མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- སྙན་ངག

ཀྲུང་གོ་དང་ངའི་ཕུགས་འདུན།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། བོད་ལྗོངས་གཞིས་རྩེ་ས་གནས་མཐོ་འབྲིང་གསུམ་པ།  2013-10-22 15:11

ནམ་མཁའི་དབྱིངས་སུ་ཉིན་བྱེད་དབང་པོ་བཞུགས། །
ས་གཞི་འདི་ལ་པད་མ་འདབ་བརྒྱ་བཞད། །
མེས་རྒྱལ་ཆེན་པོ་དཔག་བསམ་ལྗོན་ཤིང་ལས། །
རིགས་ཁག་མི་རིགས་བདེ་བའི་འབྲས་བུ་སྤྱོད། །

དམངས་དོན་འགངས་ཆེའི་ཁྱབ་བསྒྲགས་དཔྱིད་རླུངས་ཀྱིས། །
གཞན་ཕན་བྱ་གཞག་དྲི་བསུང་ཕྱོགས་བཅུར་འཐུལ། །
བདེ་སྡོད་ལས་གྲྭའི་འབྲུག་སྒྲ་ལྡིར་བ་ཡིས། །
དམངས་ཀྱི་སྡོད་ཁང་མཛེས་པའི་རྨ་བྱ་བལྟམས། །

མེས་རྒྱལ་ཨ་མའི་ཞི་འཇམ་ཕང་བ་རུ། །
སྤུན་ཟླ་མཉམ་དུ་འདྲ་མཉམ་ནུ་ཞོ་ཞིམ། །
དབུལ་ཕོངས་གྲང་ངར་ཚ་ཟེར་འོད་ཀྱིས་བཅོམས། །
འབྱོར་འབྲིང་འཚོ་བ་ཡར་ངོའི་ཟླ་ལྟར་འཕེལ། །

ཁ་གཏད་རོགས་སྐྱོར་སྦྲང་ཆར་ཟིལ་མ་ཡིས། །
དཔལ་འབྱོར་དཔྱིད་དཔལ་མེ་ཏོག་ལྷམ་ལྷམ་བཞད། །
ཕྱི་ཕྱོགས་སྒོ་མོ་དབྱེ་བས་འཇིག་རྟེན་མཐོང་། །
ནང་ཁུལ་འཁྲུག་ཏུ་བཏང་བས་ལམ་སྣེ་སྟོན། །

ཕ་རོལ་དགྲ་བོ་སྣ་ཚོགས་ཚོན་གྱིས་བཅོམ། །
ནང་གི་དམེ་བོ་དཔའ་བོའི་ཟིལ་གྱིས་མནན། །
མེས་རྒྱལ་གཅིག་འགྱུར་དར་ཆ་མཐོན་པོ་ཡིས། །
རིགས་ཁག་མི་རིགས་བློ་གཏད་ཁྱེད་ལ་བཅོལ། །

མི་རིགས་སྲིད་ཇུས་གསེར་གྱི་ལྡེ་མིག་གིས། །
དམངས་ཀྱི་འབད་བརྩོན་བློ་སྒོ་ཡངས་པོར་ཕྱེ། །
སྙན་འཇེབས་བློ་ཡིད་ཚིམས་པའི་བསྟོད་དབྱངས་སྒྲ །
ངམ་ངམ་ཤུག་ཤུག་ངག་གི་བར་ནས་ཐལ། །

ང་དྲུག་མི་རིགས་དཔུང་ཐང་མཉམ་གཤིབ་ངང། །
སྤྱི་ཚོགས་རིང་ལུགས་ལམ་བུ་གསར་པའི་ཐོག །
དཔའ་མཛངས་རྟུལ་ཕོད་མདུན་དུ་བསྐྱོད་པ་ཡི། །
དོན་དངོས་འཁོར་ལོ་སུ་ཡིས་འགོག་པར་ནུས། །

དཀར་གཙང་གོས་དཀར་ལུས་ལ་རབ་བརྒྱན་ཅིང་། །
སེམས་བསྐྱེད་བསེ་རུའི་སྤྱོད་བཟང་རྒྱུན་བསྐྱངས་ནས། །
ནད་བཅོམ་རལ་གྲི་ཐོགས་པའི་ལྷ་རྗེ་དག །
འགྲོ་ཕན་གླིང་དུ་དམངས་ལ་བདེ་བ་བསྐྲུན། །

སྤྲོ་སྣང་དོད་པའི་སློབ་གྲྭའི་ཁོར་ཡུག་ནང་། །
བློ་རིག་བཀྲ་བའི་བློ་གསར་བུང་བའི་ཚོགས། །
རིན་མེད་སློབ་གསོ་མྱོང་བའི་བསྐལ་བ་ཐོབ། །
ཁ་ལྗོངས་རིག་གནས་བསྟན་པ་ཡང་ཡང་དར། །

བགྲང་ཡས་ལོ་ཟླའི་རྩིབས་ཀྱི་ལོ་རྒྱུས་ངོས། །
རིགས་ཁག་མི་རྣམས་མཛའ་སེམས་དམ་དུ་འབྲེལ། །
ཕན་ཚུན་རོགས་རམ་མཛའ་བཤེས་ཟམ་ཆེན་ཐོག །
ང་དྲུག་མི་རིགས་དཔུང་ཐང་ཤིག་ཤིག་བསྐྱོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག