ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་བོད་མཐོ་སྒང་ནི་འབྱུང་ཁུངས་ཆེན་པོ་ལྔའི་ལྟེ་བ་ཡིན།

    སྤེལ་དུས། : 2017-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

222.jpg

མཚོ་བོད་མཐོ་སྒང་ནི་ང་ཚོ་བོད་མི་རིགས་རྣམས་འཚོ་གནས་དང་འཕེལ་རྒྱས་འབྱུང་སའི་རྟེན་གཞི་ཁྱད་པར་ཅན་ཞིག་ཡིན་པ་དང་། ང་ཚོ་བོད་མི་རིགས་འདིས་གཞི་འདི་ལ་བརྟེན་ནས་ཁྱད་མཚར་བའི་ལོ་རྒྱུས་གང་མང་ཞིག་བསྐྲུན་མྱོང་། ད་ལྟ་རིག་གཞུང་ལས་རིགས་སྟེང་གི་མཁས་པ་ཁ་ཤས་ཀྱིས་བཤད་པ་ལྟར་ན། དེང་ཐོག་ང་ཚོ་མིའི་རིགས་ཀྱིས་འབྱུང་ཁུངས་ཐོག་མ་ཡང་མཚོ་བོད་མཐོ་སྒང་འདི་ཡིན་པར་བཤད། གང་ལྟར་ཀྱང་མཚོ་བོད་མཐོ་སྒང་ནི་རྒྱལ་ཡོངས་དང་། ཐ་ན་འཛམ་གླིང་གི་སྐྱེ་ཁམས་ཀྱི་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་བཤད་བཞིན་ཡོད་པ་དང་། དེར་བསྟུན་ནས་ཞིབ་འཇུག་པ་མང་པོ་གནས་འདི་ནས་་མགོ་བརྩམས་ཏེ། ཞིབ་འཇུག་དང་སྲུང་སྐྱོབ་བྱེད་པའི་ཐབས་ལམ་སྣ་ཚོགས་ཀྱང་འཚོལ་ཞིབ་བྱེད་བཞིན་གདའ།

ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་ལགས་ཀྱིས་མཚོ་བོད་མཐོ་སྒང་ནི་འབྱུང་ཁུངས་ལྔའི་ལྟེ་བ་དང་། ཀྲུང་ཧྭའི་ཆུ་མཛོད་ཡིན་ཞེས་པའི་རིག་གཞུང་ལྟ་ཚུལ་གསར་བ་ཞིག་བཏོན་པ་དང་བསྟུན་ནས་ཁོང་གིས་དེ་ལ་འགྲེལ་བཤད་གསལ་བོ་ཞིག་ཀྱང་བྱས་འདུག དེ་ན་འབྱུང་ཁུངས་ཆེན་པོ་ལྔ་ནི་གང་ཡིན་ཟེར་ན། དེ་ནི་འཁྱག་རོམ་གྱི་འབྱུང་ཁུངས་དང་། ཆུ་བོའི་འབྱུང་ཁུངས། སྐྱེ་ཁམས་ཀྱི་འབྱུང་ཁུངས། ཚེ་སྲོག་གི་འབྱུང་ཁུངས། ཤེས་རིག་གི་འབྱུང་ཁུངས་བཅས་རེད།

