2017ལོའི་ལོ་སར་ཤིས་ཚིག

 43.jpg

དུས་ཀྱི་འཁོར་འགྲོས་དང་བསྟུན་ནས2017ལོའི་གནམ་ལོ་གསར་བ་བསུ་བར་ངེད་ཀྲུང་གོ་བོད་ཀྱི་དྲ་བས་ཁྱེད་རྣམ་པར་ལྷག་བསམ་ཟོལ་མེད་ཀྱིས་བཀྲ་ཤིས་པའི་སྨོན་འདུན་དང་བཅས། བོད་ཀྱི་རིག་གནས་དང་འབྲེལ་ཏེ་བཅར་འདྲི་དང་རིག་རྩལ། ལོ་སར་དགོང་ཚོགས་བཅས་ཕུན་སུམ་ཚོགས་པ་ཤིག་རྒྱལ་ཁབ་ཕྱི་ནང་གི་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྤྱན་སྔར་ཕུལ་ཡོད། ཀྲུང་གོ་བོད་ཀྱི་དྲ་བ་ནི་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་གཙོ་སྒྲུབ་གནང་ཞིང་། སྣ་འཛོམས་རང་བཞིན་དང་དབང་གྲགས་རང་བཞིན། ཞབས་ཞུ་རང་བཞིན་བཅས་གཞི་གཅིག་ཏུ་འདུས་པའི་གསར་འགྱུར་དྲ་ཚིགས་ཤིག་ཡིན། དམིགས་ཡུལ་ནི་ཡང་དག་པའི་གསར་འགྱུར་གླེང་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དུས་ལྟར་ཏང་གི་མི་རིགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཡང་དག་པའི་སྒོ་ནས་རྒྱ་ཆེའི་བོད་རིགས་མང་ཚོགས་ལ་བརྒྱུད་སྒྲོག་བྱེད་པའི་དུས་མཚུངས་སུ། འཛམ་གླིང་ལ་ཁ་ཕྱོགས་ཏེ་བོད་ཀྱི་རིག་གནས་དང་བོད་ཁུལ་གྱི་རང་བྱུང་མཛེས་ལྗོངས་མཚམས་སྦྱོར་བྱེད་པ་དང་། རོང་འབྲོག་པ་མང་ཚོགས་ལ་དབུལ་ཐར་ཕྱུག་བསྒྱུར་གྱི་ཆ་འཕྲིན་མཁོ་འདོན་བྱེད་པ་ཡིན།

འདས་མ་ཐག་པའི2016ལོ་ནི་ཀྲུང་གོའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ཡིན་པ་མ་ཟད། ཀྲུང་གོ་བོད་ཀྱི་དྲ་བར་མཚོན་ནའང་གྲུབ་འབྲས་ཀྱིས་བལྟམས་པའི་ལོ་ཤིག་ཡིན་ཏེ། ངེད་དྲ་བས་ཐོག་དང་པོར་བརྙན་ཐུང《སོག་རྫོང་རྩྭ་ཐང་གི་ཕོ་རྒོད》ཕབ་སྐྲུན་བྱས་ཏེ་ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་ཡིས་གདེངས་འཇོག་དང་གཟེངས་བསྟོད་ཐོབ་ལ། གསར་དུ་བཙུགས་པའི་མཁས་པའི་གླེང་སྟེགས་དང་རོལ་མོའི་ལེ་ཚན་ལ་རྒྱ་ཆེའི་དྲ་གྲོགས་རྣམ་པས་དོ་སྣང་དང་དགའ་བསུ་ཚད་མེད་ཐོབ་ཡོད། མ་ཟད་ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན་སྟེགས་ལ་བོད་ཁུལ་དང་འབྲེལ་བའི་རིག་གནས་སྨྱན་བྱད་འཕྲིན་སྟེགས་ལས་ཨང་བཞི་བའི་གྲུབ་འབྲས་ཐོབ་ཡོད།

2006ལོར་བཙུགས་པའི་ཀྲུང་གོ་བོད་ཀྱི་དྲ་བས་ལོ་ངོ11རིང་དཀའ་སྤྱད་འབད་བརྩོན་བརྒྱུད་དེ་ད་ལྟ་སྒེར་ཚུགས་ཀྱིས་ནར་སོན་ཞིང་། མ་འོངས་བར་ཀྱང་ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་སྨྱན་བྱད་གླེང་ཕྱོགས་རྒྱུན་བསྐྱངས་ཏེ། མུ་མཐུད་དུ་བོད་ཀྱི་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གྱི་ཐད་ལ་འབད་བརྩོན་བྱ་རྒྱུ་ཡིན།

མཇུག་མཐར་ངེད་ཀྲུང་གོ་བོད་ཀྱི་དྲ་བའི་ལས་མི་ཡོངས་ཀྱིས་གཞིས་བྱེས་བོད་རིགས་སྤུན་ཟླ་དང་དྲ་གྲོགས་ཡོངས་ལ་གནམ་ལོ་གསར་བའི་ནང་དུ་བྱ་བ་ལམ་འགྲོ་ཡོང་བ་དང་ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ།  བཀྲ་ཤིས་བདེ་ལེགས། །

---ཀྲུང་གོ་བོད་ཀྱི་དྲ་བའི་ལས་མི་ཡོངས་ནས།

67Z58PICIwj_1024.jpg

 当时针指向2017年,伴您走进新年的,有我们的祝福;也有我们为您提供的更多新闻资讯和丰富的藏文化知识。中国藏族网通,这个由青海日报社主办集综合性、权威性、服务性于一体新闻门户网站,其实并不高冷、也不抽象。旨在坚持正确的舆论导向,及时准确地编辑、翻译、发布党的民族宗教政策和国家的法律法规,客观真实地报道广大藏族地区的新闻资讯,向世界全面介绍博大精深的藏族文化,以及青藏高原壮美的人文景观、厚重的历史文化和丰富的自然资源,并为农牧民群众提供脱贫致富信息。

刚刚走过的2016年,是中国藏族网通继往开来的一年。这一年我们努力创新,首次拍摄微电影《蒙旗赤子》,从构思到拍摄制作堪称创造了报人涉足微电影的奇迹,荣获首届中国报业微电影短视频大赛优秀创作奖。首次开创了藏区名人专访栏目,受到广大网友的关注及热爱。

《中国藏族网通》官微在全国藏语微信公众号排名中,取得第四名的佳绩。“志行万里者,不中道而辍足。”因为辞旧变得日益负重,所以迎新才会愈发沉着。我们持之以恒所坚守的,一直都是用有思想、有温度的好内容和好服务,一起推动我们理想中的“互联网+”时代。

2006年开通的中国藏族网通已走过了11年的风雨历程。不忘初心,追逐梦想,我们保持进取心;不忘初心,追逐梦想,我们保持自信心;不忘初心,追逐梦想,我们保持平常心。

这一年,要说的话还有很多很多;这一年,我们衷心感谢一直以来支持和关注中国藏族网通的所有网民,并祝福广大网民新年快乐,扎西德勒!

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།