མདུན་ཤོག- རིག་གནས་འཚོ་བ།- མཁས་པ་གྲགས་ཆེན།

སྨན་པ་ཤེས་རབ་རྒྱ་མཚོ།

    2011-01-17 15:15

         གསོ་བྱེད་སྨན་པའི་ཐུགས་བརྩེ་དྭངས་མ་ལས།།འཇིག་རྟེན་འགྲོ་མིའི་བདེ་སྡུག་ཀུན་ནས་རྟོགས།།
        --
ཟི་ལིང་དུང་དཀར་གཡས་འཁྱིལ་ཟོང་གཉེར་ཚད་ཡོད་ཀུན་ཟིའི་སྤྱི་ཁྱབ་གཙོ་འཛིན་པའམ་སྨན་པ་རབས་འབྱམས་པ་ལྕགས་མོའི་ཤེས་རབ་རྒྱ་མཚོ་ཡི་གནས་ཚུལ་བཀོད་པ།

    སྨན་པ་ཤེས་རབ་རྒྱ་མཚོ་ནི་སྤྱི་ལོ1972ལོའི་ཟླ12པའི་བཀྲ་ཤིས་དཔལ་རྫོགས་ཀྱི་ཉིན་མོ་ཞིག་ལ།རྨ་རྒྱལ་སྦོམ་རའི་འདབས་རོལ་དང་རྨ་ཀླུང་ཕྱུག་མོའི་སྟོད་རྒྱུད་དེ་མགོ་ལོག་དགའ་བདེ་རྫོང་ཁྱི་འབྲི་ཤང་གཙང་གོང་མ་སྡེ་བའི་འབྲོག་ཁྱིམ་དཀྱུས་མ་ཞིག་ནས་ངུ་སྐད་ཀྱི་དབྱངས་རྟ་ཐོག་མ་ཕ་ཡུལ་གྱི་རྩྭ་ཐང་དུ་གཏོར་ལ།
         བྱམས་ལྡན་ཕ་མ་གཉིས་སྤྲོ་བ་འབུམ་གྱིས་མྱོས་ཏེ་གནམ་རྒན་མས་གནངས་པའི་ཡིད་བཞིན་ནོར་བུ་ཞིག་ཏུ་བསམ་ནས་དྲོད་སེམས་ཀྱིས་གཉོར་སྐྱོང་གང་ལེགས་མཛད།ཕ་མ་གཉིས་ཀྱི་རྒྱབ་སྐྱོར་དང་རང་ཉིད་ཀྱི་སེམས་འདུན་ལྟར1979ལོར་ཡུན་རིང་ལ་རེ་སྙེག་དང་སྨོན་འདུན་བྱེད་སའི་ཤེས་རིག་གི་ཞིང་ཁམས་འགྲིམས་ཏེ་རྐང་དྲུག་བུང་བའི་ཚོགས་དང་ལྷག་དུ་ཀ་ཁའི་འབྲི་ཀློག་སྦྱངས་བའི་འགོ་བརྩམས།       གཡུར་དུ་ཟ་བའི་སྦྱངས་འབྲས་དང་མཉམ་དུ་དམའ་འབྲིང་སློབ་མཐར་ཕྱིན་ལ་ཉེ་དུས་ཁོ་ལ་ཅི་ཞིག་གིས་ལམ་སྟོན་པ་ནང་བཞིན་རང་སེམས་སུ་མ་འོངས་པ་ན་གསོ་རིག་ལ་སྦྱངས་པ་མཐར་ཕྱིན་བྱང་ཏེ་འགྲོ་བ་མིའི་རིགས་ལ་དགེ་བ་ནུས་ཚོད་ཅིག་བསྒྲུབ་རྒྱུའི་སེམས་འདུན་བརྟན་པོ་ཞིག་ཆགས་ལ།  དུས་མཚུངས་སུ1990ལོར་མི་ཚེ་ཡི་དཀྱོགས་མཚམས་གལ་ཆེན་དེ་རུ་ཁོ་ཉིད་ཀྱིས་མགོ་ལོག་ཁུལ་འཕྲོད་བསྟེན་སློབ་གྲྭར་འགྲིམས་པའི་གདམ་གསེས་བྱས།  