མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- སྙན་ངག

བྱ་ཁྱུ་དཀར་པོ།

རྩོམ་པ་པོ། རེང་བུ  ཡོང་ཁུངས། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པ།  2013-10-29 15:13

--ད་ལོའི་མཐོ་གསུམ་མཐར་ཕྱིན་དག་ལ།།
མིག་མཐའ་བརླན་གྱིས་བསྡམས་ཤིང་།།
མིག་གཏིང་འོད་ཀྱིས་འཁྱུད་པའི།།
གཤོག་ན་བགས་ཀྱིས་ལྡེམ་པ།།
ས་མཐོའི་གླག་ཁྱུ་དཀར་པོ།།


ཉི་འོད་སེམས་ཀྱིས་བཏེགས་ཤིང་།།
ཁ་ཞོད་གློ་ཡིས་རྒོལ་བའི།།
རྨི་ལམ་སྔོ་རྩིས་བྱུགས་པ།།
ས་མཐོའི་བྱ་ཁྱུ་དཀར་པོ།།

སྤྲིན་པ་ཐོད་དུ་བགོས་ཤིང་།།
གཙང་ཆུ་རྒྱབ་ཏུ་འཁུར་བའི།།
ཁོག་པ་དྲོད་ཀྱིས་བསིལ་བ།།
ས་མཐོའི་བྱ་ཁྱུ་དཀར་པོ།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག