མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- ལྷུག་རྩོམ།

ཕུགས་བསམ།

རྩོམ་པ་པོ། ཚེ་ཐར་སྐྱིད།  ཡོང་ཁུངས། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་།  2013-10-24 10:00

    མི་སུ་དང་སུ་ཞིག་ཡིན་ཡང་།དེར་ཕུགས་བསམ་ཡོད་སྲིད་དེ། དཔེར་ན།ནར་སོན་ཚེ་སྨན་པ་དང་དགེ་རྒན། རྩོམ་པ་པོ། ཚན་རིག་པའི་ལས་ཀ་གཉེར་བ་སོགས་མང་པོས་གྲུབ་ཡོད། བདག་ལའང་ཕུགས་བསམ་ཅིག་ཡོད་དེ། དེ་ནི་སྒྱུ་རྩལ་པ་ཞིག་བྱེད་འདོད་པ་དེ་ཡིན། །

    བདག་ཆུང་དུས་ནས་བཟུང་སྒྱུ་རྩལ་ལ་ཧ་ཅང་དགའ། ལྷག་པར་ཞབས་བྲོ་ལ་དགའ། ཞབས་བྲོ་ནི་ང་ཡི་མི་ཚེ་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན།།

    གལ་ཏེ།རང་གི་སློབ་གྲྭ་དང་སྡེ་བ་གང་རུང་ན།ཞབས་བྲོ་ཡི་བྱ་འགུལ་སྤེལ་རྒྱུ་ཡོད་ན།བདག་ནི་ཆེས་ཐོག་མར་ཞུགས་མཁན་ཡིན། བདག་གིས་ཀྱང་རང་གི་ཕུགས་བསམ་གྱི་གོམ་སྒྲ་ལྷོད་མ་མྱོང་པར་མདུན་ནས་མདུན་དུ་འགྲོ་བཞིན་ཡོད་ལ། བདག་ཀྱང་བྱ་རྒོད་པོ་ཞིག་དང་འདྲ་བར་མདུན་ཕྱོགས་ཀྱི་ལམ་བུ་དེ་བརྒྱུད་ནས་གཤོག་པ་བརྡེབས་དང་རྡེབ་བཞིན་པའི་སྒང་ཡིན། ཕུགས་བསམ་དེ་མངོན་འགྱུར་བྱེད་པར།བདག་གིས་ཀྱང་རང་ནུས་གང་ཡོད་ཀྱི་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་ནང་དུ་ཤེས་རིག་གི་འོ་ཆུ་འཐུང་བཞིན་ཡོད། བདག་ནར་སོན་པའི་ཚེ་ན།བདག་གི་བོད་བྲོ་ཞེས་པ་འཛམ་གླིང་ཡོངས་ལ་དར་བར་འབད་པ་བྱེད་སྲིད།།

    འདི་ནི་བདག་གི་ཕུགས་བསམ་སྟེ། བོད་བྲོ་འཛམ་གླིང་ཡོངས་ལ་ཁྱབ་བརྡལ་དུ་གཏོང་རྒྱུ་ཡིན་པ་མ་ཟད ། ང་ཡང་མཐོ་སྒང་གི་སྦྲ་ཁྱིམ་སྨུག་པོ་ཞིག་ནས་ལམ་ལ་ཆས་ཏེ།འཛམ་གླིང་གར་སྟེགས་ཀྱི་ཟིན་ཐོ་གསར་བ་ཞིག་ཏུ་འགོད་པར་ནུས་པ་གང་ཡོད་འདོན་རྒྱུ་ཡིན། །

    

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག