མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- ལྷུག་རྩོམ།

དགེ་རྒན་ལ་བསྟོད་པ།

རྩོམ་པ་པོ། སངས་རྒྱས་འཚོ།  ཡོང་ཁུངས། བསང་ཆུ་རྫོང་རྒན་གྱ་སློབ་གྲྭ  2013-11-05 12:04

    བྱམས་བརྩེ་རི་རབ་ལས་ཀྱང་མཐོ་ལ་ལྷག་བསམ་འོ་མ་ལས་ཀྱང་དཀར་བའི་བརྩེ་ལྡན་གྱི་དགེ་རྒན་ལགས། ང་རང་མུན་ནག་གི་འཇིག་རྟེན་ལ་མགོ་ཐོམ་ཡོད་པའི་སྐབས་དེར། ཁྱེད་ཀྱིས་ང་ལ་ཉི་འོད་འཕྲོས་སུ་བཅུག་སོང་།

    དགེ་རྒན་ལགས། ཁྱེད་ཀྱིས་རང་གི་ཡོད་ཚད་ཀྱི་ཡོད་ཚད་སློབ་གསོའི་ལས་དོན་གྱི་ཆེད་དུ་ཕུལ་ ཡོད་ལ། རང་ཉིད་ཀྱི་དཀའ་ངལ་ཅུང་ཙམ་ཡང་མི་བསམ་པར། སློབ་བུ་དག་གི་མ་འོངས་པར་བསམ་བློ་ གཏོང་བཞིན་ཡོད། སློབ་གསོའི་ལས་དོན་ཐམས་ཅད་ཁྱེད་ཀྱི་རུས་གསེང་ལ་ཆགས་ཡོད། ཁྱེད་ལ་གཟི་ བརྗིད་ལྡན་པའི་སྟབས་ཀྱིས་དགེ་རྒན་དུས་ཆེན་གྱི་ཉི་མ་བཟང་བོ་འདི་དང་བསྟུན་ནས་ངས་ཁྱེད་ལ་ འདི་ལྟར་བཤད་འདོད། གུས་པར་འོས་པའི་དགེ་རྒན་ལགས། ཁྱེད་ཀྱིས་དཀའ་ལས་མྱངས་སོང་། ཁྱེད་ ཀྱི་བརྩེ་བ་ནི་ངའི་ཨ་ཕའི་བརྩེ་བ་ལས་ཟབ་ལ། ངའི་ཨ་མའི་བརྩེ་བ་ལས་བརྗིད། ཁྱེད་ཀྱི་བཀའ་དྲིན་སུས་ ཀྱང་འཇལ་དཀའ། ཁྱེད་ནི་ངའི་རུམ་བྲོ་རྒྱབ་ལ་ཁུར་གྲོགས་དང་། ཁྱེད་ནི་ངའི་དབྱངས་རྟ་ངག་ལ་གྱེར་ གྲོགས་ཡིན།

    དགེ་རྒན་ལགས། ཁྱེད་ཡོད་པ་ནས་ངས་དྲོད་འཇམ་གྱི་ཉི་འོད་མཐོང་བྱུང་ལ། ཁྱེད་ཡོད་པ་ནས་ངའི་ མ་རིག་པའི་མུན་པ་ཡང་སེལ་སོང་། དགེ་རྒན་དུས་ཆེན་གྱི་སྐབས་འདིར་ཁྱེད་ཀྱི་སྐུ་ལུས་བདེ་ཞིང་ལུས་ ཁམས་ཡོངས་རྫོགས་སྤྲོ་སྣང་གིས་ཁྱབ་པའི་སྨོན་འདུན་སྙིང་ནས་ཞུ།

    རེད་ཡ། དེ་རིང་ནི་ང་ཚོས་ཆེས་བརྗེད་པར་དཀའ་བའི་དུས་ཆེན་སྟེ། སའི་གོ་ལའི་སྟེང་གི་དགེ་རྒན་ ཚང་མའི་དུས་ཆེན་རེད། དགེ་རྒན་ནི་དྲང་བདེན་དང་བྱམས་བརྩེ་ཡི་བདག་པོ་ཡིན།

    མཐའ་མཇུག ངས་འདི་ནས་སའི་གོ་ལའི་སྟེང་གི་དགེ་རྒན་ཚང་མར་དུས་ཆེན་གྱི་སྐབས་འདིར་སྤྲོ་ སྐྱིད་དང་བདེ་ཐང་ཡོང་བའི་བཀྲ་ཤིས་དང་། བསམ་དོན་ཐམས་ཅད་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཁ་གཡང་ཡང་ནས་ཡང་དུ་སྒྲོག་པ་ཡིན། བཀྲ་ཤིས་བདེ་ལེགས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག