༄༅། །བོད་ཀྱི་ལྡེབས་བྲིས།

2013040116153411573.JPGZWPཀྲུང་གོ་བོད་ཀྱི་དྲ་བ།

ལྡེབས་བྲིས་ནི་དགོན་སྡེ་དང་གཙུག་ལག་ཀུན་ལ་ཁྱབ་ཡོད།  དེའི་ངོས་འཛིན་དང་འཕེལ་རྒྱས་ཀྱི་ལོ་རྒྱུས།  ནང་དོན་གཙོ་བོ།བཟོ་རྒྱུན་དང་ལོ་རྒྱུས་ཀྱི་རིན་ཐང་ཅན་དང་།  ཁྱད་པར་ཅན་གྱི་ལྡེབས་བྲིས་འགའ་ངོ་སྤྲོད་བྱེད་པ་ལ།སྤྱིར་ལྡེབས་བྲིས་ནི་གཙུག་ལག་སོགས་ཀྱི་ལྡེབས་སུ་ཞལ་བ་ལེགས་པར་བགྱིས་པའི་སྟེང་ཏུ་འཇམ་བརྡར་དང་དཀར་གཞི་སྡུས་ལེགས་ཐོག་རི་མོ་བྲིས་པ་དེ་ཡིན།ཕྱིས་སུ་སྟབས་བདེ་བའི་ཕྱིར་དུ་ལྷ་ཁང་གི་ཀ་ཐག་རེའི་བར་ཚད་བྱས་ཏེ་རས་གཞི་ལ་བྲིས་ནས་གྱང་ངོས་སུ་བཀར་བར་ཀ་ཐང་ཞེས་སུ་བརྗོད་པའི་ལྡེབས་རིས་དང་།སླ་ཐབས་སུ་གྱང་གི་སྟེང་དུ་སྐྱ་རིས་ལེགས་པར་བྲིས་པ་ལ་ཆུ་ཚོན་གྱི་རི་མོ་ཞེས་བྱ་སྟེ།  ཆུ་ཚོན་གྱི་རི་མོ་མདངས་རྒྱག་པའི་ཤེས་བྱ་ལས་འཆད་འགྱུར་ལྟར་བྱས་པའི་སྟེང་བཀྲག་རྩི་བྱུག་ནས་གྲུབ།ZWPཀྲུང་གོ་བོད་ཀྱི་དྲ་བ།

      གཞན་ཡང་སྔ་རབས་སུ་བལ་ལོ་བཟོ་པས་རྒྱ་དཀར་པོའི་ལུགས་སུ་བྲིས་པ་དང་།  རྒྱ་ནག་གི་ལུགས་སུ་བྲིས་པ་དང་།ཕྱིས་བྱོན་པིར་ཐོག་མཁས་པ་དུ་མའི་བླ་སྐུ་སོགས་འབུར་ཚུགས་ཅན་ཕྱི་གླིང་པའི་ལུགས་སུ་བྲིས་པ་སོགས་བཟོ་རྒྱུན་དང་རྒྱུ་ཆས་སྣ་ཚོགས་ལས་བཞེངས་པའི་ལྡེབས་རིས་མང་བས་མཐའ་གཅིག་ཏུ་ངེས་པར་དཀའ་ཡང་ཕལ་ཆེ་བ་བ་ནི་བོད་ཀྱི་རི་མོ་གྱང་གི་ལྡེབས་སུ་བྲིས་པ་དེའོ། །ZWPཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།