་མ་དངུལ་དང་མཉམ་སྒྲིལ་བྱས་ནས་སྒོར་ཁྲི8520ཞིང་སྡེའི་བདེ་འཇགས་འཐུང་ཆུའི་ལས་གྲྭ་གཏན་འཇགས་གོང་སྤེལ་ཐད་བཀོལ་བ་རེད། ལོ་སྔོན་མའི་ནང་ཆུ་ལོག་གི་གཏོར་བཤིག་གནོད་སྐྱོན་ཚབ་ཆེན་བཟོས་པ་སྟེ། འབྲི་ཆུའི་བཀག་ཆུའི་ཆུ་ལོག་གིས་གཙང་འགྲམ་གྱི་མང་ཚོགས་ལ་གནོད་སྐྱོན་ཚབ་ཆེན་བཟོས་ལ། ཞིང་སྡེའི་འཇགས་འཐུང་ཆུར་ཤུགས་རྐྱེན་ཚབས་ཆེན་ཐེབས། དེ་ཕྱིར་ཞིང་སྡེའི་བདེ་འཇགས་འཐུང་ཆུར་ཁག་ཐེག་བྱེད་ཆེད་སྔ་རྗེས་ལས་གྲྭ་སྐོར་ཁག་གསུམ་མངགས་ནས་ཞིང་སྡེའི་ཆུ་བེད་བདེ་འཇགས་ཀྱི་སྒྲིག་ཆས261བཟོ་བཅོས་བརྒྱབ་པ་རེད།  

ཇུས་འགོད་ཀྱི་སྔོན་འགྲོ་ལས་ཀ་དམ་འཛིན་བྱས་པ། ལོ་སྔ་ཚན་བཅོ་ལྔའི་ཆུ་བེད་འཕེལ་རྒྱས་ཀྱི་ཇུས་འགོད་དང་རྒྱལ་ཁབ་ཀྱིས་བོད་ཁུལ་འཕེལ་རྒྱས་གཏོང་བའི་ཇུས་འགོད། ས་ཁུལ་གསུམ་དང་ཁུལ་གསུམ་གྱི་ཤིན་ཏུ་དབུལ་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཇུས་འགོད་བཅས་ལ་དམིགས་ནས། མངོན་འགྲོའི་ལས་ཀའི་ཤུགས་སྣོད་དང་ལས་གཞི་གསོག་ཉར་ཡག་པོ་བསྒྲུབ་ཅིང་། ནུས་ཤུགས་ཡོད་རྒུས་ཆུ་བེད་ལས་གྲྭའི་ལས་གཞི་གསོག་ཉར་གྱིས་མི་འདང་བའི་གནད་དོན་སེལ་ཐབས་བྱས་ནས། སྔོན་འགྲོའི་ལས་ཀ་གཏིང་ཟབ་དང་ཏན་ཏིག་ཡོང་བ་བྱས། །   

རྩོམ་སྒྲིག་པ། : ཀླུ་མོ་མཚོ།