wKgBzFR8GjuAMSgnAHNiGJWGFtI995.tub.JPG

མཚོ་བོད་མཐོ་སྒང་ནི་ཀྲུང་ཧྭའི་ཆུ་མཛོད་ཡིན་པ་སྟེ།
        དང་པོ། འཁྱགས་རོམ་གྱི་འབྱུང་ཁུངས་ཡིན་པ།
       མཚོ་བོད་མཐོ་སྒང་དེ་ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་ལ་མུས་སྟོང་བཞི་དང་ལྔ་བརྒྱ་ཡས་མས་ཡོད་པ་དང་། མཁའ་དབུགས་ཅུང་དམའ་ཞིང་། ལོ་རེར་མཚོ་ངོས་ཡར་འཕར་བའམ་མར་བབས་པ་དང་བསྟུན་ནས་ལོ་རེར་དྲོད་གྲང་མར་འབབ་པའི་རྒྱ་ཁྱོན་གྱིས་ཕལ་ཆེར་མཚོ་བོད་མཐོ་སྒང་གི་ཕྱེད་ཀ་ཟིན་ཡོད་ལ། སྤྱི་ཟླ་དང་བོར་ས་ཆ་མང་ཆེ་ཤོས་སུ་དྲོད་གྲང་བརྒྱ་ཆའི་གོར་ཐོག་མན་གྱི་བཅུ་ལས་དམའ་བ་དང་། ཟླ་བ་བདུན་པ་ནི་ཆེས་དྲོ་བའི་དུས་ཚིགས་ཏེ། མཚོ་བོད་མཐོ་སྒང་གི་མཚོ་སྔོན་ལྷོ་ཕྱོགས་དང་བོད་བྱང་ཐང་ས་ཁུལ་གྱི་ཆ་སྙོམས་དྲོད་གྲང་བརྒྱ་ཆའི་ལྔ་མ་གཏོགས་མེད། མཚོ་བོད་མཐོ་སྒང་ནི་མཚོ་ངོས་ལས་མཐོ་ལ་མཁའ་དབུགས་ནང་ཆུའི་གྲུབ་ཆ་ཉུང་ཞིང་། འབག་བཙོག་ཉུང་ལ་དྭངས་ཚད་མཐོ། ཉི་མའི་ཚ་གདུག་ཆེ་བ་དང་མཐོ་སྒང་གི་དབུགས་རླུང་ཉུང་བས་ལྟོས་འཇོག་གིས་བཤད་ན་མཁའ་དབུགས་དྲོད་གྲང་གི་འགྱུར་ལྡོག་མཚོ་ངོས་ལས་དམའ་བའི་ས་ཁུལ་གྱི་ཐང་ཆེན་ཁུལ་དང་བསྡུར་ན་ལྡབ་གཅིག་གིས་མཐོ། དེའི་ཕྱིར། མཚོ་བོད་མཐོ་སྒང་གི་དགུན་གཞུང་རིང་མོ་ནི་འཁྱགས་རོམ་གྱི་འབྱུང་ཁུངས་དང་གྲང་འཁྱག་མཐོ་ཁུལ་དུ་གཏོགས་པས་ཨེ་ཤ་ཡ་གླིང་གི་དབུགས་གནོན་དང་དབུགས་དྲོད། རླུང་། འབབ་ཚད་སོགས་ལ་ཤན་ཤུགས་ཟབ་མོ་ཐེབས་ཡོད། མཚོ་བོད་མཐོ་སྒང་ནི་སའི་གོ་ལའི་སྣེ་གསུམ་པ་སྟེ། ནུབ་སྣེ་དང་བྱང་སྣེ་ལ་བརྟེན་ནས་ལྟོས་འཇོག་གིས་འཁྱགས་རོམ་གྱི་འབྱུང་ཁུངས་སུ་གྲགས།

1254651320299.jpg

གཉིས་པ། ཆུ་བོའི་འབྱུང་ཁུངས་ཡིན་པ།

གཅིག མཚོ་བོད་མཐོ་སྒང་གི་ཆུ་བོའི་འབྱུང་ཁུངས་སྤྱིའི་ཚད་ནི་མུས་གྲུ་བཞི་མ་ཐེར་ཆེན་ང་བཞི་དང་ཐེར་འབུམ་དྲུག་དུང་ཕྱུར་གསུམ་ལྷག་ཡིན་པ་དང་། དེ་ལས་ཞི་བདེ་རྒྱ་མཚོའི་ཆུའི་ཚད་ལ་མུས་གྲུ་བཞི་མ་ཐེར་ཆེན་ཉེར་ལྔ་དང་ཐེར་འབུམ་བཞི་དུང་ཕྱུར་བརྒྱད་དང་ ཧིན་རྡུ་རྒྱ་མཚོ་ཆེན་པོའི་ཆུའི་ཚད་ལ་མུས་གྲུ་བཞི་མ་ཐེར་ཆེན་ཉེར་ལྔ་ཡོད་པའི་ནང་སྐམ་སའི་ས་ཁུལ་གྱི་ཆུ་ཚད་ལ་མུས་གྲུ་བཞི་མ་ཐེར་ཆེན་ལྔ་དང་ཐེར་འབུམ་གཅིག་དུང་ཕྱུར་ལྔ་ ཡོད་པ་དང་ས་འོག་ཆུ་བོའི་ཐོན་ཁུངས་ལ་ཕལ་ཆེར་མུས་གྲུ་བཞི་མ་སྟོང་གཅིག་དང་ལྔ་བརྒྱ་རེ་བརྒྱད་ཡོད་ལ། ཧ་ལམ་མུས་གྲུ་བཞི་མ་སྟོང་གཅིག་དང་སུམ་བརྒྱ་གཅིག་ལྷག་དང་ས་ངོས་ཀྱི་ཆུ་ནི་བསྐྱར་བགྲང་བྱས་པ་རེད། མཚོ་བོད་མཐོ་སྒང་གི་ཆུ་བོའི་ཐོན་ཁུངས་སྤྱིའི་ཚད་དང་། ས་སྟེང་ཆུ་བོའི་ཐོན་ཁུངས་སྤྱིའི་ཚད་ཀྱིས་ཆ་སྙོམས་རྒྱལ་ཡོངས་ཀྱི་ལྔ་ཆའི་གཅིག་ལྷག་ཟིན་ཡོད། ཀྲུང་གོ་ལས་གཞན་ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་གླིང་གི་གཙང་བོ་ཆེན་པོ་དང་ཆུ་བོ་ཆེན་པོ་མཐའ་དག་གི་འབྱུང་ཁུངས་ནི་མཚོ་བོད་མཐོ་སྒང་ཡིན། རང་རྒྱལ་དུ་རྒྱལ་སྤྱིའི་འབབ་ཆུ་གཙོ་བོ་བཅོ་ལྔ་ཡོད་པ་ལས་མཚོ་བོད་མཐོ་སྒང་གིས་དེའི་ནང་བརྒྱད་ཟིན་ཡོད། ལོ་རེ་བཞིན་གནས་འདི་ནས་རྒྱལ་མཚམས་བརྒལ་བའི་ཆུའི་ཚད་ཕལ་ཆེར་མུས་གྲུ་བཞི་མ་ཐེར་ཆེན་བཞི་བཅུ་ཡོད་པས་རྒྱལ་མཚམས་བརྒལ་བའི་ཆུའི་ཚད་ཀྱིས་སུམ་ཆའི་གཉིས་ཟིན་ཡོད། ཞི་བདེ་རྒྱ་མཚོ་ཆེན་པོའི་ནང་ལ་འབྲི་ཆུ་དང་རྨ་ཆུ། རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་ཀྱི་ཆུ་བོ་བཅས་འདུ། ཧུན་རྡུ་རྒྱ་མཚོའི་ཆུའི་ནང་ལ་ཡར་ཀླུང་གཙང་བོ་དང་རྫ་ཆུ། ཧིན་རྡུ་གཙང་བོའི་སྟོད་རྒྱུད་གྱི་སྐམ་སའི་ནང་གི་ཆུ། ཚྭ་འདམ་གཤོང་དང་ཆི་ལེན་རི་རྒྱུད་དང་ནང་གི་སྐམ་སའི་ཆུ་ལག་བཅས་འདུས།

