མདུན་ཤོག- རིག་གནས་འཚོ་བ།- གསུང་འབུམ།

གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་སྒྲ་རིག་པ།

རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།    2014-01-27 14:02

    ༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་སྒྲ་རིག་པའི་སྐོར།

    གསུམ་པ་སྒྲ་རིག་པའི་གཞུང་ལས་འབྱུང་བའི་མིང་གི་རྣམ་གྲངས་བཤད་པ་ལ།ཐུན་མོང་བ་ཚོགས་གསུམ་གྱི་རྣམ་བཞག་བཤད་པ་དང༌། ཐུན་མོང་མ་ཡིན་པ་སྒྲ་རིག་པའི་བརྗོད་བྱའི་གཙོ་བོ་རྣམས་ཀྱི་མིང་གི་རྣམ་གྲངས་བསྟན་པའོ། ། དང་པོ་ལ་ཚོགས་གསུམ་གྱི་ངོ་བོ་ནི། དོན་གྱི་ངོ་བོ་ཙམ་བརྗོད་པ་མིང༌། ཁྱད་གཞི་ཁྱད་ཆོས་སུ་འབྲེལ་ནས་སྟོན་པ་ཚིག བརྗོད་བྱ་གང་ཡང་མི་སྟོན་པའི་ཨ་སོགས་ནི་ཡི་གེའོ།

    འོན་ཀྱང་སྒྲ་པའི་ལུགས་ལ། ཡི་གེ་དང་མིང་མི་འགལ་བར་བཤད་པའང་ཡོད་དོ། །ཡི་གེ་ནི༌དབྱངས་བཅུ་བཞི་དང༌།གསལ་བྱེད་སུམ་ཅུ་རྩ་གསུམ་མོ། །ཡི་གེའི་གཟུགས་ལ་ཚངས་པའི་ཡི་གེ་ལཉྩ་ན། དེ་དང་ཆ་མཐུན་པ་ངྷ་རི། དེའི་མགོ་གྱེན་དུ་གཟེད་པ་ན་ག་ར། དེའི་མགོ་ཐུར་དུ་བཀུག་པ་ཝ་རྟུ་ལ། འདྲ་མིན་ཤས་ཆེ་བ་ཀསྨྰི་ར། གོོ་ཌ་གའུ་ར། རྒྱ་མཚོ་མཐའི་ཡི་གེ། སིནྡྷུ། བྲུ་ཤ། རྒྱ་དང་བོད་ཧོར་ལ་སོགས་པའི་ཡི་གེའི་གཟུགས་རྣམས་སོ། །མདོ་སྡེ་རྒྱ་ཆེ་རོལ་པར་ཡང་ཚངས་པའི་ཡི་གེ།ཁ་རོཥྚིའི་ཡི་གེ། པདྨའི་སྙིང་པོའི་ཡི་གེ།ཨངྒའི་ཡི་གེ།བངྒའི་ཡི་གེ། མཱ་ག་ངྷའི་ཡི་གེ།བཀྲ་ཤིས་པའི་ཡི་གེ། སོར་གདུབ་ཀྱི་ཡི་གེ། སྰ་ངྷ་ནིའི་ཡི་གེ། ས་ཀཱ་ནིའི་ཡི་གེ། ཨཱ་ཧུ་བའི་ཡི་གེ། རྩུབ་མོའི་ཡི་གེ །འགྲོ་ལྡིང་བའི་ཡི་གེ། མོན་ཡུལ་གྱི་ཡི་གེ། ལྷོ་ཕྱོགས་པའི་ཡི་གེ། དྲག་པོའི་ཡི་གེ། གྲངས་ཀྱི་ཡི་གེ། སྤྱིའུ་ཚུགས་ཀྱི་ཡི་གེ། རྗེས་སུ་མཐུན་པའི་ཡི་གེ། ངྷ་ར་དའི་ཡི་གེ། ཁྱྰ་སྱའི་ཡི་གེ། རྒྱ་ནག་གི་ཡི་གེ། ཧྰུ་ནའི་ཡི་གེ། དབུས་ཀྱི་ཡི་གེ། རྒྱལ་གྱི་ཡི་གེ། ལྷའི་ཡི་གེ། ཀླུའི་ཡི་གེ། གནོད་སྦྱིན་གྱི་ཡི་གེ། དྲི་ཟའི་ཡི་གེ། མིའམ་ཅིའི་ཡི་གེ ལྟོ་འཕྱེ་ཆེན་པོའི་ཡི་གེ། ལྷ་མ་ཡིན་གྱི་ཡི་གེ། ནམ་མཁའ་ལྡིང་གི་ཡི་གེ། རི་དྭགས་འཁོར་ལོའི་ཡི་གེ། བྱ་རོག་སྐད་ཀྱི་ཡི་གེ། སའི་ལྷའི་ཡི་གེ། བར་སྣང་གི་ལྷའི་ཡི་གེ། བྱང་སྒྲ་མི་སྙན་གྱི་ཡི་གེ། ནུབ་བ་ལང་སྤྱོད་ཀྱི་ཡི་གེ། ཤར་ལུས་འཕགས་པོའི་ཡི་གེ། འདེགས་པའི་ཡི་གེ། བཞག་པའི་ཡི་གེ། རབ་ཏུ་བཞག་པའི་ཡི་གེ། རྒྱ་མཚོ་མཐའི་ཡི་གེ། རྡོ་རྗེའི་ཡི་གེ། འཕྲིན་ཡིག་སྤྲིང་བའི་ཡི་གེ། འཕྲིན་ཡིག་རབ་ཏུ་སྤྲིང་བའི་ཡི་གེ། རྣམ་པར་བཞག་པའི་ཡི་གེ། ཆུང་ངུ་མ་ཡིན་པའི་ཡི་གེ། བསྟན་བཅོས་བསྐོར་བའི་ཡི་གེ། རྩིས་བསྐོར་བའི་ཡི་གེ།འདེགས་པའི་བསྐོར་བའི་ཡི་གེ། རྐང་པས་བྲིས་པའི་ཡི་གེ། ཚིག་ཕྱི་མ་གཉིས་གྲུབ་པའི་ཡི་གེ། ཇི་སྲིད་ཚིག་ཕྱི་མ་བཅུ་གྲུབ་པའི་ཡི་གེ། བར་མ་སྒྲུབ་པའི་ཡི་གེ། སྒྲ་ཐམས་ཅད་ཀུན་བསྡུས་པའི་ཡི་གེ། རིག་པ་དང་རྗེས་སུ་མཐུན་པའི་ཡི་གེ། རྣམ་པར་བསྲེས་པའི་ཡི་གེ། དྲང་སྲོང་དཀའ་ཐུབ་ཀྱིས་གདུངས་པའི་ཡི་གེ།གསལ་བའི་ཡི་གེ།ས་རབ་ཏུ་ལྟ་བའི་ཡི་གེ། སྨན་ཐམས་ཅད་ཀྱི་རྒྱུ་མཐུན་པའི་ཡི་གེ།སྙིང་པོ་ཐམས་ཅད་ཀུན་བསྡུས་པའི་ཡི་གེ་སྟེ་དྲུག་ཅུ་རྩ་བཞིའོ། །

    ཡི་གེའི་བྱེད་པ་ནི། མིང་ཚིག་བརྗོད་པ་ཀུན་གྱི་གཞི་དང༌། བསླབ་པ་ཀུན་གྱི་གཞི་དང༌། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ་བྱེད་པའོ། །ཡི་གེའི་དབྱེ་བ་ནི།ཨ་ཨི་ཨུ་རྀ་སྟེ་དབྱངས་ཀྱི་ཡི་གེ་བཞི་པོ་སོ་སོར་རེ་རེ་ལ་ཐུང་ངུ་དང་རིང་པོ་དང་བླུ་ཏ་ཞེས་པའི་ཤིན་ཏུ་རིང་པོར་ཕྱེ་བས་གསུམ་གསུམ་སྟེ།དེ་གསུམ་རེ་རེ་ལའང་ཨུ་དཏ་ཏ་དང༌།ཨ་ནུ་དཏ་ཏ།སྭ་རི་ཏ་སྟེ་གསུམ་གསུམ་དུ་ཕྱེ་བས་དགུ་དགུའོ།།དགུ་པོ་རེ་རེ་ལ་ཡང་སྣ་ལྡན་དང་སྣ་ལྡན་མ་ཡིན་པ་གཉིས་གཉིས་སུ་ཕྱེ་བས་ཨ་ལ་སོགས་པ་རེ་རེ་ཡང་བཅོ་བརྒྱད་དུ་འགྱུར་རོ། །ཨེ་ཨེེ་ཨོ་ཨོོ་རྣམས་འཚམས་སྦྱོར་གྱི་ཡི་གེའི་མིང་ཅན་ཡིན་ཞིང་དེ་བཞི་ལ་ཐུང་ངུ་མེད་ལ་ལྀ་ལ་རིང་པོ་མེད་པས་བཅུ་གཉིས་རེ་སྟེ། བསྡོམས་པས་བརྒྱ་དང་སུམ་ཅུ་རྩ་གཉིས་སོ། །ཡི་གེའི་བསྡུ་བ་ནི། ཧ་ས་ཞེས་པས་བར་གྱི་ཡི་གེ་རྣམས་གོ་བར་བྱེད་པ་ལྟ་བུ་སྟེ་གོ་སླའོ། །

    ཡི་གེའི་རྒྱུ་ནི། བརྗོད་འདོད་དང༌། རླུང་དང༌། གནས་དང༌། བྱེད་པ་དང༌། རྩོལ་བ་རྣམས་སོ། །ཀློག་ཚུལ་ནི་གཞན་དུ་ཤེས་པར་བྱའོ། །མིང་ལ་ངེས་ཚིག་ནི། དོན་ལ་བློ་གཞོལ་ཞིང་འབབ་པར་བྱེད་པས་ན་མིང་ངོ༌།།དབྱེ་བ་ལ་དངོས་མིང་དང༌། བཏགས་མིང་དང༌།འདོད་རྒྱལ་བ་དང༌། རྗེས་སུ་སྒྲུབ་པ་རྣམས་སོ། །མིང་གཅིག་དོན་དུ་མ་ལ་འཇུག་པ་དང༌།དོན་གཅིག་ལ་མིང་དུ་མ་འཇུག་པ་རྣམས་ཡོད་དོ། ། བཏགས་མིང་ལ། རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པ། འབྲས་བུ་ལ་རྒྱུའི་མིང་གིས་བཏགས་པ།ཕྱོགས་ལ་ཕྱོགས་ཅན་གྱི་མིང་གིས་བཏགས་པ།ཆ་ཤས་ལ་ཚོགས་པའི་མིང་གིས་བཏགས་པ། རྟེན་ལ་བརྟེན་པའི་མིང་གིས་བཏགས་པ། གྲོགས་ལ་གྲོགས་ཅན་གྱི་མིང་གིས་བཏགས་པ་རྣམས་སུ་ཡོད་དོ། །ཚིག་ལ་རྣམ་དབྱེ་བརྒྱད་ལ། གཅིག་ཚིག གཉིས་ཚིག མང་ཚིག་གསུམ་གསུམ་དུ་ཕྱེ་བས་ཉི་ཤུ་རྩ་བཞི་སྟེ་འོག་ཏུ་འབྱུང་ངོ༌། །ཚིག་སྡུད་ལ། འབྲུ་མང་པོ་བའི་སྡུད་པ། ལས་འཛིན་གྱི་སྡུད་པ། བ་གཉིས་པའི་སྡུད་པ། སྐྱེས་བུའི་སྡུད་པ།ཟླས་དབྱེའི་སྡུད་པ། གྲངས་མེད་པའི་སྡུད་པ་སྟེ་དྲུག་གོ།།

    གཉིས་པ་ལ་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་དང༌། སྒྲའི་བསྟན་བཅོས་ཀྱི་སྙིང་པོའི་དོན་བསྡུ་བ་གཉིས་ལས། དང་པོ་ལ། ཡི་གེ་སོ་སོར་ངོས་གཟུང་བ་དང༌།རྣམ་དབྱེ་བསྟན་པའོ། །དང་པོ་ལ། མཚུངས་པའི་ཡི་གེ་ནི། ཨ་ཨི་ཨུ་རྀ་ལྀ་རྣམས་སོ། །འདྲ་བའི་ཡི་གེ་ནི། ཐུང་ངུ་རིང་པོ་པླུ་ཏ་སྟེ་ཡུན་ཚད་ཀྱི་དབྱེ་བས་ཨ་ཨཱ་ཨ་ཉྲ་རྣམས་སོ། ། འཚམས་སྦྱོར་གྱི་ཡི་གེ་ནི། ཨེ་ཨེེ་ཨོ་ཨོོ་རྣམས་སོ། །དེ་དག་འཚམས་སྦྱོར་ཚུལ་ནི།ཨེ་ཡིག་ནི།ཨ་དང་ཨི་འཚམས་སྦྱར་བ་ལས་འབྱུང༌། ཨེེ་ཡིག་ནི། ཨ་དང་ཨེ་འཚམས་སྦྱར་བ་ལས་འབྱུང༌། ཨོོ་ཡིག་ནི། ཨ་དང་ཨུ་འཚམས་སྦྱར་བ་ལས་འབྱུང༌། ཨོོ་ཡིག་ནི། ཨ་དང་ཨོ་འཚམས་སྦྱར་བ་ལས་འབྱུང་ངོ༌། ། དབྱངས་ཀྱི་ཡི་གེ་ནི། ཨ་ཨི་ཨུ་རྀ་ལྀ་ཨེ་ཨེེ་ཨོ་ཨོོ་རྣམས་སོ། །ནཱ་མིའི་ཡི་གེ་ནི། ཨ་ཡིག་རིང་ཐུང་གཉིས་བོར་བའི་ཨི་ཨྰི་ཨུ་ཨྰུ་རྀ་རྰྀ་ལྀ་ལྰྀ་ཨེ་ཨེེ་ཨོོ་ཨོོ་རྣམས་སོ། །གསལ་བྱེད་ཀྱི་ཡི་གེ་ནི། ཧ་ཡ་ཝ་ར་ལ། ཉ་ཎ་ན་ང་མ།ཛྷ་ངྷ་ངྷ་གྷ་བྷ། ཛ་ཌ་ད་ག་བ། ཁ་ཕ་ཚ་ཋ་ཐ། ཙ་ཌ་ཏ་ཀ་པ། ཤ་ཥ་ས་རྣམས་སོ། ། ཐོག་མའི་ཡི་གེ་དང་ཐ་མའི་ཡི་གེ་བརྗོད་པས་དེ་གཉིས་ཀྱི་བར་གྱི་ཡི་གེ་རྣམས་གོ་བར་བྱེད་དེ། དཔེར་ན་ཧ་ས་ཅེས་པ་ཧ་ནས་སའི་བར་གྱི་ཡི་གེ་དང་ཙ་པ་ཅེས་པ་ཙ་ནས་པའི་བར་གྱི་ཡི་གེ་རྣམས་ངོས་གཟུང་བ་སྟེ་དེས་ཛྷ་བྷ་ཅེས་པ་སོགས་གཞན་རྣམས་ལའང་རིགས་འགྲེའོ། །རང་གི་སྡེ་ཚན་མཚོན་པའི་ཡི་གེ་ནི།ཀུ་ཙུ་ཊུ་ཏུ་པུ་རྣམས་སོ། ། ཡོན་ཏན་གྱི་ཡི་གེ་གསུམ་ནི། རྀའི་ཡོན་ཏན་ཨར་ཅེས་པ་དང༌། ཨེེའི་ཡོན་ཏན་ཨེ་ཅེས་པ་དང༌། ཨུའི་ཡོན་ཏན་ཨོ་ཅེས་པ་རྣམས་སོ། །

    འཕེལ་བའི་ཡི་གེ་བཞི་ནི། ཨ་ཡིག་གི་འཕེལ་བ་ཨཱ་དང༌། རྀ་ཡིག་གི་འཕེལ་བ་ཨྰར་དང༌།ཨི་ཡིག་གི་འཕེལ་བ་ཨེེ་དང༌། ཨུ་ཡིག་གི་འཕེལ་བ་ཨོོ་རྣམས་སོ། །འཚམས་སྦྱོར་ལ་ལྔ༌། མིང་གི་རབ་ཏུ་བྱེད་པའི་འཚམས་སྦྱོར། དབྱངས་ཀྱི་འཚམས་སྦྱོར། རང་བཞིན་དུ་གནས་པའི་འཚམས་སྦྱོར། གསལ་བྱེད་ཀྱི་འཚམས་སྦྱོར། རྣམ་པར་བཅད་བྱའི་འཚམས་སྦྱོར་ཏེ་ལྔའོ།།

    གཉིས་པ་རྣམ་དབྱེ་བསྟན་པ་ལ་གཉིས་ལས། དང་པོ་སི་སོགས་ཀྱི་རྣམ་དབྱེ་དང་འབྲེལ་བའི་མིང་གི་རྣམ་གྲངས་ལ། སྐྱེས་པའི་རྟགས་དབྱངས་ཀྱི་མཐའ་ཅན་དང༌། བུད་མེད་ཀྱི་རྟགས་དབྱངས་ཀྱི་མཐའ་ཅན་དང༌། མ་ནིང་གི་རྟགས་དབྱངས་ཀྱི་མཐའ་ཅན་དང༌། ཧ་སའི་མཐའ་ལས་སྐྱེས་པའི་རྟགས་དང༌། ཧ་སའི་མཐའ་ལས་བུད་མེད་ཀྱི་རྟགས་དང༌། ཧ་སའི་མཐའ་ལས་མ་ནིང་གི་རྟགས་དང༌། ཡཥྨདྲ་ཨསྨདྲ་ཀྱི་ཆོ་ག་དང༌། མི་ཟད་པའི་སྡེ་དང༌། བུད་མེད་ཀྱི་རྐྱེན་དང༌། བྱེད་པ་ཅན་གྱི་རབ་ཏུ་བྱེད་པ་དང༌། ཚིག་སྡུད་ཀྱི་རབ་ཏུ་བྱེད་པ་དང༌། དེ་ཕན་གྱི་རབ་ཏུ་བྱ་བ་རྣམས་སོ། །དང་པོ་ལ། སྐྱེས་པའི་རྟགས་ཨ་ཐུང་མཐའ་ཅན་དང༌། དེ་བཞིན་དུ།ཨཱ་རིང༌།ཨི་ཐུང༌།ཨུ་ཐུང༌། ཨྰི་རིང༌། ཨྰུ་རིང༌། རྀ། ཨེེ།ཨོ། ཨོོ་ཡིག་མཐའ་ཅན་ནོ། །གཉིས་པ་ལ་ཡང