མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- སྙན་ངག

ལམ་ལ་ཆས།

རྩོམ་པ་པོ། དཀོན་མཆོག་དོན་གྲུབ།  ཡོང་ཁུངས། རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་།  2013-10-23 09:34

ལམ་ནི་སོང་མི་ཚར་ལ
དེའི་དཀྱོགས་མཚམས་རེ་རེ་ནི
སྐྱོ་གདུང་གི་སྨྲེ་ངག་དགུང་ལ་ཁྱབ་ས་དང་
མིག་ཆུ་ཡི་ཐིགས་པ་ས་ལ་འཐིམ་ས་ཡིན་ལ
མི་ཚེ་ཡི་དོན་སྙིང་མངོན་དུ་འགྱུར་སའང་རེད
གང་ལྟར
ང་རང་ལམ་ལ་ཆས་བ་ནི
ལམ་གྱི་ཕ་རོལ་ནས་རེ་བའི་རྨི་ལམ་དེ་མངོན་ཆོག་པས་ཡིན
སྐབས་དེར་རང་གིས་རང་ལ་ཆིག་ལབ་བརྒྱབ་སྟེ
སྟོང་བསམ་གྱིས་བཟི་དུས
རེ་བའི་རྨི་ལམ་དེ་མཛེས་སྡུག་གིས་ཁེངས་ཤིང
འཇའ་ཚོན་གྱིས་རྒྱན་པ་མཐོང་
མཚམས་རེར
མཛད་མཐའ་མེད་པའི་ལམ་གྱི་དབང་གིས
སྨྲེ་ངག་ཤོར་ལ འོ་དོད་འབོད
ཨ་ཐང་ཆད་པའི་སེམས་པས
སྐྱེས་སྟོབས་དབེན་པའི་ལུས་གཟུགས་དེ་མཐོང་དུས
ཡོད་ཚད་ལ་རྫོགས་ཚིག་འགོད་འདོད་པའི་སྣང་བའང་འཆར་མྱོང་
ཡིན་ཡང་
ང་རང་ཡང་བསྐྱར་ལམ་ལ་ཆས་བ་ཡིན
ལམ་གྱི་སླད་དུ རང་ཉིད་ཀྱི་སྐེ་རགས་དམ་པོར་བཅིངས་ཤིང་
སྐྱོ་གདུང་གི་སྨྲེ་ངག་དབྱངས་རྟར་དྲངས་ཏེ
རང་སེམས་གསོས་ཤིང་སྤོབས་པ་བསྩལ རེད་ལགས
སྐྱ་མོ་ལམ་ན
ཁུག་སོ་དང་དཀྱོག་མཚམས་མང་བ་ནི་ལམ་གྱི་ཁྱད་ཆོས་ཡིན
ལམ་འགྲོ་བ་ཞིག་ཡིན་ན
ལམ་རྒྱགས་གྱ་ནོམ་པ་ཞིག་མཁོ་ངེས་རེད
རང་ལ་དེ་འདྲའི་རྒྱུ་འབྱོར་དམན་པས
མ་འོངས་པའི་ལམ་དུ
བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་དགོས་ལ
དེ་ནི ལམ་འདིར་བགྲོད་པའི་ཐོག་མའི་ཆ་རྐྱེན་དང་
གོ་རིམ་ཞིག་ཀྱང་ཡིན་པར་སེམས
ང་ནམ་ཡང་ལམ་ལ་ཆས་ཤིང
སྟོང་བསམ་གྱི་རྨི་ལམ་དེ་ཁུར་ནས
ང་ཅིས་ཀྱང ལམ་ལ་ཆས་ཤིང་མདུན་དུ་བསྐྱོད་དགོས 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག