ལྕགས་ཟམ་ཁའི་མིང་གི་འབྱུང་ཁུངས།

1502076551355163.jpg

ལྕགས་ཟམ་ཁའི་མིང་གི་འབྱུང་ཁུངས།

ལྕགས་ཟམ་ཁའི་མིང་འདིར་ཐོས་ཚོར་བྱུང་བར་གཞིགས་ན་བཤད་སྲོལ་སྣ་ཁ་གཉིས་ཡོད་པ་ཞིག་རེད།  ཉན་ཤུལ་འཇམ་དབྱངས་གྲགས་པས་སྲིད་གཞུང་ནི་ལྕགས་ཟམ་ཁར་བློ་བདེའི་ཐང་དུ་ཡོད། ལྕགས་ཟམ་འདི་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་བཞེངས་པར་གྲགས།སྔར་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་མགོ་མེད་དམ་ཀ་ལ་ཟེར་བའི་མིང་ཡིན། ཨར་ལ་ཞེས་གྲགས་ཆེ།

མི་ཉག་འབོ་ཡུལ་གངས་དཀར་གྱི་རྒྱབ་ཕྱོགས་དུང་དཀར་སྦུག༼ད་ལྟ་ཡུལ་སྐོར་བྱེད་སའི་མཛེས་ལྗོངས་གྲགས་ཅན་འདིའི་གནས༽  དང་དམར་དམག་གིས་དྲག་འཐབ་བྱེད་སའི་ལོ་རྒྱུས་གྲགས་ཅན་ཡོད་པ་རེད།

དུང་དཀར་ལུང་པའི་མཛེས་ལྗོངས།

གོང་དུ་བཤད་པའི་ཨར་ལ་ནི་གནའ་སྔ་མོ་ཨར་ཇག་རྒོད་ཕྱིར་ཨར་ལ་ཞེས་དང་། ད་ལྟའི་སྲིད་གཞུང་ཡོད་ས་དེར་ཚོང་པ་རྣམས་སླེབས་དུས་བློ་བདེ་བས་བློ་བདེ་ཞེས་གྲགས་པར་རྒན་པོ་དག་གི་ངག་ལས་ཐོས་སོ་ཞེས་བཀོད་འདུག

ཡང་བཤད་ཚུལ་གཞན་ཞིག་ནི་སྔོན་དུས་སུ་ཚོང་པ་དང་དོ་པོ་དབོར་མཁན་གྱི་གླ་པ་རྣམས་འུ་ལག་རི་བོ་(二郞山)བརྒལ་ཏེ་རི་མཇུག་ནས(冷碛)གད་འགོ་སྟེང་བརྒྱུད་དུས་གཡང་གཟར་གྱི་ལམ་འཕྲང་དུ་འགྲོ་དགོས་པས་རྟ་དྲེལ་མ་ཟད།མི་ཡང་གཡང་གཟར་དུ་ལྷུང་ཉེན་ཡོད་ཅིང་། ལམ་བར་དུ་ཇག་པ་འབེལ་པོ་ཡོད་པས་ཧ་ཅང་སྐྲག་སྣང་ཤར་བ་ཞིག་ཡིན་ཞིང་།

ལྕགས་ཟམ་ཁའི་ཁམ་བུ།

ལྕགས་ཟམ་ཁའི་ཞུ་མཁན།

ལྕགས་ཟམ་ཁའི་སེའུ་དམར་པོ།

གད་འགོ་སྟེང་བརྒྱུད་ནས་ལྕགས་ཟམ་ཁར་སླེབས་དུས་ས་གཤིས་ཅུང་ཁོད་སྙོམས་ཡིན་ཞིང་རྩྭ་ཆུ་འཛོམས་པས་ན་ཚོང་པ་རྣམས་ས་གནས་དེར་ངལ་གསོ་བྱས་ནས་རྟ་དྲེལ་རྣམས་ལ་གཟན་རྩྭ་ཟ་བཅུག་ནས་ལུས་སྟོབས་ཉམས་གསོ་བྱེད་ཆོག་པ་དང་། དོ་པོ་དབོར་མཁན་གླ་པ་ཚོས་ཀྱང་ངལ་གསོ་བྱེད་སའི་ལུང་ཐང་བདེ་མོ་ཡིན་པའི་རྐྱེན་གྱིས་ས་གནས་དེའི་མིང་ལའང་ལུང་བདེ་ཞེས་བཏགས་པ་རེད།