u=2021412518,3700530644&fm=214&gp=0.jpg

གཉིས། མཚོ་དང་མཚེའུ།
        རྒྱ་ཁྱོན་མུས་གྲུ་བཞི་མ་གཅིག་ཡན་གྱི་མཚོ་དང་མཚེའུ་སྟོང་གཅིག་དང་བརྒྱ་དང་ཉེར་དྲུག་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་གྱིས་མུས་གྲུ་བཞི་མ་ཁྲི་གསུམ་དང་སྟོང་དགུ་ཉིས་བརྒྱ་བདུན་ཟིན་ཡོད་ལ། དེ་རྒྱལ་ཡོངས་ཀྱི་མཚོ་དང་མཚེའུ་གྲངས་ཀའི་བརྒྱ་ཆའི་བཞི་བཅུ་ལ་ཉེ་བ་དང་རྒྱ་ཁྱོན་གྱི་བརྒྱ་ཆའི་ཞེ་དགུ་ཟིན་ཡོད་པས། འཛམ་གླིང་སྟེང་ཆེས་ཆེ་བའི་མཐོ་སྒང་གི་མཚོ་དང་མཚེའུ་མང་སའི་ས་ཁུལ་ཞིག་ཡིན། མཚོ་དང་མཚེའུ་ཡིས་ཆུ་གསོག་ཚད་མུས་གྲུ་བཞི་མ་ཐེར་ཆེན་ང་གཅིག་དང་ཐེར་འབུམ་བརྒྱད་དུང་ཕྱུར་གཉིས་ཟིན་ལ། ཆུའི་གསོག་ཚད་ལ་མུས་གྲུ་བཞི་མ་སྟོང་གཉིས་དང་སོ་ལྔ་ཡོད་པས་རྒྱལ་ཡོངས་ཆུའི་སྤྱིའི་རྒྱ་ཁྱོན་གྱི་མུས་གྲུ་བཞི་མ་ཁྲི་གཅིག་དང་སྟོང་གསུམ་བརྒྱད་བརྒྱ་དོན་བདུན་ལྷག་དང་། མཐོ་སྒང་གི་མཚོ་དང་མཚེའུ་རྒྱ་ཁྱོན་གྱི་བརྒྱ་ཆའི་སོ་ལྔ་ལྷག་བཟུང་ཡོད་པ་དང་། མཐོ་སྒང་གི་མཚོ་དང་མཚེའུ་ཁྲོད་དུ་ཆ་སྙོམས་གྱི་སྐམ་སའི་ནང་གི་མཚོ་ཆུ་དང་ཚྭ་མཚོ་སྐྱ་རེངས་བཅས་ཀྱིས་ཆ་སྙོམས་བྱས་ན་མཚོ་བོད་མཐོ་སྒང་གི་བརྒྱ་ཆའི་དགུ་བཅུ་བཟུང་ཡོད།

གསུམ། འཁྱགས་རོམ།
མདོ་དབུས་མཐོ་སྒང་གི་འཁྱགས་རོམ་གྱི་རྒྱ་ཁྱོན་ལ་ཕལ་ཆེར་མུས་གྲུ་བཞི་མ་ཁྲི་ལྔ་དང་དྲུག་བརྒྱ་ལྷག་དང་། གསོག་ཚད་ལ་མུས་གྲུ་བཞི་མ་ཁྲི་བཞི་ཡོད་པས། འབབ་ཆུའི་བཞུར་ཤུགས་མི་འདྲ་བའི་རིགས་གཞིར་བཟུང་སྟེ་རིགས་གསུམ་དུ་དབྱེ་བ་ལྟར་ན། རྒྱ་མཚོ་ཆེན་པོར་འབྲེལ་བའི་འཁྱགས་རོམ་གཙོ་བོ་བོད་ལྗོངས་ཤར་བྱང་དང་ལྷོའི་རྒྱུད་དུ་འདུ་ཞིང་། སྐམ་ས་ཆེན་པོའི་སྣེ་དང་འབྲེལ་བའི་འཁྱགས་རོམ་གཙོ་བོའི་ཁྱབ་སྟངས་ནི་མཐོ་སྒང་ནུབ་རྒྱུད་ཡིན།

བཞི། བརླན་གཤེར་ས་ཁུལ།
བརླན་སའི་སྤྱིའི་རྒྱ་ཁྱོན་ལ་ཆ་སྙོམས་གྱི་མུས་ས་ཡ་ལྔ་དང་འབུམ་བདུན་ཡོད་པ་དང་དེ་རིགས་ཆེན་པོ་བཞི་རུ་དབྱེ་ཡོད། འདབ་རྫབ་ཀྱི་ཁྱབ་རྒྱ་ཆེ་ཞིང་འཛམ་གླིང་སྟེང་མཚོ་ངོས་ལས་ཆེས་མཐོ་བའི་ན་འདམ་བརླན་ཁུལ་རེད། མཛོ་དགེ་རྩྭ་ཐང་གི་ན་འདམ་རྒྱ་ཁྱོན་གྱིས་མུས་གྲུ་བཞི་མ་སྟོང་བཞི་ཟིན་པ་དང་དེ་ནི་རང་རྒྱལ་གྱི་ཆེས་ཆེ་བའི་རྩི་ཤིང་ན་འདམ་ཞིག་རེད། ནགས་ཚལ་ས་གཤིས་དང་མཁའ་དབུགས་ཀྱི་དབང་གིས་བརླན་ཁུལ་ཁྱབ་སྟངས་ལ་བཀག་རྒྱ་ཐེབས་མོད་སྐྱེ་ཁམས་ལ་ཕན་པའི་སྣེ་གཙོ་བོ་ཡིན་ལ། འབབ་ཆུ་དང་མཚོ་དང་མཚེའུ་ནི་མཐོ་སྒང་གི་སྐྱེ་ཁམས་དང་འབྲལ་ཐབས་མེད་པའི་ཁ་སྣོན་ཞིག་ཡིན་པས་དེ་ལ་ཚབ་མཚོན་བྱས་ཆོག་པའི་ནུས་པ་མི་འདུག

གསུམ་པ། སྐྱེ་ཁམས་འབྱུང་ཁུངས་ཡིན་པ།

མཚོ་བོད་མཐོ་སྒང་ནི་སའི་གོ་ལའི་མཚོ་ངོས་ལས་ཆེས་མཐོ་བའི་རང་བྱུང་གི་གནས་ཁུལ་ཅིག་སྟེ། འཛམ་གླིང་གི་ཡང་རྩེ་ཞེས་པའི་མིང་ཐོགས་ཡོད། དེའི་རང་བྱུང་གི་ཁྱད་མཚར་དང་ཕན་ནུས་མི་འདྲ་བ་ནི་སའི་གོ་ལའི་སྟེང་ཁྱད་པར་ཅན་གྱི་རང་བྱུང་གི་གནས་བརྒྱད་ཀྱི་ཁག་ཅིག་ཀྱང་ཡིན། མཚོ་བོད་མཐོ་སྒང་ནི་ས་ཁམས་རིག་པ་དང་སྐྱེ་དངོས་རིག་པས་ཞིབ་འཇུག་བྱ་བའི་མགོ་འཛུགས་ས་དང་ཐོན་ཁུངས་ཁོར་ཡུག་ཞིབ་འཇུག་གི་གནམ་གཤིས་ཚོད་ལྟ་ཁང་ཡང་ཡིན། གནས་འདི་ནི་ཁོར་ཡུག་འཆམ་མཐུན་དང་ཞོར་དུ་འཕེལ་རྒྱས་བྱུང་བའི་འཛམ་གླིང་སྟེང་གི་མཚོ་ངོས་ལས་ཆེས་མཐོ་བའི་ཁྱིམ་གཞིས་ཆགས་སའི་གནས་སུ་གྱུར། མཚོ་བོད་མཐོ་སྒང་གི་ས་རྒྱ་ཡངས་ཤིང་ཆེ་ལ། ཐོན་ཁུངས་ཕུན་སུམ་ཚོགས་པ། རི་ལུང་དཔལ་གྱིས་སྒེག་པ། རང་བྱུང་ཐོན་ཁུངས་མོད་པ། འཕེལ་རྒྱས་ཀྱི་མདུན་ལྗོངས་ཡངས་པའི་གནས་ཞིག་ཡིན་པས། དེ་ནི་རང་རྒྱལ་གྱི་མ་འོངས་འཕེལ་རྒྱས་ཀྱི་རྗེས་མཐུད་སྟོབས་ཤུགས་ཅིག་རེད། མཚོ་བོད་མཐོ་སྒང་ནི་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་པའི་ས་ཁུལ་ཁག་གི་གྲས་ཡིན་ལ། འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པས་གཏན་འབེབ་མཛད་པའི་སའི་གོ་ལ་ཡོངས་ཀྱི་ཐོན་དངོས་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་ཞེས་པའི་ཆེས་སྔོན་ཐོན་གྱི་ས་ཁུལ་ཞིག་ཀྱང་ཡིན། སྐྱེ་ཁམས་ཆུ་བོའི་འབབ་རྒྱུད་ཀྱི་དངོས་པོའི་འཕེལ་རྒྱས་དང་སྤྱི་ཚོགས་འཕེལ་རྒྱས། མི་རིགས་ས་ཁུལ་གྱི་ཡུན་རིང་འཆམ་མཐུན་བཅས་ལ་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན་ཡོད། དེ་དང་ལྷན་དུ་མཚོ་བོད་མཐོ་སྒང་གི་ཆུ་བོའི་འབབ་རྒྱུད་ལ་གཏོར་བརླག་བཟོ་བ་དང་། ཡ་གླིང་ཤར་མ་ནས་སའི་གོ་ལའི་ཡོངས་ཁྱབ་ཀྱི་གནམ་གཤིས་དང་མཁའ་དབུགས་ལ་ཤན་ཤུགས་ཐེབས་སུ་བཅུག་པ་དང་། མཐོ་སྒང་གི་ཚ་གྲང་ཇེ་མཐོར་སོང་བ་དང་བསྟུན་ནས་ལྷོ་བྱང་གི་མཁའ་དབུགས་ལ་རེས་མོས་ཀྱིས་བཀག་འགོག་བྱས་ཞིང་། བྱང་ཕྱོགས་འཁྱག་པའི་མཁའ་དབུགས་ལྷོ་རུ་བརྒྱུད་མི་ནུས་པ་ལ་སོགས་པའི་མཐོ་སྒང་གི་ཤར་བྱང་གི་དུས་རླུང་ཤན་ཤུགས་ཨེ་ཤ་ཡ་ལྷོ་མར་མི་ཐོན། དེ་རུ་དགུན་གཞུང་གི་ཚ་གྲང་ཧ་ཅང་སྙོམས་ཤིང་དབྱར་གཞུང་དུ་ཧིན་རྡུ་རྒྱ་མཚོ་ཆེན་མོས་ཤར་དུ་རླུང་འགོག་པ་དང་། ཚ་གྲང་སྙོམས་པའི་མཁའ་དབུགས་ནུབ་ཏུ་ཞིན་ཅང་དང་ཀན་སུའུ་ས་ཁུལ་སོགས་སུ་རྒྱུ་མི་ཐུབ་པ་དེས་རང་རྒྱལ་གྱི་ནུབ་བྱང་ས་ཁུལ་གྱི་མཁའ་དབུགས་སྐམ་པོར་འགྱུར་དུ་བཅུག་པ་ཡིན།

