ཉི་མ་ཐར་གྱི་བརྙན་པར་བདམས་བཀོད། ཁག་དང་པོ།



ཉི་མ་ཐར།གཅན་ཚ་རྫོང་ཉ་མོ་དགུ་རོང་ཚང་དུ་སྐྱེས།མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭ་དང་མཚོ་སྔོན་མི་རིགས་དགེ་འོས་སློབ་གླིང་བོད་སྐད་ཡིག་སྡེ་ཁག་སོགས་འགྲིམས།1993ལོ་ནས་གུང་གཞོན་ཚོགས་པ་མཚོ་ལྷོ་ཁུལ་ཨུ་ནས་བྱ་བའི་ལས་གནས་སུ་ཞུགས་ཤིང་། 2000ལོ་ནས་ད་བར་དུ་གཅན་ཚ་རྫོང་རིག་གནས་ཁང་དུ་བྱ་བ་སྒྲུབ། ད་ལྟ་བྱ་བའི་དགོས་དབང་གིས་བོད་ཀྱི་དམངས་སྲོལ་རིག་གནས་ཀྱི་ལས་ཀ་གཉེར་བཞིན་ཡོད་ལ། གློག་བརྙན་བརྙན་འཕྲིན་གྱི་ཕབ་སྐྲུན། འཁྲབ་ཁྲིད། འཁྲབ་སྟོན་སོགས་བྱས་ཤིང་། བོད་ཞབས་བྲོའི་སྒྲིག་ཁྲིད་དང་རོལ་མོའི་དཀྲོལ་ལེན། གཞས་གདངས་དང་གཞས་ཚིག་རྩོམ་པའི་ལས་ཀར་ཞུགས་མྱོང་། ཁྱད་པར་དུ་ཕ་ཡུལ་གྱི་གཡང་མདའ་དང་མདའ་སྟོན་རིག་གནས་ལས་གཞན་བོད་གྱི་འདོན་རྟ་དབྱངས་དང་། སྲོལ་རྒྱུན་ལག་ཤེས་སོགས་རིག་གནས་ལས་གཞི་གང་མང་ལས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རིག་གནས་ལས་གཞི་གལ་ཆེན་གྱི་གྲས་སུ་ཚུད་དུ་བཅུག་ཡོད། ལས་ཀའི་ཞོར་ནས་བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་དང་པར་ལེན་པར་སྤྲོ་འདུན་མི་དམན་པ་སྐྱེས། ད་བར་མཚོ་སྔོན་ཞིང་ཆེན་གློག་བརྙན་བརྙན་འཕྲིན་མཐུན་ཚོགས་དང་ཡིག་གཟུགས་མཐུན་ཚོགས། རྨ་ལྷོ་ཁུལ་པར་ལེན་མཐུན་ཚོགས་བཅས་ཀྱི་ཚོགས་མི་ཡིན་ལ། གཅན་ཚ་རྫོང་སྲིད་གྲོས་སྐབས་བཅུ་བའི་རྒྱུན་ལས་ཨུ་ཡོན་དང་རྨ་ལྷོ་ཁུལ་དམངས་ཆེན་སྐབས་བཅོ་ལྔ་བའི་འཐུས་མི།

དཔྱད་མཆན 0 ཡོད།