རང་ཉིད་ཀྱི་དགའ་ཕྱོགས་དང་ཆོད་སེམས་བརྟན་པོ་ཞིག་གི་སྒུལ་ཤུགས་འོག་ཕྱིར་སློབ་གྲྭ་དེ་ནས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་གསོ་རིག་གི་ཤེས་བྱར་སྦྱངས་པ་ལེགས་པར་བྱས་ལ།  ངོས་ཆོག་པའི་གྲུབ་འབྲས་དང་དགེ་སློབ་རྣམས་ཀྱི་བསྟོད་བསྔགས་ཁྲོད་སློབ་མཐར་ཕྱིན་པ་དང་མཉམ་དུ་ཡུན་རིང་ཞིག་ལ་མཚན་མོའི་རྨི་ལམ་དུ་བོར་མ་མྱོང་བའི་གདན་ས་ཆེན་མོ་སྟེ་མཚོ་སྔོན་གསོ་རིག་སློབ་གྲྭ་ཆེན་མོ་རུ་བདེ་བླག་ངང་འགྲིམས་ཐུབ་སོང་།ཟི་ལིང་གྲོང་ཁྱེར་ནི་སྔོན་ཆད་ཁོའི་སེམས་ན་ཡོད་པའི་ཟི་ལིང་ལས་ཀྱང་ཧ་ཅང་མཛེས་སྡུག་ལྡན་ལ་ཤིན་ཏུ་རྙོག་འཛིང་ཆེ་བ་ཞིག་ཡིན་མོད།  འོན་ཀྱང་ཁོས་གནས་འདི་རུ་རྣམ་གཡེང་དང་སྒྱིད་ལུག་སོགས་རྩ་བ་ནས་དོར་ཏེ་གསོ་བ་རིག་པའི་ཤེས་བྱ་ཀུན་འཛོམས་པའི་སློབ་དཔོན་དམ་པ་དག་གི་མདུན་ནས་ལོ་དུ་མའི་རིང་སྔར་ཡོད་ཡོན་ཏན་གྱི་རྒྱགས་ཕྱེར་ཁ་སྣོན་བྱས་ཏེ་སྔར་ལས་ལྷག་པའི་གྲུབ་འབྲས་བརྩེགས་མ་ཞིག་དང་ཆབས་ཅིག་དགའ་སྤྲོའི་ངང་སྤྱི་ཚོགས་ལ་ཞུགས་པའི་སྟ་གོན་བྱས།    སྨན་པ་ཤེས་རབ་རྒྱ་མཚོ་རང་སྤྱི་ཚོགས་སུ་ཞུགས་ཟིན་ནའང་མགྱོགས་མྱུར་གྱིས་བྱ་བ་བཙལ་བར་བྲེལ་བ་མི་ལངས་པར།  ཁོའི་བསམ་པར་གསོ་རིག་ཞིང་ཁམས་སུ་མཚན་སྙན་གྱི་བ་དན་དགུང་དུ་འཕྱོ་བའི་སློབ་དཔོན་དག་གི་མདུན་ནས་སློབ་སྦྱོང་བྱེད་པའི་གོ་སྐབས་ཡོད་ཚེ་དེ་དམ་འཛིན་བྱེད་རྒྱུ་ནི་ཡོད་ཚད་ཀྱི་གཙོ་བོ་ཡིན་པར་སྙམ་ནས།1988ལོ་ནས་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་རིམ་པའི་བོད་ཀྱི་གསོ་རིག་མཁས་དབང་ཆེན་མོ་ཨ་ཁུ་ཁ་ལོ་མཆོག་གི་མདུན་ནས་དཔལ་ལྡན་རྒྱུད་བཞི་ལ་སྦྱངས་བ་ལེགས་པར་བྱས་པ་དང་ཆབས་ཅིག་རྒྱུད་ཆུང་གསུམ་བློར་བཟུང་བ་རེད།  