ཀྲུང་གོ་བོད་ཀྱི་དྲ་བ།

རིག་གནས་འགྱུར་སྟངས།དེ་ལས་མང་།

  • 《སྨིན་དྲུག་བོད་ཀྱི་གློག་བརྙན་འཁྲབ་གཞུང་དཔེ་ཚོགས》པར་དུ་བསྐྲུན་པ།

    《སྨིན་དྲུག་བོད་ཀྱི་གློག་བརྙན་འཁྲབ་གཞུང་དཔེ་ཚོགས》འདི་ནི《སྦྲང་ཆར》རྩོམ་སྒྲིག་ཁང་གིས་བོད་ཀྱི་གློག་བརྙན་འཁྲབ་གཞུང་རྩོམ་པ་པོ་དག་ལ་ཐབས་ལམ་སྣ་ཚོགས་བརྒྱུད་ནས་འབྲེལ་འདྲིས་གང་མང་བྱས་ཏེ། མཐར་འཁྲབ་གཞུང་རྩོམ་པ་པོ་དྲུག་གི་འཁྲབ་གཞུང་བདམས་ནས་པར་སྐྲུན་བྱས་པ་ཞིག་ཡིན་ལ། ད་ལྟའི་བར་དུ་བོད་ཡིག་གི་ལམ་ནས་བརྩམས་པའི་འཁྲབ་གཞུང་གི་དཔེ་ཚོགས་ཐོག་མའང་ལགས།

  • ཚིག་མཛོད《གབ་འགྲེལ་མེས་པོའི་ངག་རྗེས》ཀྱི་ནང་དོན་གནད་བསྡུས།

    ཚིག་མཛོད་འདིའི་ནང་བོད་ཀྱི་ཡིག་རྙིང་སོགས་དང་། མདོ་དབུས་ཁམས་གསུམ་གྱི་རིས་མེད་མཁས་དབང་དག་གི་བརྩམས་ཆོས་གྲགས་ཆེན་ཁག་ལས་མ་ཚིག་བསྡོམས་པས་བདུན་སྟོང་ལྷག་བསྡུས་ཡོད་པར་མ་ཟད། ད་ལྟའི་བར་དག་ཡིག་ཁག་ཏུ་འཁོད་མྱོང་མེད་པའི་ཨ་མདོའི་ཡུལ་སྐད་ཁྲོད་ཀྱི་རྒྱུན་སྤྱོད་མིང་བརྡ་རྩ་ཆེན་སྐོར་ཞིག་ཀྱང་བསྡུ་རུབ་བྱས་ཏེ། དེ་དག་ལ་སྒྲ་དང་མཐུན་པ་དང་། དོན་ལ་གཞོལ་བ། བོད་རང་གི་བརྡ་སྤྲོད་ལུགས་དང་ཡང་མི་འགལ་བའི་སྒོ་ནས་ཡི་གེ་དག་མོ་ཇི་ལྟར་འབྲི་དགོས་ཚུལ་རེ་རེ་ནས་ལུང་རིགས་དཔེ་གསུམ་གྱིས་གསང་གནད་བཀྲོལ་ཡོད།

གནའ་དེང་མཁས་དབང་།དེ་ལས་མང་།

  • སྙན་མོ་ངག་གིས་ཕྱུག་པའི་མགོ་ལོག་སྒྲུང་པ་དབང་ཆེན་འཕྲིན་ལས།

    དབང་ཆེན་འཕྲིན་ལས་མཆོག་ནི། གཟའ་སྐར་འཕྲོད་སྦྱོར་བཟང་བོ་སྟེ་སྤྱི་ལོ་1973ལོའི་ཟླ་6ཚེས་7ཉིན་ཕ་མཚོ་ཤུལ་སྤུ་ལོ་དང་མགོ་བཟའ་ཆོས་སྨིན་གཉིས་ལས་གནས་ཡུལ་མགོ་ལོག་རྨ་སྟོད་མཁར་སྐོར་སྡེ་བའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐུ་བལྟམས། ཁོང་སྐུ་ན་ཕྲ་བའི་དུས་ནས་ལྷན་སྐྱེས་ཀྱིས་བོད་པའི་ཆོས་དང་རིག་གནས་ལ་དགའ་བ་དང་དུངས་པ་ཆེ་བས་ཐོས་བསམ་མི་དམན་པ་མཛད་དེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས།

  • གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ།

    གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ནི་སྟོད་ལུང་སྐྱིད་སྣ་ཞེས་པར་ཡབ་གཡུ་ཐོག་ཁྱུང་པོ་རྡོ་རྗེ་དང་། ཡུམ་རྒྱ་ས་ཆོས་ཀྱི་སྒྲོན་མེ་གཉིས་ཀྱི་སྲས་སུ་ས་སྤྲེལ་སྤྱི་ལོ་༧༠༨སྤྲེལ་ཟླའི་ཚེས་༡༥ཉིན་ངོ་མཚར་གྱི་དགེ་ལྟས་དུ་མ་དང་བཅས་སྐུ་བལྟམས། དགུང་ལོ་གསུམ་ལ་ཡབ་ཀྱི་དྲུང་དུ་ཀློག་བསླ

གསུང་རྩོམ་འདེམས་བཀོད།དེ་ལས་མང་།

གནའ་དེང་ཞིབ་འཇུགདེ་ལས་མང་།

ཡུལ་སྲོལ་གོམས་གཤིས།དེ་ལས་མང་།