པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་གི་མཛད་རྗེས།

པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་གི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་རིག་གཞུང་དར་སྤེལ་སྐོར་ལ་གནང་བའི་མཛད་རྗེས་སྐོར།
    པཎ་ཆེན་རིན་པོ་ཆེ་མཆོག་གིས་སྔོན་མ་རྟག་པར་གསུངས་དོན།  བོད་རྗེས་ལུས་ཀྱི་རྣམ་པ་འདི་མ་བསྒྱུར་ན་ང་གཉིད་མི་འོང་གི་ཞེས་གསུངས་པ་ལྟར།  ང་ཚོ་བོད་རྗེས་ལུས་ཀྱི་རྣམ་པ་འདི་བསྒྱུར་དགོས་ན་ངེས་པར་དུ་གལ་ཆེན་ནང་གི་དོན་ཆེན་པོ་དེ་དཔལ་འབྱོར་འཕེལ་རྒྱས་དང་རིག་གཞུང་དར་སྤེལ་དུ་གཏོང་རྒྱུ་དེ་གནད་འགག་ལ་ཐུག་ཡོད་པ་རེད།  དཔེར་ན་རྒྱལ་ཁབ་ཞིག་ལ་མཚོན་ན།  རྒྱལ་ཁབ་དེ་ཡུན་རིང་གནས་ཐུབ་མིན་དང་རྒྱལ་ཁབ་དེ་ལ་བདེ་འཇགས་ཡོད་མེད་སོགས་ཡང་གཙོ་བོ་དཔལ་འབྱོར་འཕེལ་རྒྱས་དང་རིག་གཞུང་དར་སྤེལ་དུ་གཏོང་བ་སོགས་ལ་རག་ལས་ཡོད་པ་རེད།  དེས་ན་ང་ཚོའི་བོད་ཁམས་འདིར་མཚོན་ན་དཔལ་འབྱོར་གྱི་ཐད་ནས་མི་རིགས་གཞན་དང་ས་ཁུལ་གཞན་དག་དང་བསྡུར་ན།  ཆེས་ཧ་ཅང་གི་རྗེས་ལུས་དང་ཧ་ཅང་གི་ཡིད་སྐྱོ་བའི་གནས་སུ་གྱུར་ཡོད།  པཎ་ཆེན་རིན་པོ་ཆེ་མཆོག་གིས་ང་ཚོའི་བོད་མི་རིགས་ཀྱི་འཚོ་བ་སྐྱོ་བོ་ཡིན་པ་དང་དཔལ་འབྱོར་རྗེས་ལུས་ཡིན་པའི་རྣམ་པ་འདི་བསྒྱུར་བའི་ཆེད་དུ་རྟག་པར་ཞལ་གསུངས་མང་དུ་གནང་ཡོད་པ་རེད། 

7.jpg

ཁོང་གིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་རིག་གཞུང་དར་སྤེལ་གཏོང་བའི་ཆེད་དུ་ལག་ལེན་གྱི་སྟེང་ནས་ལས་དོན་གལ་ཆེན་འགའ་སྒྲུབ་པ་གཤམ་གསལ།
དང་པོ།1987-4-15ཉིན་《བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས།》(援助西藏发展基金会)ཀྱི་ཚོགས་འདུ་པེ་ཅིན་དུ་གཟབ་རྒྱས་ངང་ཚོགས་ཏེ་དངོས་སུ་དབུ་བརྙེས།  སྐབས་དེར་ཚོགས་འདུར་ཞུགས་མཁན་ཏང་དང་རྒྱལ་ཁབ་ཀྱི་འགོ་འདྲེན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝུའུ་ལན་ཧྥུ་དང་།  ཞིས་ཀྲུང་ཞོན།  ཐེན་ཇིས་ཡོན།  ཧུའུ་ཆིས་ལིས།  ཁྲིན་མུའུ་ཧྭ།  ཁྲིན་ཕིས་ཞན།  ཡང་ཅིན་རེན།  འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ།  ཀྲོ་ཕུ་ཁྲུའུ།  ཝང་ཧྭ་སོགས་ཞུགས་པ་དང་།   ཝུའུ་ལན་ཧྥུ་ཡིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁང་ཁང་གི་ཚབ་བྱས་ནས་ཚོགས་འདུའི་གཏམ་བཤད་གནང་།  ཐེབས་རྩ་ལྷན་ཚོགས་འདིའི་ཚོགས་གཙོ་ནི་པཎ་ཆེན་རིན་པོ་མཆོག་གིས་ཐེབས་རྩ་ལྷན་ཚོགས་འདི་བཙུགས་པའི་དམིགས་ཡུལ་ནི། བོད་རང་སྐྱོང་ལྗོངས་གཙོ་བྱས་ཟི་ཁྲོན་དང་།  མཚོ་སྔོན།  ཀན་སུའུ།  ཡུན་ནན་བཅས་བོད་རིགས་རང་སྐྱོང་ཁུལ་དང་།  རང་སྐྱོང་རྫོང་བཅས་ཀྱི་བོད་རིགས་ས་ཁུལ་ཁག་གི་དཔལ་འབྱོར་དང་།  རིག་གནས།  སློབ་གསོ།  འཕྲོད་བསྟེན།  ཚན་རིག་ལག་རྩལ།  འཁོར་ཡུག་སྲུང་སྐྱོབ་བཅས་ཡར་རྒྱས་གོང་འཕེལ་དང་།  རྒུད་སྐྱོབ།  དབུལ་སྐྱོར།  དཀའ་ངལ་ཆེ་རིགས་ལ་སློབ་གསོའི་གོ་སྐབས་སྤྲོད་རྒྱུ་བཅས་ཡིན་པ་དང་།  བོད་ཀྱི་ས་ཁུལ་སོ་སོར་སློབ་གྲྭ་མང་དུ་བཙུགས་ནས་བོད་མི་ཡོངས་ཀྱི་ཡིག་རྨོངས་སེལ་ཏེ།  ང་ཚོའི་མི་རབས་རྗེས་མ་རྣམས་ཤེས་ཡོན་ལྡན་པའི་མི་རིགས་ཤིག་ཏུ་བསྒྱུར་རྒྱུ་སོགས་དམིགས་ཡུལ་ཡོད་པ་དང་འཆར་གཞི་ཡོད་པ། འགན་འཁུར་ཡོད་པ་སོགས་ཀྱི་རྩ་འཛུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།ད་དུང་ཕྱི་སྡོད་བོད་རིགས་སྤུན་ཟླ་ལམ་བྲག་རིན་པོ་ཆེ་སོགས་ཐེབས་རྩའི་ལས་འཛིན་པའི་ནང་དུ་ཞུགས་ཡོད།

2.jpg

ཐེབས་རྩ་ལྷན་ཚོགས་ཀྱི་གསར་འགྱུར་བར་སྣེ་ལེན་ཚོགས་འདུ།

1.jpg

ཐེབས་རྩ་ལྷན་ཚོགས་ཀྱི་མཚོན་རྟགས།

   ཐེབས་རྩའི་མ་དངུལ་གྱི་ཡོང་ཁུངས་གཙོ་བོ་ནི།རྒྱལ་ཁབ་ཕྱི་ནང་ཀུན་གྱི་སྤུན་ཟླ་མི་རིགས་ཁག་དང་།  རྒྱལ་སྤྱིའི་སྟེང་གི་མཛའ་འབྲེལ་ཆེ་བའི་མི་སྣ།  སྒྲིག་འཛུགས།  ཚོགས་པ།  སྲིད་གཞུང་།  ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ།  ཤང་ཀང་དང་ཨའོ་མན་གྱི་སྤུན་ཟླ།  ཕྱི་སྡོད་རང་མི་དང་ཚོགས་པ། མི་སྒེར་བཅས་ལ་ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་ལ་རོགས་སྐྱོར་གནང་རྒྱུ་དེ་ཡིན།  ཕྱིའི་རྒྱལ་ཡོ་རོབ་ས་ཁུལ་དང་། བྱང་ཨ་རི། སུད་སེ། སུའུ་ཀྲན། ནོ་ཝེ། འཇར་མན།  ཨ་རི་སོགས་ཀྱི་སྲིད་གཞུང་གི་རྩ་འཛུགས་དང་། ཚོགས་པ། མི་སྒེར།  དེ་དུས་དམངས་སྒོར་ཁྲི་949བྱུང་པ་ལས། དམངས་སྒོར་ཁྲི་60ལྷག་ནུབ་ཕྱོགས་རྒྱལ་ཁབ་ཏུ་ཡོད་པའི་བོད་རིགས་སྤུན་ཟླས་གནང་བ་ཡིན་པར་བཤད། 

16.jpg         འདས་པའི་ལོ་འགའི་རིང་ལ་སུད་བེའི་སི་རྒྱ་གྲམ་དམར་པོའི་ཚོགས་པ་དང་།  འཇར་མན།  ཧོ་ལན།  ཤང་ཀང་།  དབྱིན་ཇི།  ནེ་པ་ལ།  དབྱི་ཀྲ་ལི།  ཀ་ན་ཏྲ།  ཨོ་ཏེ་ལི།  ཨ་རི།  མཉམ་འབྲེལ་རྒྱལ་ཚོགས།  ནོ་ཝུལ།  ཧྥ་རན་སི།  ཐེ་ཝན།  འཇར་པན།  པི་ལི་ཧྲེ་སོགས་རྒྱལ་ཁབ་དང་ཡུལ་ཁག་གི་མཛའ་མཐུན་ཚོགས་པ་མང་པོ་ཞིག་གིས་མ་དངུལ་གྱི་རོགས་སྐྱོར་གང་མང་ཞིག་གནང་ཡོད།  སྤྱི་ལོ་1991ལོའི་ཟླ་6ཚེས་26ཉིན། བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་བདག་དབང་ཡོངས་རྫོགས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྤྲད།
ཐེབས་རྩ་ལྷན་ཚོགས་འདིའི་རོགས་སྐྱོར་ལ་བརྟེན་ནས་ལྷ་ས་དང་།  གཞིས་ཀ་རྩེ།  ལྷོ་ཁ།  ཉིང་ཁྲི།  ཆབ་མདོ།  ཀན་ལྷོ།  མཚོ་སྔོན་ཞིན་ཧྭ་བཅས་སུ་སློབ་ཆུང་དང་འབྲིང་རིམ་སློབ་གྲྭ་བཅས་སུམ་ཅུ་ལྷག་བསྒྲུབས་ཡོད།  1988ལོར་སུད་སེ་རྒྱ་གྲམ་དམར་པོའི་ལྷན་ཚོགས་དང་མཉམ་འབྲེལ་གནང་སྟེ། གཞིས་ཀ་རྩེ་ས་གནས་འཕྲོད་བསྟེན་སློབ་གྲྭ་དང་། གཞིས་རྩེ་རྫོང་སྤན་གཞུང་ཞང་གི་བོད་ཀྱི་གསོ་རིག་སློབ་གྲྭ། ལྷོ་ཁ་རྫོང་གི་འཕྱོང་རྒྱས་སྲོང་བཙན་གསོ་རིག་སློབ་གྲྭ། ཁམས་དར་རྩེ་མདོ་དྭ་ཕྲུག་སློབ་གྲྭ་སོགས་བསྒྲུབས།ད་དུང་ལྷ་ས་དང་།  གཞིས་ཀ་རྩེ། ཆབ་མདོ། ལྷོ་ཁ། དཀར་མཛེས་སོགས་སུ་སྐད་གྲགས་ཡོད་པའི་རིག་དངོས་སྲུང་སྐྱོབ་ཁག་24ལ་རོགས་སྐྱོར་གནང་། 

 དཔེར་ན།  མཚོ་སྔོན་ཞིན་ཧྭའི་བོད་ཡིག་སློབ་འབྲིང་ལྟ་བུར་མཚོན་ན།  1985ལོར་གསར་དུ་བཙུགས་པ་ནས་ད་ལོའི་བར་ལོ་ངོ་སུམ་ཅུའི་རིང་ལ། 

སློབ་གྲྭ་ཆེན་མོ་ལ་མཐོ་རྒྱུགས་འཕྲོད་ཡོད་པ་3800དང་། (专科生、本科生3800人)
        ཞིབ་འཇུག་སློབ་མ་མཐར་ཕྱིན་པ་230དང་། (研究生230人)
       འབུམ་རམས་མཐར་ཕྱིན་པ་30དང་བཅས་ཐོན་ཡོད།(博士生30人)

པཎ་ཆེན་རིན་པོ་མཆོག་གིས་ཐེབས་རྩ་ལྷན་ཚོགས་འདི་བཙུགས་པའི་དམིགས་ཡུལ་ནི། བོད་རང་སྐྱོང་ལྗོངས་གཙོ་བྱས་ཟི་ཁྲོན་དང་།  མཚོ་སྔོན།  ཀན་སུའུ།  ཡུན་ནན་བཅས་བོད་རིགས་རང་སྐྱོང་ཁུལ་དང་།  རང་སྐྱོང་རྫོང་བཅས་ཀྱི་བོད་རིགས་ས་ཁུལ་ཁག་གི་དཔལ་འབྱོར་དང་།  རིག་གནས།  སློབ་གསོ།  འཕྲོད་བསྟེན།  ཚན་རིག་ལག་རྩལ།  འཁོར་ཡུག་སྲུང་སྐྱོབ་བཅས་ཡར་རྒྱས་གོང་འཕེལ་དང་།  རྒུད་སྐྱོབ།  དབུལ་སྐྱོར།  དཀའ་ངལ་ཆེ་རིགས་ལ་སློབ་གསོའི་གོ་སྐབས་སྤྲོད་རྒྱུ་བཅས་ཡིན་པ་དང་།  བོད་ཀྱི་ས་ཁུལ་སོ་སོར་སློབ་གྲྭ་མང་དུ་བཙུགས་ནས་བོད་མི་ཡོངས་ཀྱི་ཡིག་རྨོངས་སེལ་ཏེ།  ང་ཚོའི་མི་རབས་རྗེས་མ་རྣམས་ཤེས་ཡོན་ལྡན་པའི་མི་རིགས་ཤིག་ཏུ་བསྒྱུར་རྒྱུ་སོགས་དམིགས་ཡུལ་ཡོད་པ་དང་འཆར་གཞི་ཡོད་པ། འགན་འཁུར་ཡོད་པ་སོགས་ཀྱི་རྩ་འཛུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།ད་དུང་ཕྱི་སྡོད་བོད་རིགས་སྤུན་ཟླ་ལམ་བྲག་རིན་པོ་ཆེ་སོགས་ཐེབས་རྩའི་ལས་འཛིན་པའི་ནང་དུ་ཞུགས་ཡོད།
     དེ་དག་གི་ནང་དུ་ཨ་རིའི་ཧྭ་ཧྥུ་སློབ་གྲྭ་ཆེན་མོ་ནས་འབུམ་རམས་མཐར་ཕྱིན་པ་གཅིག་དང་།  ནེའུ་ཅིན་སློབ་གྲྭ་ཆེན་མོ་ནས་འབུམ་རམས་མཐར་ཕྱིན་པ་གཅིག།  འཇར་པན་དུང་ཅིན་སློབ་གྲྭ་ཆེན་མོ་ནས་འབུམ་རམས་མཐར་ཕྱིན་པ་གཉིས་དང་།  ཞིབ་འཇུག་སློབ་མ་གཅིག།  པེ་ཅིན་སློབ་གྲྭ་ཆེན་མོ་ནས་འབུམ་རམས་མཐར་ཕྱིན་པ་གཅིག་དང་ཞིབ་འཇུག་སློབ་མ་མཐར་ཕྱིན་པ་གཅིག་བཅས་བྱུང་ཡོད།

3.jpg

སྤྱིར་ཞིན་ཧྭ་རྫོང་ལ་མཚོན་ན་ད་ལོ་བར་བོད་རིགས་ཁྱོན་བསྡོམས་མི་གྲངས་ཁྲི་གསུམ་ཡོད།  དེ་འདྲའི་མི་གྲངས་ཉུང་ཉུང་ཞིག་གི་ནང་ནས་ལོ་ངོ་སུམ་ཅུའི་རིང་ལ།  སློབ་གྲྭ་ཆེན་མོ་ལ་མཐོ་རྒྱུགས་འཕྲོད་པ་དང་ཞིབ་འཇུག་སློབ་མ། འབུམ་རམས་པ་བཅས་འདི་འདྲའི་མང་པོ་ཞིག་ཐོན་ཡོད་པ་དེ་འདྲ་ནི་བོད་ཀྱི་ལོ་རྒྱུས་སྟེང་སྔོན་བྱུང་མ་མྱོང་པའི་གནས་ཚུལ་གལ་ཆེན་ཞིག་རེད།  ད་ལྟ་བོད་མི་སྤྱིའི་བསྡོམས་གྲངས་ཁྲི་དྲུག་བརྒྱ་ཡོད་པ་འདི་ལ་བསྡུར་ཚད་ཀྱི་ཆ་ནས་བཤད་ན།  གནས་ཚུལ་འདི་ནི་ཧ་ལས་དགོས་པ་ཞིག་རེད།

དཔེར་ན་ད་ལྟ་མགོ་ལོག་ཁུལ་ལྟ་བུར་མཚོན་ན།  ཁུལ་ཡོངས་ལ་བོད་རིགས་མི་གྲངས་ཁྲི་བཅོ་བརྒྱད་ལྷག་ཡོད་པ་རེད།  ཡིན་ནའང་2008ལོ་ནས་བསྟུན་མར་ལོ་ངོ་ལྔའི་རིང་ལ་སློབ་གྲྭ་ཆེན་མོའི་བོད་ཡིག་དངོས་གཞིའི་སློབ་མར་མཐོ་རྒྱུགས་མི་གཅིག་གིས་ཀྱང་འཕྲོད་ཡོད་པ་མ་རེད།  ལོ་ངོ་བཅུ་ཕྲག་ཙམ་ཞིག་གི་ནང་ལ་སློབ་གྲྭ་ཆེན་མོའི་བོད་ཡིག་དངོས་གཞིའི་སློབ་མར་མཐོ་རྒྱུགས་འཕྲོད་ཡོད་པ་མི་ལྔ་དང་དྲུག་ཙམ་ལས་མེད།  དེ་ནི་མགོ་ལོག་ཁུལ་ལྟ་བུར་མཚོན་ན་སློབ་གསོའི་ཕམ་ཁ་ཆེན་པོ་ཞིག་རེད།

4.jpg


    འཕྲོད་བསྟེན་གྱི་ཆ་ནས་པཎ་ཆེན་རིན་པོ་ཆེ་མཆོག་གིས་ལྷ་སའི་ལྷོ་ཁ་དང་གཞིས་ཀ་རྩེ་བཅས་སུ་སྲོང་བཙན་བོད་སྨན་གཟབ་སྦྱོང་སློབ་གྲྭ་བཙུགས་ནས།  སྔ་རྗེས་སུ་ཐེངས་བཅུ་གཅིག་ལ་བསྒྲུབས་ཏེ་ཞིང་ཕྱུག་ལས་ས་ཁུལ་དུ་སྨན་པ་བརྒྱ་ཕྲག་འགའ་བསྐྱེད་བསྲིངས་བྱས་ཏེ།  མང་ཚོགས་ནད་པ་དག་ལ་སྨན་བཅོས་དང་བོད་སྨན་བཟོ་གྲྭ་དག་ལ་མ་དངུལ་གྱི་རོགས་སྐྱོར་གནང་།  ད་དུང་ཧྭོ་ལན་རྒྱལ་ཁབ་དང་།  ནེ་པ་ལ།  དབྱི་ཏ་ལི།  ཨ་མེ་རི་ཀ་བཅས་སུ་མིག་ནད་ལིང་ཏོག་གི་ནད་གསོ་བའི་སྨན་པ་གདན་འདྲེན་བྱས་ཏེ།  གཞིས་ཀ་རྩེ་དང་།  ལྷ་ས།  ནག་ཆུ་ས་ཁུལ་བཅས་སུ་རྫོང་ཁག་བཅུ་བཞི་ལྷག་གི་མང་ཚོགས་མིག་ནད་ལིང་ཏོག་གི་ནད་པ་3021རྣམས་ལ་སྨན་རིན་མེད་པའི་སྒོ་ནས་སྨན་བཅོས་དང་བཤགས་བཅོས་བྱས།  ནད་པ་རྣམས་ཀྱིས་ཕྱིའི་འཇིག་རྟེན་མི་མཐོང་བའི་མུན་ནག་གི་ཁམས་ལས་བསྐྱབས་ཏེ་འོད་གསལ་མཐོང་བར་བྱས། 

ད་དུང་ལྷ་ས་དང་།  གཞིས་ཀ་རྩེ།    ཉིང་ཁྲི།ནག་ཆུ། ལྷོ་ཁ།  དཀར་མཛེས་ས་ཁུལ་སོགས་ཀྱི་སྨན་ཁང་དུ་མིག་ནད་གསོ་བའི་སྨན་པ་སུམ་ཅུ་ལྷག་ཕྱི་རྒྱལ་དུ་མངགས་ནས།  རྒྱལ་སྤྱིའི་སྔོན་ཐོན་ཅན་གྱི་མིག་ནད་གསོ་བའི་ལག་རྩལ་ལ་སྦྱངས་བ་དང་།  རིན་གོང་སྒོར་ཁྲི་ཉིས་བརྒྱ་ལྷག་གི་མིག་ནད་གསོ་བའི་སྨན་དཔྱད་འཕྲུལ་ཆས་ཉོས་ནས་སྨན་ཁང་སོ་སོར་ལ་གནང་ཏེ་སྨན་བཅོས་ཀྱི་ཆ་རྐྱེན་བཟང་པོ་བསྐྲུན་པ་རེད།  དེ་སྔ་བོད་མི་རྣམས་རང་ལ་ནད་ཡོད་ཀྱང་སྨན་པ་ལ་སྟོན་མི་ཐུབ་པའི་དཔལ་འབྱོར་གྱི་དཀའ་ཁག་དེ་སེལ་བ་རེད།
ད་དུང་སྤྱི་ཕན་ལས་དོན་60ལྷག་སྒྲུབ་པའི་(公益事业)སྐོར་ལ།  ལྷ་ས་དང་ཡུ་ནན་བཅས་སུ་རྗེ་བཟོད་བསྟན་འཛིན་དྭ་ཕྲུག་གླིང་བཙུགས་པ་དང་།  ལྷ་ས་ནས་བོད་མི་དབང་པོ་སྐྱོན་ཅན་རྣམས་ཀྱི་རང་ཁ་གསོ་བའི་ཆེད་ལག་ཤེས་བཟོ་ལས་སློབ་གྲྭ་ཞིག་བཙུགས་པ།  ད་དུང་དབུས་གཙང་གི་བོད་མི་ལ་ལར་ཡང་ན་ཁྱོ་ག་དང་ཡང་ན་ཆུང་མ་གྲོངས་ཡོད་པའི་ཁྱིམ་ཚང་དཀའ་ཁག་ཅན་རྣམས་ལ་མ་དངུལ་གྱི་རོགས་སྐྱོར་གང་ལེགས་གནང་ཡོད་པ་རེད། 

8.jpg

ད་དུང་ཚན་རིག་གི་ཐོན་སྒོ་འབྱེད་པ་དང་འཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་སྐོར་ལ།ལྷ་སའི་འདམ་གཞུང་ས་ཁུལ་དུ་བོད་ཀྱི་རི་དྭགས་འབྲོང་གི་ཁམས་དཀར་བླངས་ནས་རིགས་རྒྱུད་ལྡེབ་སྦྱོར་གྱི་ས་ཚིགས་ཞིག་བཙུགས་པ་དང་། རི་དྭགས་འབྲོང་ནི་ང་ཚོ་འབྲོག་པ་ས་ཁུལ་གྱི་སྒོ་ཕྱུག་འབྲི་གཡག་དང་བསྡུར་ན་རང་བཞིན་གྱིས་གཟུགས་པོ་ཆེ་བ་དང་ཤ་ཤེད་རྒྱས་པ།  རང་བྱུང་གི་གནོད་པ་གྲང་ངར་སོགས་ལས་རྒྱལ་ཐུབ་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་དུ་ཡོད་པ་རེད།  དེ་བས་པཎ་ཆེན་རིན་པོ་མཆོག་གིས་འབྲོག་པ་མང་ཚོགས་རྣམས་ཀྱི་ཕྱུག་ཟོག་གི་སྤུས་ཀ་ཇེ་ལེགས་སུ་གཏོང་བའི་ཆེད་དུ།  རི་དྭགས་འབྲོང་གི་རྒྱུད་པ་དེ་འབྲོག་པའི་ཕྱུག་ཟོག་གི་ནང་དུ་སྤེལ་ཏེ།  འབྲོག་པ་མང་ཚོགས་རྣམས་ཀྱི་དཔལ་འབྱོར་གྱི་ཐོན་ཁུངས་དང་འཚོ་བའི་ཐད་ལ་ཕན་པ་ངེས་ཅན་ཞིག་ཐོན་ཡོད་པ་རེད།  ད་ལྟ་དབུས་གཙང་དང་ཨ་མདོའི་འབྲོག་པ་ས་ཁུལ་ལ་ལར་འབྲོང་གི་རྒྱུད་པ་དེ་རང་གི་ཕྱུག་ཟོག་གི་ནང་དུ་སྤེལ་ཡོད་དེ།  འབྲོག་པ་རྣམས་ཀྱིས་དེ་ལ་འབྲོང་ཚ་ཟེར་ཀྱིན་ཡོད།

9.jpgཡང་ད་ལྟ་བོད་ཀྱི་ས་ཆ་ལ་ལར་བླ་མ་ཡིན་ཟེར་བ་དང་མཁན་པོ་ཡིན་ཟེར་བ་ལ་ལས་མང་ཚོགས་རྣམས་ལ་ཤ་ཟོས་ན་མི་ཆོག།   སྡིག་པ་བྱས་ན་མི་ཆོག་ཟེར་ནས་དགེ་བཅུའི་ཁྲིམས་དུ་གྲགས་པ་བཟོས་ནས་འབྲོག་པ་མང་ཚོགས་རྣམས་ཀྱི་སྒོ་ཕྱུག་ཚང་མ་མེད་པར་བཏང་བ་དེ་ནི་རྩ་བ་ཉིད་ནས་ནོར་འཁྲུལ་རེད།  དེ་ཡི་འབྲོག་པ་མང་ཚོགས་རྣམས་ཀྱི་དཔལ་འབྱོར་གྱི་ཐོན་ཁུངས་དང་འཚོ་བའི་ཐད་ལ་གནོད་པ་ཆེན་པོ་བཏང་ཡོད།

10.jpgདེ་ནས་པཎ་ཆེན་རིན་པོ་ཆེ་ཁོང་གིས་རི་བོ་ཇོ་མོ་གླང་མའི་མཐའ་སྐོར་ལ་སོགས་པའི་འཁོར་ཡུག་སྲུང་སྐྱོབ་དང་།  ཆབ་མདོའི་ས་ཁུལ་གྱི་ནགས་ཚལ་སྲུང་སྐྱོབ།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་ཀྱི་ས་ཆར་རི་དྭགས་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ལས་དོན་མང་པོ་ཞིག་བསྒྲུབས་ཡོད།

གཉིས་པ། 1987-5-12ཉིན་《བོད་གངས་རྒྱན་དར་སྤེལ་སྤྱི་སྡོམ་མཐུན་གཉེར་ཁང་》(刚坚发展总公司)ཞེས་པ་བཀྲ་ཤིས་ལྷུན་པོར་དངོས་སུ་བཙུགས།  དེ་དུས་བཀྲ་ཤིས་ལྷུན་པོའི་དགོན་གཞུང་ནས་མ་དངུལ་སྒོར་ཁྲི་སུམ་བརྒྱ་བཏང་ནས་“བོད་གངས་རྒྱན་དར་སྤེལ་སྤྱི་སྡོམ་མཐུན་གཉེར་ཁང་”ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་ནི་བཀྲས་ལྷུན་དགོན་གཞུང་ཡིན་པའི་གངས་རྒྱན་ཀུང་ཟི་འདི་བཙུགས་པ་རེད། བོད་ཀྱི་ཆོས་ལུགས་དང་། ཆབ་སྲིད། དཔལ་འབྱོར་བཅས་ཡར་རྒྱས་གོང་འཕེལ་དུ་གཏོང་བའི་ཆེད་དུ། པཎ་ཆེན་རིན་པོ་ཆེ་ཁོང་གིས་དངོས་སུ་གཙོ་འགན་འཁུར་ནས་གངས་རྒྱན་དར་སྤེལ་ཀུང་ཟི་འདི་བཙུགས་པ་ཡིན།(གཤམ་དུ་གངས་རྒྱན་ཀུང་ཟི་ཞེས་བརྗོད་རྒྱུ་ཡིན)བོད་གངས་རྒྱན་དར་སྤེལ་སྤྱི་འདོམས་མཐུན་གཉེར་ཁང་གི་ལྟེ་བའི་ལས་ཁུངས།  ཐོག་མར་གཞིས་རྩེ་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་བཙུགས། རྗེས་ནས་སྐྱིད་སྐྱིད་ན་ཁར་གནས་སྤོ་བྱས།   ཡན་ལག་ཚོང་ཁང་། ཧོང་ཀང་དང་བལ་ཡུལ། སུད་སི་སོགས་ཀྱི་ཕྱི་རྒྱལ་ཡུལ་གྲུ་ཁག་ལའང་གསར་འཛུགས་གནང་ཡོད་པར་བཤད། འདི་ལས་གངས་རྒྱན་ཀུང་ཟི་བོད་ཁམས་ཙམ་དུ་མ་ཟད། རྒྱལ་ནང་དང་ཕྱི་རྒྱལ་ལའང་བཙུགས་ཡོད་པ་གསལ་བོར་རྟོགས།

གངས་རྒྱན་ཀུང་ཟི་འཛུགས་དུས་ཁེ་ལས་དོ་དམ་པ་དང་རྩིས་གཉེར་པ།དྲུང་ཡིག་བཅས་མི་31ལྷག་པེ་ཅིན་སོགས་སུ་གསོ་སྦྱོང་དུ་མངགས་ཤིང་། བདེ་ཆེན་ཕོ་བྲང་དུ་བོད་རྒྱ་དབྱིན་གསུམ་གྱི་ཟབ་སྦྱོང་འཛིགས་གྲྭ་དང་། རླངས་འཁོར་ཁ་ལོ་བའི་འཛིན་གྲྭ། བོད་ཀྱི་རི་མོའི་བཟོ་གྲྭ། ལྷ་བྲིས་འཛིན་གྲྭ། ཤིང་བཟོའི་འཛིན་གྲྭ་སོགས་བཙུགས་ཡོད་ལ། དེ་དག་མཐར་ཕྱིན་རྗེས་ལས་ཁུངས་ཁག་ཏུ་ལས་བགོས་བྱེད་བཞིན་ཡོད་པར་བཤད།  ཀུང་ཟིའི་ཡོང་འབབ་ཀྱིས་དགོན་པ་ཉམས་གསོ་དང་སྐུ་བརྟེན་གསར་བཞེངས་བྱེད་པར་མ་ཟད། སློབ་གཉེར་གནང་མཁན་ལ་རོགས་སྐྱོར་དང་རྒུད་སྐྱོབ་བྱས། ད་དུང་དགའ་ལྡན་དགོན་པ་སྔོན་མ་བཞིན་ཉམས་གསོ་གནང་རྒྱུའི་འཆར་གཞི་ཡང་ཡོད།
ཁོང་གིས་གངས་རྒྱན་ཀུང་ཟི་འདི་བཙུགས་པའི་དམིགས་ཡུལ་ནི།  “གཅིག།   བཀྲ་ཤིས་ལྷུན་པོའི་དཔལ་འབྱོར་གྱི་ཆ་རྐྱེན་རྣམས་ལེགས་བཅོས་གཏོང་རྒྱུ།གཉིས། བོད་ཀྱི་སྤྱི་ཚོགས་སྤྱི་ལ་ཕན་པའི་ཕན་བདེའི་བྱ་བ་དང་། རྒུད་སྐྱོབ་ཀྱི་བྱ་བ། དབུལ་སྐྱོར་ཕྱུག་སྒྱུར་གྱི་བྱ་བ་སྣ་ཚོགས་སྒྲུབ་ནས་བོད་མི་དམངས་ལ་ཐད་ཀར་ཞབས་འདེགས་ཞུ་རྒྱུ།གསུམ།  བོད་ཀྱི་ཚོང་ཟོག་དཔལ་འབྱོར་དང་བཟོ་ཞིང་དཔལ་འབྱོར་གྲ་རྒྱས་ཕུན་སུམ་ཚོགས་པོ་ཡི་ཆེད་དུ་ནུས་པ་འདོན་རྒྱུ།བཞི།ཉེ་ཆར་བཙུགས་པའི་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་བྱ་བཞག་བཅས་ལ་རམ་འདེགས་བྱས་ཏེ།  བོད་ཀྱི་རིག་གནས་དང་སློབ་གསོ།  འཕྲོད་བརྟེན།  ཚན་རིག་ལག་རྩལ་སོགས་ཀྱི་བྱ་བཞག་གོང་དུ་སྤེལ་ནས་རང་རེ་བོད་མི་རིགས་སྔོན་ཐོན་མི་རིགས་ཀྱི་ཚོགས་གྲལ་དུ་ཚུད་པའི་ཆེད་དུ་ལག་རྗེས་འཇོག་རྒྱུ།  ལྔ།  མི་རིགས་མཐུན་སྒྲིལ་ཏེ་བོད་རྒྱ་མི་རིགས་བར་གྱི་མཐུན་སྒྲིལ་དང་།  གྲངས་ཉུང་མི་རིགས་ཕན་ཚུན་བར་གྱི་མཐུན་སྒྲིལ།  བོད་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་བཅས་ལ་ཤུགས་སྣོན་བྱེད་པ་སོགས་ཀྱི་ཆེད་དུ་ཡིན་པར་གསུངས།”

སྐབས་དེར་པཎ་ཆེན་རིན་པོ་ཆེ་ཁོང་གིས་ཀྲུང་དབྱང་ལ་སྙན་ཞུ་ཞུས་ཏེ།  འཇར་པན་གྱི་རླངས་འཁོར་ཧྲང་ཧེ་ནས་ལྷུ་ལག་བསྒྲིགས་པའི་སང་ཐ་ན་(桑塔纳汽车100辆)ཞེས་པའི་རླངས་འཁོར་བརྒྱ་ཡི་མིང་ཐོ་བླངས་པ་དང་།  སྐབས་དེར་ཀྲུང་གོ་ནི་ད་དུང་འཆར་གཞི་དཔལ་འབྱོར་(计划经济)གྱི་སྐབས་ཡིན་པས་རྒྱལ་ཁབ་ཀྱི་མིང་ཐོ་མེད་ཚེ་སྒོར་ཡོད་ཀྱང་རླངས་འཁོར་ཉོ་མི་ཐུབ་པ་དང་།  བཙོང་མཁན་གྱིས་ཀྱང་བཙོང་མི་ཆོག་པ་རེད།  ད་དུང་ཧྲང་ཧེ་ནས་བཟོ་སྐྲུན་བྱས་པའི་ཏུང་ཧྥང་རླངས་འཁོར་(上海东风汽车)ཉི་ཤུ་ལྷག་ཉོས་ནས།  སྐྱེལ་འདྲེན་རླངས་འཁོར་རུ་ཁག་ཞིག་བཙུགས་ནས་རྒྱལ་ནང་གི་ཚོང་རྫས་རྣམས་བོད་ཀྱི་ས་ཁུལ་དག་ཏུ་དྲངས་ནས་རིན་གོང་དམའ་མོའི་སྒོ་ནས་བོད་མི་དམངས་རྣམས་ལ་བཙོང་པའི་དངོས་རྫས་མཁོ་སྤྲོད་བྱས་པ་རེད།  རླངས་འཁོར་གཏོང་མཁན་གྱི་ཁ་ལོ་པ་རྣམས་ཀྱང་དེང་ཐོག་པེ་ཅིན་དང་ཐེན་ཅིན་ས་ཁུལ་གཉིས་ནས་གཟབ་སྦྱོང་དུ་བྱེད་དུ་བཅུག།   ད་དུང་པཎ་ཆེན་རིན་པོ་ཆེ་ཁོང་གིས་ང་ཚོའི་བོད་ཀྱི་ས་ཁུལ་སོ་སོར་ཉོ་ཚོང་ཀུང་ཟི་མང་དུ་བཙུགས་ནས།  ང་ཚོ་བོད་ལ་ཐོན་ཁུངས་མང་དུ་ཡོད་ནའང་བོད་རིགས་ངལ་རྩོལ་མི་དམངས་ཀྱིས་རང་གི་ཐོན་རྫས་དེ་དག་འཁོར་བསྐྱོད་བྱེད་མ་ཤེས་པར།  ཉོ་ཚོང་གི་སྐབས་སུ་གྱོང་གུད་ཆེན་པོ་རེག་གིན་ཡོད་པ།  དཔེར་ན།  དབྱར་རྩ་དགུན་འབུ་ལྟ་བུ།  དེས་ན་གངས་ཅན་ཀུང་སུ་ཡི་བོད་ཀྱི་ཐོན་ཁུངས་དེ་དག་བོད་རིགས་ངལ་རྩོལ་མི་དམངས་ཀྱི་ལག་ནས་རིན་གོང་ཅུང་ཟད་མཐོ་ཤོས་སུ་སྤྲད་ནས་ཚུར་བསྡུས་ཏེ།  ཕར་རྒྱལ་ནང་དང་ཞང་ཀང་སོགས་ལ་འཚོང་བར་བྱེད་བཞིན་ཡོད།  དེ་ལྟར་“བོད་གངས་རྒྱན་དར་སྤེལ་སྤྱི་སྡོམ་མཐུན་གཉེར་ཁང་”འདིའི་འོག་ཏུ་ཡན་ལག་གི་ཀུང་ཟི་མང་དུ་བཙུགས་ཡོད་པ་ནི།

གཅིག།  1988-3-3ཉིན་པཎ་ཆེན་རིན་པོ་ཆེ་ཁོང་གི་སྐུ་དངོས་སུ་བོད་ལྗོངས་གངས་རྒྱན་ས་གདན་འཐག་པའི་བཟོ་གྲྭ་དེ་བཙུགས་པ་དང་།(西藏刚坚地毯厂)ཐོ་འགོད་མ་རྩར་མ་དངུལ་སྒོར་ཉིས་ཁྲི་བརྒྱ་མེད་ལྔ་བཅུ་ང་བཞི་གཞག།(注册资金人民币贰佰伍十肆万圆整)བཟོ་གྲྭའི་འགན་འཛིན་ནི་ཕྱི་ཕྱོགས་ནས་འབོད་འགུག་བྱས་པའི་བོད་རིགས་ཁེ་ལས་དང་ཚོང་ལས་གྲགས་ཅན་པ་བློ་བཟང་དགེ་ལེགས་ཡིན།  ཁེ་ལས་གྲགས་ཅན་པ་བློ་བཟང་དགེ་ལེགས་ཀྱིས་དེ་སྔ་བལ་ཡུལ་གྱི་ལུང་པ་ཞིག་ནས་ཁེ་ལས་གཉེར་བར།  ལུང་པ་དེ་འབྱོར་ཕྱུག་ལྡན་པ་ཞིག་ཏུ་བསྒྱུར་ཡོད།   དེ་བས་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཕྱི་ཕྱོགས་ནས་ཁེ་ལས་པ་ཁོང་འབོད་འགུག་བྱས་ནས་བཟོ་གྲྭའི་འགོ་འདྲེན་གཙོ་བོ་ལ་བསྐོས།  བཟོ་གྲྭ་ཡོངས་ལ་བཟོ་བ་མི་200ལྷག་ཡོད།  ཁོ་ཚོས་བཟོས་པའི་ས་གདན་དེ་ནི་སྤུས་ཀ་ལེགས་པ་དང་རྒྱུ་དག་བཟང་པ།མཚོན་མདོག་དང་རི་མོ་བཀྲ་བ་སོགས་ཕྱོགས་གང་ཐད་ནས་ཕུན་སུམ་ཚོགས་པོ་ཞིག་ཐོན་སྐྱེད་བྱས་ཡོད་སྟབས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཆེ།  ས་གདན་དེ་དག་གི་འཚོང་ཡུལ་གཙོ་བོ་ནི་ཨ་མེ་རུ་ཀ་དང་ཡོ་རུབ།  ཁེ་ན་ཊ།  འཇར་པན།  ཧྥ་རན་སི།  ཡ་གླིང་ཤར་ལྷོ་ས་ཁུལ་སོགས་ཕྱི་ཕྱོགས་ལ་བཙོང་བཞིན་ཡོད་པས་ཚོང་ལས་ཧ་ཅང་རྒྱུགས་ཆེ།  འཆར་གཞི་ལྟར་ན་རྗེས་མ་བཟོ་བ་མི་2000ལྷག་བསྡུ་རྒྱུའི་གྲ་སྒྲིག་ཡོད་པ་རེད།  སྐབས་དེར་བཟོ་གྲྭའི་འགོ་གཙོ་བློ་བཟང་དགེ་ལེགས་ཀྱིས་བཤད་པར།  ཁོང་ལ་ག་ལེར་དུས་ཚོད་ཞིག་ཡོད་ན་གཞིས་ཀ་རྩེ་ས་ཁུལ་འདི་འབྱོར་ཕྱུག་ཅན་ཞིག་ཏུ་བསྒྱུར་རྒྱུ་ནི་ལས་སླ་བོ་ཞིག་རེད།  རྒྱུ་མཚན་ནི་བོད་མི་རྣམས་རང་གི་ལས་ཀ་ལ་ནན་ཏན་དང་གཡོ་རྒྱུ་མེད་པ།  ཁ་ལ་ཉན་པ་སོགས་ཀྱི་དགོས་མཚན་མང་པོ་ཡོད་ཟེར།

11.jpg

གཉིས།    1989-12-5ཉིན་བོད་ལྗོངས་གངས་རྒྱན་འགྲམ་ཉོ་ཚོང་ཀུང་ཟི་བཙུགས་པ་དང་།(西藏刚坚樟木贸易公司)ཀུང་ཟི་འདི་འཛུགས་དུས་ཐོ་འགོད་མ་རྩར་མ་དངུལ་སྒོར་ཉིས་ཁྲི་བརྒྱ་མེད་ལྔ་བཅུ་ང་བཞི་གཞག།(注册资金人民币叁佰叁拾万圆整)འགྲམ་ཉོ་ཚོང་ཀུང་ཟི་འདིའི་ལས་དོན་གཙོ་བོ་ནི་ཕྱི་རྒྱལ་ཁག་གི་རྒྱལ་ཁབ་སོ་སོའི་དངོས་རྫས་སྣ་ཚོགས་རྣམས་ཚུར་བོད་ནང་དུ་འདྲེན་པ་དང་།  རྒྱལ་ནང་དང་བོད་ཁུལ་གྱི་ཚོང་རྫས་སྣ་ཚོགས་ཕར་ཕྱི་རྒྱལ་ཁག་ལ་འཚོང་བཞིན་ཡོད་པ་ཡིན།

12.jpg

གསུམ།བོད་ལྗོངས་གངས་རྒྱན་གནའ་བོའི་འཛུགས་བསྐྲུན་ཀུང་ཟི་ཞེས་པ་ཞིག་བཙུགས་ཏེ་ཚོགས་མི་རྣམས་པེ་ཅིན་དང་ཐེན་ཅིན་བཅས་སུ་འོངས་ནས།  རྒྱལ་ནང་གི་གནའ་དུས་ཀྱི་འཛུགས་བསྐྲུན་སྐོར་ལ་གཟབ་སྦྱོང་བྱེད་དུ་བཅུག་སྟེ།  རྒྱལ་ནང་དང་བོད་ཀྱི་འཛུགས་བསྐྲུན་སྐོར་གྱི་ལེགས་ཆ་བསྡུས་ནས།   མ་འོངས་པར་བོད་ཀྱི་ས་ཆ་སོ་སོར་འཛུགས་བསྐྲུན་བྱེད་པ་སོགས་ཡིན།
བཞི།བོད་ལྗོངས་གངས་རྒྱན་བཀྲ་ལྷུན་བདེ་ཆེན་ཕོ་བྲང་རིག་གནས་འཛིན་གྲྭ་དང་དྲུང་ཡིག་འཛིན་གྲྭ་ཞེས་པ་བཙུགས་ནས།  མི་ཉི་ཤུ་ལྷག་པེ་ཅིན་དུ་འོངས་ནས་གཟབ་སྦྱོང་བྱེད་དུ་བཅུག་སྟེ་རང་གི་ལས་རིགས་ལ་བྱང་ཆུབ་པར་བྱས།
ལྔ།བོད་ལྗོངས་གངས་རྒྱན་ཡུལ་སྐོར་ཀུང་སི་ཞེས་པ་བཙུགས་ནས།  བོད་མི་རྣམས་རྒྱལ་ནང་གི་ས་ཁུལ་སོ་སོར་དང་།  གནས་ཆེན་ཁག་ལ་བལྟ་སྐོར་བྱེད་པ་དང་གནས་ལེན་བྱེད་པ།  སྐད་བསྒྱུར་བྱེད་པ།  གནས་ཡུལ་འཚམས་སྦྱོར་བྱེད་པ་སོགས་ཀྱི་ལས་དོན་ཡིན།
པཎ་ཆེན་རིན་པོ་ཆེ་ཁོང་གིས་གོང་གི་གངས་ལྗོངས་གངས་རྒྱན་ཀུང་སུ་དེ་དག་བཙུགས་པའི་དམིགས་ཡུལ་གཙོ་བོ་ནི།ཁོང་གིས་རྟག་པར་གསུངས་དོན།  གཅིག་ནས་བཀྲ་ཤིས་ལྷུན་པོ་དགོན་གྱི་རང་ཁ་རང་གསོ་བྱེད་པའི་ཆེད་དུ་ཡིན།  ང་ཚོའི་བོད་མང་ཚོགས་རྣམས་དཔལ་འབྱོར་ཐད་ནས་ཧ་ཅང་སྐྱོ་བོ་ཡིན་པས། རྗེས་ནས་དགོན་སྡེ་སོ་སོའི་དཔལ་འབྱོར་ཐད་མང་ཚོགས་ལ་ལག་བསྲིངས་མ་དགོས་པར་དགོན་པའི་རང་ཁ་རང་གསོ་བྱེད་རྒྱུ་དེ་ཡིན།

གཉིས་ནས་དགའ་ལྡན་དགོན་པ་ཉམས་གསོ་བྱེད་རྒྱུ་དེ་ཡིན།གསུམ་ནས་བཀྲ་ཤིས་ལྷུན་པོའི་བདེ་ཆེན་ཕོ་བྲང་གི་མདུན་ཕྱོགས་སུ་རི་ཆུང་ཞིག་ཡོས་པ་དེའི་སྟེང་དུ་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཞིག་བཞེངས་རྒྱུའི་ཆེད་དུ་ཡིན་པར་གསུངས།
1985ལོར་པར་དུ་བླངས་པའི་དགའ་ལྡན་དགོན་པ།
གསུམ་པ།1987-9-1ཉིན་པེ་ཅིན་དུ་ཀྲུང་གོ་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་དངོས་སུ་བཙུགས།  ཉིན་དེར་ཚོགས་འདུར་ཞུགས་མཁན་ཏང་དང་རྒྱལ་ཁབ་ཀྱི་འགོ་འདྲེན་ཏེང་དབྱིན་ཁྲོ།  ཞིས་ཀྲུང་ཞོན།  ཐེན་ཇིས་ཡོན།  ཧུའུ་ཆིས་ལིས།  ཀྲོ་ཕུ་ཁྲུའུ་སོགས་ཕེབས་ཡོད། 
1987-9-1ཉིན་པེ་ཅིན་དུ་ཀྲུང་གོ་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་དངོས་སུ་བཙུགས་སྐབས་ཀྱི་བརྙན་པར།
སློབ་གླིང་འདི་ནི་སྔོན་པཎ་ཆེན་སྐུ་ཕྲེང་དྲུག་པ་སྐུ་མྱ་ངན་ལས་འདས་པའི་གནས། པེ་ཅིན་ནུབ་ཕྱོགས་དགོན་པ་སེར་པོའི་ལྷ་ཁང་དུ། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་རིས་མེད་ཀྱི་སྤྲུལ་སྐུ་རྣམས་རྩ་འཛུགས་བྱས་ཏེ། ཆོས་རའི་རྣམ་པ་ཁོ་ན་བྱས་པའི་ནང་བསྟན་སློབ་གསོའི་རྣམ་པ་དེ་དེང་རབས་ཀྱི་སློབ་གསོའི་སློབ་ཁྲིད་གཏོང་ཕྱོགས་སུ་བསྒྱུར་ནས། བླ་སྤྲུལ་རྣམས་ལ་ཆོས་སྲིད་ཀྱི་བྱ་བའི་སློབ་སྦྱོང་གནང་སའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གསར་འཛུགས་གནང་བ་ཡིན། གཉིས་ནི་ཁོང་གིས་གསུང་བ་ནང་བཞིན། རྒྱལ་བའི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་དང་། མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོར་འཆད་རྩོད་རྩོམ་གསུམ། ཟབ་པ་དང་རྒྱ་ཆེ་བའི་སྡེ་སྣོད་གསུམ་ལ་ཐོས་བསམ་སྒོམ་གསུམ་གྱི་ཐེག་གསུམ་ལམ་གྱི་རིམ་པར་གཞོལ་བའི་མཁས་བཙུན་བཟང་གསུམ་བཅས་དང་ལྡན་པར་མ་ཟད། ཚན་རིག་དང་ཤེས་བྱ་གསར་བ་དང་། དེང་རབས་ཀྱི་ཡོན་ཏན། འཇིག་རྟེན་གྱི་ཚུལ་ལུགས་སོགས་ཀྱང་ཤེས་པ་བྱས་ཏེ་དུས་རབས་ཀྱི་རྗེས་ཆོད་པ། བོད་བརྒྱུད་ནང་བསྟན་འཛིན་སྐྱོང་གི་སྲོག་ཤིང་མི་སྣ་དང་། སངས་རྒྱས་ཆོས་ལུགས་ཀྱི་ཞིབ་མཇུག་མི་སྣ། རྒྱལ་སྤྱིའི་ནང་བསྟན་རིག་པ་སྤེལ་རེས་མི་སྣ། ནང་བསྟན་རིག་པ་ཆེད་ཁྲིད་མི་སྣ། དགོན་སྡེ་བདག་གཉེར་གྱི་མཐོ་རིམ་མི་སྣ་སོགས་དགོས་གཏུགས་ཆེ་བའི་བསྟན་འཛིན་གྱི་སྐྱེས་བུ་ཁག་གཅིག་སྐྱེད་སྲིང་བྱས་ཏེ། འཛམ་གླིང་ཞི་བདེ་སྲུང་སྐྱོབ་ལ་རང་གི་ལེགས་སྐྱེས་འབུལ་ཐུབ་པ་བྱ་རྒྱུ་དེ་ཡིན།སློབ་གླིང་འདིར་ཞུགས་མཁན་གྱི་སློབ་མ་ནི་བོད་སོག་གཉིས་ཀྱི་ས་ཁུལ་གྱི་དགེ་ལུགས་དང་ས་སྐྱ།  རྙིང་མ་དང་བཀའ་བརྒྱུད།  ཇོ་ནང་བཅས་ཀྱི་བླ་མ་དང་དགེ་བའི་བཤེས་གཉེན་རྣམས་ཡིན།    རིགས་མ་བདེ་ཆེན་དབང་མོ་(李洁夫人全面负责日常工作)ཡིས་ཕྱོགས་ཡོངས་ནས་ཉིན་རེར་བྱ་བའི་ལས་འགན་བཞེས་ཏེ་བླ་མ་རྣམས་ཀྱིས་བཞུགས་གནས་དང་འཚོ་བ་སོགས་ཕྱོགས་གང་ཇིའི་ཐད་ལ་ཞབས་ཞུ་བླ་ན་མེད་པ་གནང་།དེང་ཐོག་སྐབས་དང་པོའི་དུས་སུ་བོན་པོའི་ཆོས་བརྒྱུད་འཛིན་པའི་གྲྭ་པ་རྣམས་སློབ་གླིང་འདིར་ཞུགས་མེད།  ཕྱིས་སུ་1988ལོ་ནས་བོན་པོའི་གྲྭ་བ་ཡང་སློབ་གླིང་དུ་བསྡུས་ཡོད།
སྤྱི་ལོ་1985ལོའི་སྔ་གཞུག་ཏུ་བོད་ལྗོངས་ནང་བསྟན་སློབ་གྲྭ་དང་།གནས་ཆུང་སློབ་གྲྭ་ཡང་ཟེར། ནག་ཆུ་ནང་བསྟན་སློབ་གྲྭ། སི་ཁྲོན་ནང་བསྟན་སློབ་གྲྭ།སྔོན་མ་སྡེ་དགེ་དགོན་དུ་ཡོད། རྗེས་ནས་དར་རྩེ་མདོ་རུ་གནས་སྤོ་བྱས།  མཚོ་སྔོན་ནང་བསྟན་སློབ་གྲྭ།སྐུ་འབུམ་དགོན་དུ་ཡོད།  ཀན་སུའུ་ནང་བསྟན་སློབ་གྲྭ་སོགས་བཙུགས།  བླ་བྲང་བཀྲ་ཤིས་འཁྱིལ་ན་ཡོད།
 ནང་བསྟན་སློབ་གྲྭ་བཙུགས་པའི་དམིགས་ཡུལ་ནི། གཅིག་ནི་གྲུབ་མཐའ་རིས་མེད་དུ་བསྐྱངས་ནས་གྲུབ་མཐའི་བར་གྱི་འགལ་རྩོད་མཇུག་སྒྲིལ་རྒྱུ་དང་།  ཆོས་སྲིད་ཟུང་འབྲེལ་དང་གནའ་དེང་མཉམ་འབྲེལ་སྒོས་བོད་བརྒྱུད་ནང་བསྟན་འདི་དུས་རབས་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིན་ལ།
བཞི་པ།1988-3ལོར་པཎ་ཆེན་རིན་པོ་ཆེ་ཁོང་གིས་བོད་རིགས་ཟློས་གར་ཚོགས་པ་དངོས་སུ་བཙུགས་པ་དང་།སྐབས་དེར་ཀྲུང་དབྱང་ལ་སྒོར་ཁྲི་ཉིས་བརྒྱ་ལྷག་གི་མ་དངུལ་བསླངས་ནས་ལྗོངས་དང་ཞིང་ཆེན་ལྔ་ནས་བོད་རིགས་ཞབས་བྲོ་པ་དང་སྒྲ་སྙན་འབུལ་རྡུང་བྱེད་མཁན། གླུ་བ་དང་གླུ་མ་སོགས་དབུས་གཙང་ནས་ཚེ་བརྟན་སྒྲོལ་མ་དང་ཟླ་སྒྲོན།  མཚོ་སྔོན་ནས་གླུ་མ་ཀླུ་མོ་རྒྱལ།  ཡུ་ནན་གྱི་འཛོམས་གཡང་སྒྲོལ་མ་སོགས་ཟློས་གར་པ་མི་བརྒྱད་ཅུ་ལྷག་རྩ་འཛུགས་བྱས་པ་དང་།  དེ་ནས་ཟློས་གར་པ་ཚོས་པེ་ཅིན་དུ་ཟླ་ངོ་གསུམ་ལྷག་ལ་ནང་སྦྱོང་བྱས་རྗེས།  ཁོ་ཚོས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་དམངས་སྲོལ་རིག་གནས་སྒྱུ་རྩལ་ཏེ།  གླུ་གར་དང་རྣམ་ཐར།  སྒྲུང་དང་དམངས་གླུ།  ཞབས་བྲོ་དང་སྒྲ་སྙན་སྣ་ཚོགས་སོགས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་དྲིལ་བསྒྲགས་བྱེད་པའི་འཁྲབ་སྟོན་བྱས་པ་རེད།  དེ་དུས་པེ་ཅིན་དང་ཐེན་ཅིན།  ཧྲང་ཧེ།  སུའུ་ཀྲིག། ནན་ཅིན།  ཞང་ཀང་སོགས་སུ་འཁྲབ་སྟོན་བྱས་པ་ན།  རྒྱལ་ཁབ་ཕྱི་ནང་གི་འགོ་འདྲེན་དང་མཁས་དབང་རྣམ་པ།  སྒྱུ་རྩལ་པ་དང་རྒྱ་ཆེ་བའི་མང་ཚོགས་རྣམས་ཀྱིས་བསྔགས་བརྗོད་དང་།  ཆེས་ཚད་མཐོ་བའི་གདེངས་འཇོག་ཆེན་པོ་ཐོབ་ཡོད། དེ་ནས་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཟློས་གར་ཚོགས་པ་རྣམས་ལ་གསུང་བཤད་ནན་མོ་གནང་སྟེ།  རྗེས་མ་ནས་ཁྱོད་ཚོའི་ང་ཚོ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་དམངས་སྲོལ་རིག་གནས་སྒྱུ་རྩལ་འདི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་དྲིལ་བསྒྲགས་བྱེད་རྒྱུའི་འགན་འཁུར་ཆེན་པོ་དེ་ཕྲག་ལ་བབ་ཡོད་པ་རེད་ཞེས་གསུངས་བཤད་ནན་མོ་གནང་པ་རེད།
རིག་གནས་སྒྱུ་རྩལ་འདི་ལ་དོན་སྙིང་ཆེན་པོ་ཡོད་དེ།  དེ་སྔ་དུས་རབས་བཅོ་བརྒྱད་པའི་ནང་ནུབ་ཕྱོགས་ཡོ་རུབ་ཏུ་ས་ཁུལ་དུ་སྒྱུ་རྩལ་བསྐྱར་དར་བྱུང་རྗེས།  ཡོ་རུབ་ཀྱི་ཚན་རིག་དང་མཚན་ཉིད་རིག་པའི་བསམ་བློ།  ཆབ་སྲིད་དང་དཔལ་འབྱོར།  བཟོ་ལས་དང་དམག་དོན་སོགས་ཕྱོགས་གང་ཐད་ནས་དཔྱིད་ཀྱི་དཔལ་ཡོན་རྒྱས་པ་བཞིན་དུ་འཕེལ་རྒྱས་སྔ་ན་མེད་པ་ཞིག་བྱུང་བ་རེད།
ད་དུང་པཎ་ཆེན་རིན་པོ་ཆེ་ཁོང་གིས་ལས་གཞི་འཆར་བཀོད་བཟོས་ཟིན་ནས།  ད་དུང་ལས་མགོ་མ་བརྩམས་པའི་སྐོར་གལ་ཆེན་འགའ་ཞིག་ནི། ལྷོ་ཁ་ས་ཁུལ་གྱི་འཕྱོངས་རྒྱས་སྲོང་བཙན་བོད་ཀྱི་གསོ་རིག་སློབ་གྲྭ། ལྷོ་ཁ་ས་ཁུལ་གྱི་འདུས་འདྲིལ་གཅོང་གནད་འགོག་བཅོས་ལྟེ་གནས། བོད་རང་སྐྱོང་ལྗོངས་ལས་རིགས་དགེ་འོས་གསོ་སྦྱོང་སློབ་གྲྭ། ལྷ་སའི་སྲོང་བཙན་སྐུ་བརྙན་གསར་བཞེངས། སྲོང་བཙན་མགྲོན་ཁང་ཆེན་མོ། ང་ཚོའི་བོད་ཀྱི་ས་ཁུལ་དུ་འཇར་པན་པིན་ཐེན་རླངས་འཁོར་ལྷུ་ལག་སྒྲིག་བཟོའི་བཟོ་གྲྭ།  ནང་བསྟན་ཆོས་ལུགས་ཞིབ་འཇུག་ལྟེ་གནས་སོགས་འཛུགས་རྒྱུའི་དགོངས་འཆར་ཡོད་པ་སོགས་མང་པོ་ཞིག་ལུས་ཡོད་པར་བཤད་དོ།།

པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་སྤྱི་ལོ་1979ལོར་བཙོན་གྲོལ་ཐོབ་ནས།  སྤྱི་ལོ་1989-1-28ལོར་དགོངས་པ་རྫོགས་པའི་བར་ལ་ལོ་ངོ་བཅུ་གཅིག་བྱིན་ཡོད།  དེ་བས་པཎ་ཆེན་རིན་པོ་ཆེ་མཆོག་གིས་ལོ་ངོ་བཅུ་གཅིག་གི་རིང་ལ་ཁོང་གིས་ནུས་ཤུགས་གང་ཡོད་བཏོན་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་རིག་གཞུང་དར་སྤེལ་གཏོང་བའི་ཆེད་དུ་མཛད་རྗེས་མང་པོ་ཞིག་བཞག་ཡོད་པ་རེད།  སྤྱིར་བཏང་ང་ཚོའི་མི་ཞིག་ལ་གདེང་འཇོག་བྱེད་ཚེ།  མི་དེ་ཡི་རང་གཤིས་བརྟན་མིན་དང་།  མི་དེ་ཡིས་མི་ཚེ་གང་བོར་ལས་དོན་གང་འདྲ་ཞིག་བསྒྲུབས་ཡོད་མིན་དང་།   ལས་དོན་དེ་དག་གིས་སྤྱི་ཚོགས་དང་མིའི་རིགས་ལ་ཕན་ཐོག་གང་འདྲ་ཞིག་བྱུང་ཡོད་མེད་ལ་བལྟ་དགོས་པ་རེད།  རྒྱུ་མཚན་འདི་དག་གི་ཆ་ནས་བཤད་ན་པཎ་ཆེན་རིན་པོ་ཆེ་མཆོག་ནི་ནམ་ཡང་ངོ་གནོངས་མི་དགོས་པའི་བོད་མི་རིགས་ཀྱི་དཔའ་རྒོད་ཞིག་རེད།