དེ་མིན་བོད་ཀྱི་གསོ་རིག་ཆེད་མཁས་ཨ་ལགས་བཀྲ་ཤིས་དང་དཀོན་མཆོག་རྒྱལ་མཚན།རྒྱ་ཡེ་ཉི་མ།སྨན་པ་ཚེ་བཀྲ་སོགས་ཀྱི་དྲུང་ནས་ཀྱང་ནད་ཐོག་ལག་ལེན་སྐོར་ལ་སྦྱངས་བ་མི་དམན་པ་མཛད།དགེ་རྒན་དམ་པའི་ཐུགས་བསྐྱངས་དང་རང་གི་རྒྱུན་ཆད་མེད་པའི་རྩོལ་བ་ལ་བརྟེན་ནས1991ལོའི་ཟླ་དང་པོའི་ཚེས་20ཉིན་ཞིང་ཆེན་བོད་སྨན་ཁང་གི་སྨན་པ་འབུམ་རམས་པ་རྣམས་ཀྱི་མདུན་ནས་དཔལ་ལྡན་རྒྱུད་བཞི་ལས་རྩ་བ་ཐུགས་རྒྱུད་དང་བཤད་པ་སྐུ་ཡི་རྒྱུད།ཕྱི་མ་འཕྲིན་ལས་ཀྱི་རྒྱུད་གསུམ་བློར་རྒྱུགས་སྤྲད་ནས་གཟི་བརྗིད་ཀྱི་མིང་རྟགས་ཐོབ།   ལོ་ངོ་བཅུ་ཕྲག་རིང་དུ་དཀའ་སྤྱད་འབད་བརྩོན་གྱི་གསོ་བ་རིག་པར་སྤྱངས་བ་གང་ལེགས་བྱས་རྗེས།1994ལོར་སྨན་པ་ཤེས་རབ་རྒྱ་མཚོ་ཡིས་མགོ་ལོག་དགའ་བདེ་རྫོང་མི་དམངས་སྨན་ཁང་དུ་སྨན་པའི་ཕྱག་ལས་བཞེས་ཏེ་རྒྱ་ཆེའི་ནད་པ་རྣམས་ལ་རང་ནུས་ཀྱིས་སྨན་བཅོས་བྱེད་འགོ་བརྩམས།ཡུལ་དེའི་མང་ཚོགས་རྣམས་ཀྱིས་ཁོའི་ལག་རྩལ་ལ་ཡིད་ཆེས་དང་གདེང་འཇོག་ཚད་མེད་ཐོབ་རྐྱེན1998ལོར་མགོ་ལོག་ཁུལ་འཕྲོད་བསྟེན་སློབ་གྲྭའི་དགེ་རྒན་དུ་གདན་དྲངས་ལ།2003ལོའི་ཟླ7པའི་ཚེས1ཉིན་འཛམ་གླིང་སྨན་པའི་ཚོགས་པས་མཆིན་དུག་དང་གྲུམ་ནད།མོ་ནད།དྲེག་ནད།ཕོ་བའི་ནད་བཅས་ཀྱི་གསོ་བཅོས་ཐད་ཕུལ་བྱུང་སྨན་པའི་མཚན་སྙན་གནངས་པར་མ་ཟད། 
   2006ལོའི་ཟླ12པའི་ཚེས3ཉིན་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ཐིན་གྱིས་རྫོང་གི་ཕུལ་བྱུང་སྨན་པར་གདམས།དེ་མིན་ད་དུང་མདོ་དབུས་ཁམས་གསུམ་གྱི་བོད་སྨན་ཆེད་མཁས་རྣམས་དང་ལྷན་དུ་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་བོད་ཀྱི་གསོ་རིག་བགྲོ་གླེང་ཚོགས་འདུ་མི་ཉུང་བར་ཞུགས་ཏེ་མཁས་པ་རྣམས་ཀྱི་གསུང་ལས་རིན་ཆེན་མན་ངག་སྣ་ཚོགས་ལེན་པའི་སྐལ་བ་ཐོབ།
    ཁོས་རང་ཉིད་བོད་རིགས་ཤིག་ཡིན་པའི་ཆ་ནས་བོད་ཀྱི་སྐད་དང་ཡི་གེ་ནི་བླ་སྲོག་ལྟ་བུ་ཡིན་པའི་འདུ་ཤེས་ནམ་ཡང་སེམས་ནས་དོར་མ་མྱོང་ལ།ལྷག་པར་དུ་ཁོ་རང་ཆུང་དུས་ནས་རྩོམ་རིག་གསར་རྩོམ་གྱི་ཐད་ལ་ཧ་ཅང་མོས་པས་ད་བར་དུ་དུས་དེབ་དང་ཚགས་པར་སྟེང་དུ་རྒྱུད་བཞིའི་བསྟོད་པ་དང་གདོན་ཆུ་ལ་བརྟག་ཐབས་མེ་བཙའི་ལག་ལེན་མྱོང་ཚོར་སོགས་བརྩམས་ཆོས་དུ་མ་སྤེལ་མྱོང་བར་མ་ཟད།མི་ལོ་བཅུ་ཕྲག་ལྷག་གི་རིང་དུ་བསགས་པའི་ནད་གསོའི་ཉམས་མྱོང་གལ་ཆེན་ཕྱོགས་བསྡུས་བྱས་ནསརྒྱུན་མཐོང་ནད་རིགས་ཀྱི་བརྟག་བཅོས་གནད་བསྡུསཞེས་པའི་དཔེ་དེབ་ཅིག་གཡུ་འབྲུག་གི་ངར་སྐད་ཇི་བཞིན་གསལ་ལྷང་ངེར་གངས་ལྗོངས་མི་ཡུལ་དུ་བཀྲམས།སྨན་པ་ཞིག་ཡིན་ན་ཁོའི་ལྷག་བསམ་དང་གཞན་ཕན་གྱི་ལག་ཟུང་བརྐྱངས་པར་ས་གནས་དང་མི་རིགས་ཀྱི་ཚད་བཀག་མེད་ཅེས་པ་བཞིན་སྤོབས་པ་དང་ཆོད་སེམས་ཀྱིས་བརྟས་པའི་སྨན་པ་ཤེས་རབ་རྒྱ་མཚོ་ནང་ལོག་གྲོང་ཁྱེར་ཧྭ་ཨར་པེན་ལ་སོང་ནས་སོག་བཟའ་འཁྲུངས་དཔལ་དང་མཉམ་དུ་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསལ་ཅིང་ངལ་བ་སྟོང་ཕྲག་དང་དུ་བླངས་ནས་བོད་སྨན་དྲེག་ནད་ཚན་ཁག་ཅིག་ཆེད་བཙུགས་བྱས་ཏེ་འགྲོ་བ་གྲངས་མེད་ནད་ཀྱི་སྡུག་བསྔལ་ལས་བསྐྱབས་ལ།ད་དུང་ཕྱིའི་རྒྱལ་ཁབ་སིང་ཀ་ཕོར་དང་གྲོང་ཁྱེར་པེ་ཅིན་དང་ཧྲང་ཧེ།ཀོང་ཀྲུག  ཐེན་ཅིན་སོགས་སུ་ཆས་ཏེ་གཅིན་སྙི་ཟ་ཁུ་དང་མཆིན་དུག  ཕོ་རུབ།མོ་ནད་རླུངས་ཚབས་ཁྲག་ཚབས་སོགས་ནད་ཀྱིས་མནར་བའི་ནད་པ་མང་པོ་ཞིག་ན་ཟུག་གི་འཇིག་རྟེན་ལས་བསླངས་པས་མི་རིགས་གཞན་གྱི་མདུན་ནས་བོད་སྨན་གྱི་ངོ་མཚར་ནུས་པ་རྒྱ་ཆེར་ཁྱབ་སྒྲོག་བྱེད་པར་བྱས་རྗེས་མི་དམན་པ་བཞག  ནད་པ་ནད་ལས་སྐྱོབ་པ་ཙམ་གྱིས་ད་དུང་ཁོའི་གཞན་ཕན་སྒྲུབ་པའི་འདོད་བློ་མ་ཚིམ་པར་ལྷག་བསམ་གྱི་དར་ཆ་དཀར་པོ་མཐོ་རུ་བསྒྲེངས་ཏེ་མགོ་ལོག་དང་རེབ་གོང་ས་ཁུལ་སོགས་ཀྱི་ཁྱིམ་ཚང་དབུལ་བོ་མང་ཞིག་ལ་རིན་ཐང་སྒོར་ཁྲི་ཉི་ཤུ་ལྷག་གི་སྨན་རྫས་དང་གྱོན་ཆས།  ཟས་རིགས་སོགས་གནང་སྦྱིན་བྱས་མྱོང་། 
   མི་ལ་བརྩོན་འགྲུས་ལྡན་གྱུར་ན།མི་འགྲུབ་བྱ་མ་གཅིག་ཀྱང་མེདཅེས་པའི་དཔེ་བཞིན་སྨན་པ་ཤེས་རབ་རྒྱ་མཚོས་གཞན་ཅི་ཡང་མ་ཡིན་པར་རང་ཉིད་ཀྱི་ནུས་པ་ཁོ་ནར་བརྟེན་ནས་ད་ལྟ་དགའ་བདེ་རྫོང་བོད་སྨན་ཁང་གི་བོད་སྨན་སྡེབ་སྦྱོར་ཚན་ཁག་གི་གཙོ་འགན་བཞེས་ཡོད།སྤྱིར་འགྲོ་བ་མིའི་རིགས་དང་རང་མི་རིགས་པ་སྙིང་ཁོང་རུས་པའི་གཏིང་ནས་ཞབས་འདེགས་བཟང་པོ་ཞིག་བསྒྲུབ་འདོད་ཚེ་ཐོག་མར་མི་རང་ཉིད་ལ་ཕྱོགས་གང་ཐད་ཀྱི་ཡོན་ཏན་དང་རྒྱགས་ཕྱེ་མོད་པོ་ཞིག་ཡོད་དགོས་པ་རེད།དེའི་རྐྱེན་གྱིས་ཁོས་རང་གི་ཕུན་སུམ་ཚོགས་པའི་ལོངས་སྤྱོད་རྒྱང་དུ་དོར་ནས་དུས་ཡུན་རིང་བོ་ཞིག་ལ་ཉིན་མཚན་མེད་པར་སྙིང་སྟོབས་དང་དཀའ་སྤྱད་ཀྱི་གོམ་པ་ཕྱོགས་བཞི་མཚམས་བརྒྱད་དུ་ཤུགས་ཀྱིས་བཏེགས་མཐར།
      མ་དངུལ་སྒོར་ཁྲི་ཉེར་ལྔ་ལྷག་བཏང་ནས་འགྲོ་མི་ཀུན་གྱིས་ཕན་བདེ་ཡི་སྐྱབས་བཅོལ་ས་ཞིག་གམ་རྒྱ་ཆེའི་ནད་པ་རྣམས་ཀྱིས་རྨ་བྱའི་འབྲུག་སྒྲ་ཐོས་པ་ལྟ་བུའི་མཚོ་སྔོན་ཟི་ལིང་དུང་དཀར་གཡས་འཁྱིལ་ཟོང་གཉེར་ཚད་ཡོད་ཀུན་ཟིའི་བདེ་སྲུང་བོད་སྨན་ཁང་དེ་ཟི་ལིང་མཚོ་བོད་མཁོ་ཆས་ཚོང་རའི་ནང་བཀྲ་ཤིས་པའི་ཉིན་མོ་ཞིག་ལ་སྤྲོ་བ་སྟོང་གི་དགའ་འབོད་ཁྲོད་འཚར་ལོངས་བྱུང་དུ་བཅུག  སྤྱི་ཁྱབ་གཙོ་འཛིན་གྱི་འགན་བཞེས་ཡོད་པའི་སྨན་པ་ཤེས་རབ་རྒྱ་མཚོས་དུས་དང་རྣམ་པ་ཀུན་དུ་སེམས་ཁོང་ནས་བརྗེད་ཐབས་མེད་པ་ཞིག་ནི།རང་གིས་མུ་མཐུད་དུ་གསོ་བ་རིག་པར་སྦྱངས་བ་ཟབ་མོ་མཛད་དེ་སྣ་ཚོགས་ནད་ཀྱིས་གདུང་བའི་ནད་པ་གང་མང་ཞིག་ན་ཟུག་གི་ཀློང་ལས་ཐར་དུ་འཇུག་པ་དང་མཉམ་དུ་ཁྱིམ་ཚང་དབུལ་བོ་དང་དྭ་ཕྲུག དབང་བོ་སྐྱོན་ཅན་སོགས་ལ་རང་གི་ནུས་ཚོད་ཀྱིས་རོགས་སྐྱོར་གྱི་ལག་ཟུང་བར་མེད་དུ་བརྐྱངས་ཅི་ཐུབ་བྱེད་རྒྱུ་དེ་ཡིན།  དེས་ན་གྲོགས་པོ་རྣམས་ཀྱིས་གཤམ་གྱི་ཁ་པར་ཨང་གྲངས་འདི་ལ་འབྲེལ་གཏུག་བྱོས།0971---3637777      13109708888