བཞི། ཚེ་སྲོག་གི་འབྱུང་ཁུངས།
ཆུ་ནི་བྱ་དངོས་ཡོད་ཚད་ཀྱི་ཚེ་སྲོག་གི་འབྱུང་ཁུངས་ཏེ། ཆུ་ཡོད་པས་ད་གཟོད་མིའི་རིགས་ཀྱིས་འཚོ་གནས་སྐྱེ་འཕེལ་བྱས་ཆོག་ལ་མཚོ་བོད་མཐོ་སྒང་གི་ཕུན་སུམ་ཚོགས་པའི་ཆུའི་ཐོན་ཁུངས་ཀྱིས་མཚོ་བོད་མཐོ་སྒང་གི་སྐྱེ་དངོས་ཁྲི་མ་འབུམ་གསོ་སྐྱོང་བྱས་པ་མ་ཟད། གཙང་བོ་ཆེན་པོ་དང་ཆུ་ཀླུང་ཆེན་པོ་བཅུ་ལྷག་ནི་རང་རྒྱལ་དང་ཨེ་ཤ་ཡ་ལྷོ་མའི་ས་ཁུལ་གྱི་འབབ་ཆུ་གཙོ་བོའི་ཁུངས་གནས་དང་ཆུ་འགོ་བརྒྱུད་ཁུལ་ཡིན། གནའ་ནས་ད་བར་དུ་མཚོ་བོད་མཐོ་སྒང་གི་ཁོར་ཡུག་གིས་ཀྲུང་ཧྭ་མི་རིགས་དང་ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་ལྷོ་ཤར་གྱི་མང་ཚོགས་ལ་ཕན་ཐོགས་བསྐྲུན་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་མ་འོངས་འཕེལ་རྒྱས་ཀྱི་ཕྱོགས་ལའང་ཐད་ཀར་ནུས་པ་ཐོན་ཡོད། ཁོར་ཡུག་གི་རིན་ཐང་ཐད་ནས་གླེང་ཚེ། མཚོ་བོད་མཐོ་སྒང་མ་ཟད་ཀྲུང་ཧྭ་མི་རིགས་ཀྱི་ཚེ་སྲོག་གི་འབྱུང་ཁུངས་དང་། ཨེ་ཤ་ཡ་ལྷོ་ཤར་མི་དམངས་ཀྱི་ཚེ་སྲོག་གི་འབྱུང་ཁུངས་ཀྱང་རེད།