image.png

ཞིས་ཀྲུང་ཞོན་གྱིས་པཎ་ཆེན་རིན་པོ་ཆེ་ལ་ཕུལ་བའི་འཇར་མན་རྒྱལ་ཁབ་གྱི་སྐད་གྲགས་ཅན་གྱི་ཁྱི་ནག་གི་བེམ་གཟུགས།
གོང་གི་པར་འདི་ནི་དེ་སྔ་ཀྲུང་དབྱང་གི་འགོ་འདྲེན་ཞིས་ཀྲུང་ཞོན་གྱིས་པཎ་ཆེན་རིན་པོ་ཆེ་ལ་ཕུལ་བའི་འཇར་མན་རྒྱལ་ཁབ་གྱི་སྐད་གྲགས་ཅན་གྱི་ཁྱི་ནག་ཞེས་པ་དེ་ཡིན། ཆེས་ཡ་མཚན་པ་ཞིག་ལ།  དེ་སྔ་པཎ་ཆེན་རིན་པོ་ཆེ་ཐེངས་རྗེས་མར་ལྷ་སར་ཕེབས་སྐབས།  ཁྱི་འདི་ཡང་ཁོང་དང་མཉམ་དུ་གནམ་གྲུ་སྟེང་ནས་ལྷ་སར་ཁྲིད་པ་རེད།  བཀྲ་ཤིས་ལྷུན་པོར་པཎ་ཆེན་རིན་པོ་ཆེ་ཁོང་གི་གཟིམ་ཁྲིའི་ལོགས་སུ་ཁྱི་དེ་བཞག་ཡོད།  དེ་ནས་ལོ་དེར་པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་པ་ན།  ཁྱི་དེའི་བསྟུན་མར་ཉིན་བདུན་ལ་ཁ་ཟས་མི་ཟ་བ་དང་སྐོམ་ཆུ་མི་འཐུང་བར་ཉིན་བདུན་གྱི་རྗེས་ནས་གྲོངས་པ་རེད། ཞེས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་རྫོགས་ནས་ལོ་འཁོར་ཉེར་བརྒྱད་འཁོར་བའི་རྗེས་དྲན་དུ་རེབ་གོང་པ་འཇིགས་མེད་བསམ་གྲུབ་ཀྱིས་སྤྱི་ལོ་2017-1-5ཉིན་པེ་ཅིན་དུ་ཕུལ་བ་དགེའོ།།དཔྱད་རྩོམ་འདི་འབྲི་སྐབས་གྲོགས་པོ་ཚེ་དབང་ཉི་མ་ལགས་ནས་ཕྱོགས་གང་ཅིའི་ཐད་རྒྱབ་སྐྱོར་དང་།  དཔྱད་གཞི་ཡིག་ཆའི་རྒྱུ་ཆ་གང་མང་མཁོ་སྤྲོད་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས།།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་སྐུ་གོང་མའི་དགོངས་པ་རྒྱུན་འཛིན་བྱས་ནས་མཛད་རྗེས་མུ་འཐུད་དུ་སྐྱོང་བཞིན་པ།
2015-6-10ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེན་གྱིས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་མཇལ་འཕྲད་གནང་སྐབས།  སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེན་གྱིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་བཀའ་སློབ་ཟབ་མོ་དང་སྐུད་འདེད་གནང་བར།  ཉིད་ཀྱིས་དཀའ་སྤྱད་འབད་བརྩོན་གྱིས་སློབ་སྦྱོང་དང་ཐོས་བསམ་སྒོམ་གསུམ་ལ་བརྩོན་པ་དང་། ནང་བསྟན་རིག་པའི་ཐོས་རྒྱ་གཏིང་ཟབ་ཏུ་གཏོང་བ། ཆབ་སྲིད་ཀྱི་བྱང་ཚད་དང་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། ཧུར་བརྩོན་གྱིས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་བར་སྐུལ་འདེད་བྱེད་པ། རྒྱལ་གཅེས་ཆོས་གཅེས་དང་མེས་རྒྱལ་གོང་བུར་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པ། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་ཐུགས་སྨོན་རྒྱུན་འཛིན་གནང་སྟེ་ནང་བསྟན་གྱིས་སེམས་ཅན་ཐམས་ཅད་ལ་འདྲ་མཉམ་དང་།  བྱམས་སྙིང་རྗེ་སྒོམ་པའི་འདུ་ཤེས་སོགས་རྒྱུན་འཁྱོངས་གནང་བའི་བཀའ་སློབ་རྣམས་ལ་དེ་བཞིན་སྒྲུབ་ངེས་ཀྱི་བཀའ་ལན་ལེགས་པར་ཕུལ།  ལོ་འདིའི་ཟླ་11ཚེས་28ཉིན་སྐབས་བཞི་བའི་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་གྱི་ཚོགས་འདུ་བོད་ལྗོངས་ལྷ་སར་ཚོགས་པར།  པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་པར་བདམ་ཐོན་བྱུང་།  ཟླ་12པར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་བཀྲ་ཤིས་ལྷུན་པོ་དགོན་གྱི་དོ་དམ་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཚོགས་གཙོ་ལ་བདམ། 
2016-5ལོའི་ས་ག་ཟླ་བའི་ནང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དད་ལྡན་མང་ཚོགས་ལྔ་ཁྲི་ལྷག་ལ་མཇལ་ཕྱག་གནང་བ་དང་།  ཟླ་བདུན་པའི་ནང་ཁོང་གིས་གཞིས་རྩེ་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་སྐུ་ཚེ་འདིར་ཐེངས་དང་པོར་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་གནང་བ་ལགས།  དེ་དུས་གྲྭ་བཙུན་ལྔ་སྟོང་ལྷག་དང་དད་ལྡན་མང་ཚོགས་ཁྲི་བཅུ་ལྷག་འདུས་ཡོད།  འདི་ནི་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ་གཞིས་རྩེ་ས་ཁུལ་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་གནང་བ་ཐེངས་དང་པོ་ཡིན།  དབང་བསྐུར་གྱི་སྐབས་སུ་ནམ་མཁར་ཁ་དོག་སྣ་ལྔའི་མཇའ་མཚོན་ཤར་བ་སོགས་བཀྲ་ཤིས་པའི་དགེ་མཚན་གྱི་བརྟས་མང་པོ་འཆར། 
པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་རྟག་པར་བོད་ལྗོངས་ས་ཁུལ་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་སྐོར་ལ་ཐུགས་འཁུར་ཟབ་མོ་གནང་སྟེ།  ཁོང་གིས་གཞིས་རྩེ་ས་ཁུལ་དུ་ཇོ་མོ་གླང་མའི་ཡང་རྩེ་དགེ་རྒན་བཟང་པོ་ཞེས་པའི་མཚན་སྙན་གཟི་བརྗིད་ཅན་ཞེས་པ་བཙུགས་ནས།  ལོ་རེར་ཕུལ་བྱུང་ཅན་གྱི་དགེ་རྒན་མི་བརྒྱ་རེར་བདམས་ནས་དེ་རྣམས་ལ་ཇོ་མོ་གླང་མའི་ཡང་རྩེ་དགེ་རྒན་བཟང་པོ་ཞེས་པའི་མཚན་སྙན་གཟི་བརྗིད་ཀྱི་བྱ་དགའ་གནང་།  ད་དུང་ཁོང་གིས་བོད་ལྗོངས་མཐོ་སྒང་ས་ཁུལ་གྱི་གནམ་གཤིས་ཧ་ཅང་གྲང་མོའི་ས་ཁུལ་གྱི་སློབ་མ་རྣམས་ལ་བོད་ལྭ་འབུལ་རྒྱུའི་འཆར་གཞི་བཟོས་ཏེ། 2016ལོར་གཞིས་རྩེ་གྲོང་ཁྱེར་དང་ནག་ཆུའི་ས་ཁུལ་གྱི་སློབ་ཆུང་སློབ་མ་3626རྣམས་ལ་དགུན་ལྭ་གནང་བ་རེད། 
2017-4བར་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་དང་ཀྲུང་གོ་སུང་ཆིན་ལིན་ཐེབས་རྩ་ལྷན་ཚོགས་གཉིས་ལག་གདང་སྦྲེལ་ནས་བོད་རང་སྐྱོང་ལྗོངས་ཀྱི་འབྲིང་རིམ་སློབ་གྲྭ་དང་བྱིས་པ་ཁང་བཅས་ལ་རིན་གོང་དམངས་སྒོར་དུང་ཕྱུར་གཅིག་གི་སློབ་གསོའི་སྐོར་གྱི་རོགས་སྐྱོར་གནང་རྒྱུའི་འཆར་གཞི་བཟོས་ཡོད།
པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་རབས་གསུམ་གྱི་ཏང་དང་རྒྱལ་ཁབ་ཀྱི་གཙོ་འཛིན་དང་མཇལ་འཕྲད་གནང་བ་ནི།  2015ལོའི་ཟླ6པར། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ50འཁོར་པའི་སྔ་སྔ་རོལ་དུ། ཞིས་ཅིན་ཕིང་གིས་ཀྲུང་ནན་ཧེ་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་མཇལ་འཕྲད་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་པཎ་ཆེན་མཆོག་རེ་བ་གསུམ་བཏོན་པར།  པཎ་ཆེན་མཆོག་ནས་དེ་མུར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གནང་བའི་སློབ་སྟོན་བློ་ལ་བརྟན་པོར་འཆང་རྒྱུ་ཡིན་ཞེས་བསྟན།
འདས་པའི་ལོ་ངོ་བཅུའི་ཡར་སྔོན་གྱི་2000ལོའི་ཟླ་2པར། ཧུའུ་ཅིན་ཐའོ་ཡིས་མི་དམངས་ཚོགས་ཁང་ཆེན་མོ་ནས་དགུང་ལོ་15སོན་ཡོད་པའི་པཎ་ཆེན་དང་མཇལ་འཕྲད་གནང་ཞིང་།  སྐབས་དེའི་ལས་སྣེ་བས་ངོ་སྤྲོད་བྱས་པ་ལྟར་ན། དེ་ནས་ཅང་མ་འགོར་བར་པཎ་ཆེན་རིན་པོ་ཆེས་རང་ཉིད་གློག་ཀླད་སྟེང་《ཇི་སྲིད་བར་དུ་བརྗེད་ཐབས་བྲལ་བའི་མཇལ་འཕྲད》ཅེས་པའི་རྩོམ་ཡིག་བྲིས་པར་བཤད།
1996 ལོའི་ཟླ་1 པོའི་ཚེས་12 ཉིན། ཅང་ཙེ་མེན་གྱིས་ཀྲུང་ནན་ཧེ་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་བཀྲ་ཤིས་ལྷུན་དགོན་གྱི་དྲིན་ཞུ་ཚོགས་པར་མཇལ་འཕྲད་གནང་། ཁོང་གཉིས་ཕྱག་འཇུ་དམ་པོར་གནང་ཞིང་འབོལ་ཁྲིར་བཞུགས་རྗེད། ཕྱག་ཟུང་ཐལ་མོ་སྦྱར་ཏེ་ཁོང་གི་གསུངས་ལ་ནན་ཏན་གྱིས་གསན་པ་དང་། ལོ་དེར། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་ལོ་6ལ་སླེབས་མ་ཐག་ཡིན།

5.jpg

6.jpg

འབྲོང་སྟེ་གངས་གཡག་ཀྱང་ཟེར།


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།