1502076551368052.jpg

འུ་ལག་རི་བོའི་ཕུག་ལམ།

རྒྱུ་མཚན་ནི་གཡང་གཟར་དུ་བརྒྱུད་པའི་ལམ་འཕྲང་མཇུག་རྫོགས་ནས་ལུང་པ་བདེ་མོར་སླེབས་པའི་དོན་ལ་ངེས།  ལྕགས་ཟམ་ཁ་ཞེས་པའི་ས་མིང་འདི་སྔོན་དུས་སུ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ལྕགས་ཐག་བཅུ་གསུམ་ཅན་གྱི་ཟམ་པ་འདི་བཙུགས་རྗེས་གཟོད་ནས་བཏགས་པ་མ་གཏོགས། དེའི་སྔོན་དུ་དེང་སང་ལྕགས་ཟམ་ཡོད་སའི་ཡར་ཕྱོགས་སུ་གྲུ་ཁ་ཞིག་ཡོད་པ་དེར་ལུང་བདེ་གྲུ་ཁ་ཞེས་འབོད། བཤད་སྲོལ་འདི་ལ་གཞིགས་ན་ལུང་བདེ་ཞེས་པའི་ས་མིང་འདི་སྔོན་ནས་ཆགས་པ་དང་། ལྕགས་ཟམ་བཞེངས་རྗེས་ཟམ་པའི་མིང་འདི་ས་མིང་དུ་བཏགས་པ་ཞིག་ཡིན་པར་ངེས།

1502076551513923.jpg

ལྕགས་ཟམ་ཁའི་མཚན་མོའི་མཛེས་ལྗོངས།

ལུང་བདེ་གྲུ་ཁ་ནས་རྟ་དྲེལ་དང་ཚོང་ཟོག་རྣམས་གྲུའི་ཐོག་ནས་ཆུ་ཕར་ཚུར་ལ་སྐྱེལ་འདྲེན་བྱས་པ་རེད་ཅེས་བཤད་སྲོལ་མཆིས།  དར་རྩེ་མདོའི་མི་རྒན་རྣམས་ཀྱི་ངག་རྒྱུན་དུའང༼རང་གི་ཆུང་འདྲིས་བྱམས་པ།།  རྒྱ་ཡུལ་ཕྱོགས་ལ་འགྲོ་ཐལ།། ལུང་བདེ་གྲུ་ཁ་ཡོད་སར།། ཐུག་རྒྱུ་ཡོད་པའི་སྨོན་ལམ།།༽   ཞེས་པའི་མགུར་གླུའི་ཚིག་ལ་བརྟག་ན་ལུང་བདེ་ཞེས་པའི་ས་མིང་འདི་དེ་བས་དོན་དངོས་དང་མཐུན་པ་ཞིག་རེད་སྙམ། རྒྱ་ཡིག་ཏུ(泸定)ཞེས་བྲིས་སྲོལ་ཆགས་པ་འདི་ནི་བློ་བདེའམ་ལུང་བདེའི་སྒྲའི་ཟུར་ཆགས་པ་ངེས་སོ།།

1502076551416055.jpg

དུང་དཀར་ལུང་པའི་འཁྱག་ཀླུང་།

ལྕགས་ཟམ་རྫོང་གི་གནས་ཚུལ་མདོར་བསྡུས།

ལྕགས་ཟམ་རྫོང་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོ་རྒྱུད། ཆང་ལས་རི་རྒྱུད་དང་གངས་རི་ཆེན་པོའི་རི་རྒྱུད་བར་དུ་ཆགས་ཡོད་ཅིང་། ཤར་དུ་གཡག་རྔ་ས་ཁུལ་གྱི་ཧྲི་མེན་རྫོང་དང་ཤར་ལྷོའི་མཚམས་སུ་གཡག་རྔ་ས་ཁུལ་གྱི་འགག་སྨད་རྫོང་དང་ས་མཚམས་སྦྲེལ་ཡོད།

1502076551817189.jpg

ནུབ་བྱང་མཚམས་སུ་དར་མདོ་གྲོང་ཁྱེར་དང་རོང་བྲག་རྫོང་དང་ས་མཚམས་སྦྲེལ་ནས་ཡོད་པ་རེད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2164.35ཡོད་ཅིང་།

1502076551318292.jpg

ལྕགས་ཟམ་ཁའི་དམར་དམག་གི་དྲན་གསོ་རྡོ་རིང་།

མངའ་ཁོངས་སུ་གྲོང་རྡལ4དང་ཡུལ་ཤོག8སྲིད་འཛིན་གྲོང་སྡེ145ཡི་ནང་དུ་ཁྱིམ་གཞིས་ཆགས་ནས་ཡོད་པའི་རྒྱ་རིགས་དང་བོད་རིགས།  དབྱིས་རིགས།ཧུའེ་རིགས།ཆའང་རིགས།སོག་པོ།འཇང་རིགས་བཅས་མི་རིགས14ཡི་མི་གྲངས་བསྡོམས་འབོར86056(2011ལོའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་ལྟར། )ཡོད་པ་རེད།

1502076551280677.jpg

ཁུག་རྟ་ལུང་པའི་རྡོ་གྲམ་དམར་པོ།

རྒྱལ་རོང་རྒྱལ་མོ་རྔུལ་ཆུ་རྫོང་གི་མངའ་ཁོངས་ཧྲིལ་པོར་བརྒྱུད་ནས་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་བབ་པས་ཆུ་བེད་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པར་བརྟེན།  ཀྲུང་གོའི་ཧྭ་གློག་ཚོགས་པས་ལྕགས་ཟམ་གྱི་སྟོད་རྒྱུད་དུ་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་སྐས་རིམ་ཆུ་གློག་ས་ཚུགས་ཀྱི་ཡ་གྱལ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་སྟོང་ཝ་ཁྲི༨༠འདོན་ཐུབ་པའི་ལྕགས་ཟམ་ཁའི་ཆུ་གློག་ས་ཚུགས་དེ་གཞིས་ཆགས་ཡོད་ཅིང་།  ཁྲོན་བོད་གཞུང་ལམ་ཤར་ཕྱོགས་ནས་བྱང་ཕྱོགས་སུ་བརྒྱུད་པའི་བོད་ལ་འགྲོ་སའི་འགྲིམ་འགྲུལ་འགག་སྒོ་ལྟ་བུ་ཡིན་པས་ན་དཀར་མཛེས་ཁུལ་གྱི་ཤར་སྒོ་ཆེན་པོ་ཞེས་མཚན་སྙན་ཡོད་པ་རེད།།

1502076551461955.jpg

དམར་དམག་གིས་ལྕགས་ཟམ་ཟམ་པ་འཕྲོག་ལེན་བྱེད་པའི་ཚུལ།

ལྕགས་ཟམ་ཁའི་རིག་གནས་ཡུལ་སྐོར་མཛེས་ལྗོངས།

1502076551369832.jpg

ལྕགས་ཟམ་རྫོང་ལ་གནའ་བོའི་དུས་ནས་བོད་དུ་འགྲོ་སའི༼གནའ་བོའི་ཐང་བོད་ཚོང་ལམ༽དང་དེང་སང་གི་ཁྲོན་བོད་གཞུང་ལམ་བརྒྱུད་ཡུལ་ཡིན་པས་ཁམས་པའི་ཤར་སྒོ་ཆེན་པོ་ཞེས་མཚན་སྙན་ཡོད་ཅིང་། 1935ལོར་དམར་དམག་རྒྱང་སྐྱོད་བྱེད་སྐབས་དྲག་འཐབ་བྱས་མྱོང་བས་གསར་བརྗེའི་གནས་གཞི་རྙིང་པ་གྲགས་ཅན་དུ་གྱུར་ནས་དེང་སང་སི་ཁྲོན་ཞིང་ཆེན་གྱི་གཞོན་ནུ་ལོ་ཆུང་ལ་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་བྱེད་སའི་རྟེན་གཞི་ཆགས་ཡོད་པ་རེད།   སི་ཁྲོན་གྱི་རིའི་རྒྱལ་པོ་ཞེས་མཚན་སྙན་ཡོད་པའི་གངས་དཀར་རི་བོ་ནི་དར་མདོ་དང་ལྕགས་ཟམ། བརྒྱད་ཟིལ་རྫོང་གསུམ་གྱི་ས་མཚམས་སྦྲེལ་སར་ཆགས་ཡོད་པ་རེད།

1502076551745184.jpg

འུ་ལག་རི་བོའི་ནགས་ཚལ་གླིང་ག་དང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་ཞིང་ཁའི་མཛེས་ལྗོངས།  རང་བྱུང་ཁམས་ཀྱིས་ལེགས་སྐྱེས་གནང་བའི་དུང་དཀར་ལུང་པའི་མཛེས་ལྗོངས་དང་ཁུག་རྟ་ལུང་པའི་མཛེས་ལྗོངས།འབོ་ཞབས་གྲོང་རྡལ་གྱི་གནའ་གྲོང་སོགས་ཡུལ་སྐོར་མཛེས་ལྗོངས་ཀྱིས་ཕྱོགས་བཞིའི་སྐུ་མགྲོན་གྱི་ཡིད་དབང་རང་ཤུགས་སུ་བཀུག་ནས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་བསྣན་སྣོན་བཞིན་ཡོད་པ་རེད།

1502076551118579.jpg

ལྕགས་ཟམ་ཟམ་པ།

ལྕགས་ཟམ་ཟམ་པ་ནི་རྒྱལ་མོ་རྔུལ་ཆུའི་ཐོག་བཙུགས་པའི་ལྕགས་ཐག་བཅུ་གསུམ་ཅན་གྱི་འཕྱང་ཟམ་ཡིན་ཞིང་གྲུབ་ཆེན་ཐང་སྟོང་རྒྱལ་པོས་བཞེངས་པར་གྲགས།1936ལོར་དམར་དམག་རྒྱང་སྐྱོད་དུས་སུ་ས་གནས་འདིར་བརྒྱུད་དུས་ལོག་སྤྱོད་དམག་གིས་བཀག་པས་དམར་འཛིང་ཆུ་ཚོད་གཉིས་རིང་བྱས་མཐར།དཔའ་བོ་ཉེར་གཉིས་གཙོས་པས་ལྕགས་ཟམ་ཟམ་པ་འཕྲོག་པར་བརྟེན་ནས་སྐད་གྲགས་རྒྱལ་ཕྱི་ནང་ཀུན་ལ་གྲགས་པ་རེད།

1502076551199603.jpg

བཅིངས་འགྲོལ་བཏང་རྗེས།ལྕགས་ཟམ་ཁའི་མི་དམངས་ཀྱིས་ཟམ་པའི་ཤར་རྒྱུད་དུ་ལྕགས་ཟམ་ཟམ་པའི་གསར་བརྗེའི་རིག་རྫས་བཤམས་སྟོན་ཁང་བཞེངས་པ་དང་ལྕགས་ཟམ་ནས་བར་ཐགསྨི500ཡོད་པའི་སར་དམར་དམག་གི་ལྕགས་ཟམ་ཟམ་པ་འཕྲོག་པའི་དྲན་གསོའི་རྡོ་རིང་བཞེངས་པ་རེད།1961ལོའི་ཟླ་བ3པའི་ཚེས4ཉིན།ལྕགས་ཟམ་ཟམ་པ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚན་པ་དང་པོའི་རྒྱལ་ཡོངས་ཀྱི་རིག་རྫས་གལ་ཆེན་གྱི་སྲུང་སྐྱོང་བྱེད་ཡུལ་དུ་གཏན་འཁེལ་གནང་བ་དང་།1992ལོར་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་མི་དམངས་སྲིད་གཞུང་གིས་སི་ཁྲོན་ཞིང་ཆེན་ན་གཞོན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་གཏན་འཁེལ་གནང་ཡོད།

1502076551164458.jpg

1996ལོར་ལྕགས་ཟམ་ཟམ་པ་དེ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་སློབ་གསོ་ཨུ་ལྷན།  གུང་གཞོན་ཚོགས་པ་ཀྲུང་དབྱང་།རིག་གནས་པུའུ་བཅས་ཀྱིས་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་གཏན་འཁེལ་གནང་ཞིང་། 2001ལོར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིར་གཏན་འཁེལ་གནང་བ་རེད། 

1502076551697377.jpg

དུང་དཀར་ལུང་པ།

དུང་དཀར་ལུང་པ་ནི་ལྕགས་ཟམ་རྫོང་ཁོངས་སུ་གནས་ཤིང་།མཚོ་འཕགས་དམའ་བའི་དེང་རབས་ཀྱི་འཁྱག་ཀླུང་ཆེས་གྲས་ལ་བརྟེན་ནས་སྐད་གྲགས་འཛམ་གླིང་དུ་ཁྱབ།དེར་གདོད་མའི་ནགས་ཚལ་དང་སྐྱེ་དངོས་སྲོག་ཆགས་རྩ་ཆེན།  རང་བྱུང་ཆུ་ཚན། རྦབ་ཆུ་བཅས་ལྷན་སྐྱེས་སུ་འཛོམས་ཏེ་ངོ་མཚར་ཁྱད་དུ་འཕགས་པའི་མཛེས་ལྗོངས་ཤིག་ཡོངས་སུ་གྲུབ་ཡོད།དེ་ནི་འཛམ་གླིང་ཐོག་གྲོང་ཁྱེར་ཆེན་མོ་དང་ཐག་ཆེས་ཉེ་བ་དང་འགྲོ་ཆེས་བདེ་བའི་དེང་རབས་ཀྱི་འཁྱག་ཀླུང་ཡིན་ནོ།།

1502076552281355.jpg

1502076552661743.jpg

ལྕགས་ཟམ་རྫོང་གི་ལམ་སྒྲོན་གྱི་ཁྱད་ཆོས།

ལྕགས་ཟམ་རྫོང་གྲོང་གི་ལམ་སྒྲོན་ནི་ཤེལ་གྱི་གློག་ཀ་དང་གློག་སྒྲོན་གཉིས་ཆར་ཡིན་པའི་གྲུ་བཞི་ནར་མ་དྲྭ་མིག་ཅན་ཅན་གྱི་ཐོག་ལ་གྲུ་བཞིའི་གློག་སྒྲོན་རྒྱ་གྲམ་གྲུ་བཞི་ཅན་བཙུགས་ཡོད་ཅིང་། དེའི་ངོས་བཞི་ལ་ལྕགས་ཟམ་ཁའི་རིག་གནས་ཡུལ་སྐོར་གྲགས་ཅན་གྱི་རི་མོ་བཀོད་ཡོད། གྲུ་བཞིའི་དབྱིབས་ཀྱིས་དམར་དམག་རྒྱང་སྐྱོད་སྐབས་ཀྱི་དཔུང་སྡེའི་གཙོ་ཤུགས་ནི་དམར་དམག་རུ་ཁག་བཞི་པ་ཡིན་པ་མཚོན་ཞིང་གསར་བརྗེའི་རིག་གནས་ཀྱི་ཤན་ཞུགས་ཡོད། ཞབས་གྲུ་བཞིའི་གློག་སྒྲོན་ལས་གློག་འོད་སེར་པོ་འཕྲོས་ཤིང་སྟེང་གྲུ་བཞི་གློག་སྒྲོན་ལས་གློག་འོད་དཀར་པོ་འཕྲོས་པས་མཚན་མོར་མི་ལ་སྤྲོ་སྣང་དབང་མེད་དུ་བྱིན། དེ་མིན་པད་མའི་གཟུགས་སུ་གྲུབ་པའི་ལམ་སྒྲོན་ཡང་ཡོད་དོ།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།