ལྔ་བ། .ཤེས་རིག་གི་འབྱུང་ཁུངས་ཡིན་པ།
ལོ་ངོ་བྱེ་བ་གཅིག་གི་སྔ་རོལ་དུ་མཚོ་བོད་མཐོ་སྒང་དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་མུས་སྟོང་གཅིག་ཡས་མས་ཡོད་པ་དང་། མཁའ་དབུགས་དྲོད་གྲང་སྙོམས་ཤིང་བརླན་གཤེར་ལྡན་པས། སྐབས་དེའི་མཚོ་བོད་མཐོ་སྒང་ནི་གནའ་བོའི་དུས་ཀྱི་མིའི་རིགས་མཐུན་ཐབས་འོང་སའི་ཁོར་ཡུག་བཟང་པོ་ཞིག་རེད་ཅེས་བཤད་ཆོག ད་ལྟའི་བར་དུ་ཕལ་ཆེར་མི་ལོ་ས་ཡ་གཉིས་ནས་གསུམ་འགོར་བ་དང་དེའི་རིང་ལ་མཚོ་བོད་མཐོ་སྒང་གི་རྒྱ་ཁྱོན་ཆེ་རུ་གྱུར་ཏེ། ད་ལྟའི་མཐོ་ཚད་འདི་བྱུང་བ་རེད། བསྡོམས་རྩིས་བྱས་ན་མུས་སྟོང་གསུམ་དང་ལྔ་བརྒྱ་ནས་སྟོང་བཞི་བར་ཇེ་མཐོར་སོང་ལ། རྡོ་ཆས་རྙིང་བ་དང་། རྡོ་ཆས་གསར་བའི་དུས་རབས་ཀྱི་རིག་གནས་ཤུལ་བཞག་ཡང་མང་པོ་མཐོང་རྒྱུ་ཡོད་ཕྱིར། དེ་དག་གིས་མཚོ་བོད་མཐོ་སྒང་གི་འཚོ་གནས་ལ་བདེན་དཔང་བྱས་ཡོད། བོད་ལྗོངས་ཤར་ཕྱོགས་ཀྱི་རོང་བའི་ས་ཁུལ་གྱི་མཁར་རོའི་རིག་གནས་དང་། ཡར་ཀླུང་གཙང་བོའི་བཞུར་རྒྱུན་ས་ཁུལ་གྱི་ལྷ་སའི་ཆོས་སྒང་རིག་གནས་ཀྱིས་མཐོ་སྒང་གི་རྡོ་ཆས་གསར་བའི་དུས་རབས་ཀྱི་རིག་གནས་ཀྱི་རྨང་གཞི་ཞིག་གྲུབ་ཡོད་པ་དང་། དེས་བོད་ལྗོངས་རིག་གནས་ཀྱི་ཆགས་སྟངས་ལ་ཐོག་མའི་རྨང་བཏིང་བ་རེད། བོད་ཀྱི་རྡོ་ཆས་དུས་རབས་ཀྱི་གནའ་རྫས་དཔྱད་ཞིབ་པས་བོད་ཀྱི་གདོད་མའི་རིག་གནས་ཀྱི་རིན་ཐང་གཞིར་བཟུང་སྟེ་དབྱེ་ཞིབ་བྱས་པ་ལྟར་ན། སྔོན་ཆད་བོད་མི་རིགས་ནི་མི་རིགས་ཕྱུག་པོ་ཞིག་རེད་ཟེར། དེ་ནི་ཐད་ཀར་དུ་རྡོ་ཆས་གསར་བའི་དུས་རབས་ཀྱི་གདོད་མའི་ཚོ་ཁག་ཆེན་པོ་གསུམ་གྱི་འབྱུང་ཁུངས་དང་མཉམ་འདྲེས་བྱས་ཡོད་དེ། དེའི་ནང་དུ་བོད་ལྗོངས་མཐོ་སྒང་དུ་སྡོད་པའི་ཡུལ་མི་དང་། བྱང་གི་རྩྭ་ཐང་ནས་ལྷོ་རུ་གནས་སྤར་བའི་སྡོད་དམངས། ཤར་ཕྱོགས་རྨ་ཆུའི་སྟོད་རྒྱུད་ས་ཁུལ་ནས་ལྷོ་རུ་སྐྱོད་པའི་གདོད་མའི་མ་ལག་གི་སྡོད་དམངས་བཅས་འདུ། ཀན་སུའུ་ནས་ཕྱིར་ཐོན་པའི་མ་ཇ་ཡོའི་རིག་གནས་དང་ཆིའུ་ཇ་རིག་གནས་ཀྱི་རྨང་གཞིེའི་གྲུབ་ཚུལ་ལ་བལྟས་ན། དེ་ནི་གདོད་མའི་ཆཱང་གི་རིག་གནས་དང་ཞིན་ཏེན་རིག་གནས། གཞན་ཡང་ནོ་མོ་ཧོང་གི་རིག་གནས་ཡིན། དུས་ཀྱི་ཆ་དང་ཡང་ན་ས་ཁམས་ཁྱབ་སྟངས་ཀྱི་ཆ་གང་ནས་ཞིབ་འཇུག་བྱས་ཀྱང་དེ་ནི་བོད་ཀྱི་མེས་པོ་རྣམས་ཀྱིས་གསར་སྐྲུན་བྱས་པའི་རིག་གནས་ཡོད་ཚད་ཀྱི་མཆེད་ཁུངས་ཡིན་པར་ངོས་འཛིན་ཀྱིན་ཡོད། ཚད་ལྡན་གྱི་ཡིག་ཆ་མང་པོ་ལས་ཤེས་པ་ལྟར་ན། རང་རྒྱལ་གྱི་གནའ་བོའི་ཆཱང་རིགས་དང་ཧྭ་ཤ་མི་རིགས་གཉིས་ཀྱི་བྱུང་བ་ནི་ཕལ་ཆེར་དུས་སྐབས་གཅིག་གི་ནང་རེད། ཧྭ་ཤ་མི་རིགས་ནི་ཆཱང་རིགས་བཞིན་གྲངས་ཉུང་མི་རིགས་གཞན་དང་ཕན་ཚུན་འདྲེས་པ་ལས་ཐུན་མོང་གི་ཚོགས་པ་ཞིག་གྲུབ་སྟེ། ཕན་ཚུན་ལ་འབྲེལ་འདྲིས་བྱས་པའི་ཁྲོད་མཛེས་སྡུག་འོད་སྟོང་འབར་བའི་ཧྭ་ཤ་རིག་གནས་དེ་ཐུན་མོང་གིས་གསར་སྐྲུན་བྱས་ཡོད་པ་རེད། དེའི་སྟབས་ཀྱིས་ང་ཚོས་ངེས་པར་དུ་མཚོ་བོད་མཐོ་སྒང་གི་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱས་ནས་གཙང་བོའི་འབབ་རྒྱུན་ཇེ་རིང་དུ་བཏང་སྟེ། གཙང་བོའི་སྨད་རྒྱུད་ཀྱི་མི་དམངས་རྣམས་ལ་བདེ་སྡོད་ལས་བརྩོན་བྱེད་ཐུབ་པའི་ཁོར་ཡུག་ཅིག་བསྐྲུན་དགོས་ཤིང་། རང་རྒྱལ་མུ་མཐུད་དུ་འཕེལ་རྒྱས་འབྱུང་བར་སྐྱེ་ཁམས་ཁོར་ཡུག་བཟང་བོ་ཞིག་འཛུགས་སྐྲུན་བྱེད་དགོས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།