༌། བུད་མེད་ཀྱི་རྟགས་ཨ་ཐུང་མཐའ་ཅན་དང༌། དེ་བཞིན་དུ། ཨཱ་རིང༌། ཨི་ཐུང༌། ཨྰི་རིང༌། ཨུ་ཐུང༌། ཨྰུ་རིང༌།རྀ། ཨེེ། ཨོ། ཨོོ་ཡིག་མཐའ་ཅན་རྣམས་སོ། །གསུམ་པ་ལ་ཡང༌། མ་ནིང་གི་རྟགས་ཨ་ཐུང་མཐའ་ཅན་དང༌། དེ་བཞིན་དུ། ཨི་ཐུང༌། ཨྰི་རིང༌། ཨཱ་རིང༌། ཨུ་ཐུང༌།ཨེ། ཨྰུ་རིང༌།རྀ་ཡིག་མཐའ་ཅན་རྣམས་སོ། །བཞི་པ་ལ་ཡང༌།ཧྲ་ཡི་མཐའ་ཅན་དང༌།དེ་བཞིན་དུ། དྲ། ནྲ། མྲ། ངྷྲ། ཛྲ། ཚྲ། ཤྲ། ཥྲ།ཏཱཛྲ། ཡཛྲ། མྲྀཛྲ། བྷྲཛྲ། དྲ། ཐྲ། ཙྲ། ཏྲ། སྲ་ཡིག་མཐའ་ཅན་དང༌། དེ་བཞིན་དུ་བསྒྲུབ་པའི་ཏྲ་མཐའ་ཨུ་ཡིག་རྗེས་འབྲེལ་ཅན་དང་། ཏྲ་མཐའ་རྀ་ཡིག་རྗེས་འབྲེལ་ཅན་སོགས་ཤིན་ཏུ་མང་ངོ༌། །ལྔ་པ་ལ་ཡང༌།ཧྲ་ཡིག་མཐའ་ཅན་དང༌། དེ་བཞིན་དུ།བྲ།རྲ། ངྷྲ། བྷྲ། དྲ། མྲ། ཙྲ། སྲ། ཤྲ། ཥྲ། པྲ་ཡིག་མཐའ་ཅན་རྣམས་སོ། །དྲུག་པ་ལ་ཡང༌།ཏྲ་ཡིག་མཐའ་ཅན་དང༌།དེ་བཞིན་དུ། ནྲ། དྲ། མྲ། ཙྲ། ཏྲ། ཥྲ། སྲ་ཡིག་མཐའ་ཅན་རྣམས་སོ། ། རྣམ་དབྱེ་འཇུག་ཚུལ་ལ་དབྱེ་ན། རྣམ་དབྱེ་དང་པོའི་སྐབས་སུ། གཅིག་ཚིག་ལ་སི་དང༌། གཉིས་ཚིག་ལ་ཨོོ་དང༌།མང་ཚིག་ལ་ཛསྲ་སྟེར་བའོ། །དེ་བཞིན་དུ། རྣམ་དབྱེ་གཉིས་པར།ཨམྲ། ཨོོ། ཤསྲ། རྣམ་དབྱེ་གསུམ་པར། ཌྰ། བྷྱཾ། བྷིསྲ། རྣམ་དབྱེ་བཞི་པར།དེ། བྷྱཾ། བྷྱཾསྲ། རྣམ་དབྱེ་ལྔ་པར། ང་སི། བྷྱྰཾ། བྷྱསྲ།རྣམ་དབྱེ་དྲུག་པར། དསྲ། ཨོསྲ། ཨཱམྲ། རྣམ་དབྱེ་བདུན་པར། དི། ཨོསྲ། སུཔྲ་བྱིན་ནས་བསྒྲུབ་ཚུལ་རྣམས་སོ། །

    དེ་ཡང་གཅིག་ལ་མཚོན་ན། དེ་བ་ལ་སི་བྱིན་ནས་སིའི་སྲོག་ཨི་ཕྱིས། ས་རྣམ་བཅད་དུ་སོང་བས། དེ་བཿལྷ། དེ་བ་ལ་ཨོོ་བྱིན་ཨོ་དང་ཨོོ་ལ་ཨོོ་འོ་ཅེས་པས་རྟགས་མཐའི་ཨ་ཨོོ་རུ་བསྒྱུར་བས།དེ་བོོ། ལྷ་དག དེ་བ་ལ་ཛསྲ་བྱིན།ཛ་ཁྱད་དོན་ཕྱིས་སྲོག་གི་ཨ་བཞགའདྲ་བའི་ཡི་གེ་འདུས་པ་ལ་རིང་པོ་དང་ས་རྣམ་བཅད་དུ་འགྱུར་བས། དེ་བཱཿལྷ་རྣམས། ཡང་རྣམ་དབྱེ་གཉིས་པ་དང་འབྲེལ་བ་ནི། དེ་བ་ལ་ཨམྲ་བྱིན། ཨམྲ་ཤསྲ་དག་གི་ཨའོ་ཞེས་པས་ཨ་དབྱི། མ་ཡིག་རྗེས་སུ་ང་རོར་འགྱུར་བས། དེ་བཾ ལྷ་ལ། དེ་བ་ལ་ཨོོ་བྱིན་ནས་དང་པོའི་གཉིས་ཚིག་ལྟར་བསྒྲུབ་པས།དེ་བོོ། ལྷ་དག་ལ། དེ་བ་ལ་ཤསྲ་བྱིན། ཤསྲ་ལའོ་ཞེས་པས། ཤ་ཁྱད་དོན་ཕྱིས།སྲོག་གི་ཨ་འདྲའི་ཡི་གེ་འདུས་པ་ལ་རིང་པོ་དང༌། སྐྱེས་པ་ལ་སའི་ནའོ་ཞེས་པས་ས་ན་རུ་འགྱུར་བས།དེ་བཱན།ལྷ་རྣམས་ལ། རྣམ་དབྱེ་གསུམ་པ་དང་འབྲེལ་བ་ནི། དེ་བ་ལ་ཊྰ་བྱིན། ཊྰ་ཨི་ནའོ་ཞེས་པས་ཊྰ་ཨི་ནར་འགྱུར་ཨ་ཨི་ལ་ཨེའོ་ཞེས་པས་རྟགས་མཐའི་ཨ་ཨེར་སོང་བས། དེ་བེ་ན། ལྷ་ཡིས། དེ་བ་ལ་བྷྰ་མྲ་བྱིན། བྷ་ལ་ཨཱའོ་ཞེས་པས་རྟགས་མཐའ་རིང་པོ་དང༌། མ་ང་རོ་བྱས་པས། དེ་བཱ་བྷྱཾ །ལྷ་དག་གིས། དེ་བ་ལ་བྷིསྲ་བྱིན། བྷའི་བྷ་ཨའོ་ཞེས་པས་བྷིསྲ་ཀྱི་བྷྲ་ཨ་རུ་འགྱུར། ཨ་དང་ཨི་གཉིས་འདུས་པས་ཨེ་རུ་སོང་རྟགས་མཐའི་ཨ་དང་ཨེ་གཉིས་འདུས་པས་ཨེེ་རུ་སོང༌། སྲ་རྣམ་བཅད་བྱས་པས། དེ་བཻཿ ལྷ་རྣམས་ཀྱིས། རྣམ་དབྱེ་བཞི་པ་དང་འབྲེལ་བ་ནི། དེ་བ་ལ་དེ་བྱིན། དེ་ལ་ཨཀྲའོ་ཞེས་པས་ཨཀྲ་ཨཱ་ག་མ་སྟེར་ཀྲ་རྗེས་འབྲེལ་ཕྱིས། ཨ་ཁྱད་དོན་ཡིན་པས་ཕྱིས་སྲོག་གི་ཨེ་ཨཡྲ་རུ་སོང༌།འདྲ་བའི་ཡི་གེ་འདུས་པ་ལ་རིང་པོ་དང་ཡྲ་སྲོག་མེད་ཨ་ལ་དྲངས་པས། དེ་བཱ་ཡ། ལྷའི་ཆེད་དུ། དི་བཱ་བྷྱཾ ། ལྷ་དག་གི་ཆེད་དུ། འདིའི་བསྒྲུབ་ཚུལ་རྣམ་དབྱེ་གསུམ་པ་དང་འདྲའོ། །དེ་བ་ལ་བྷྱསྲ་བྱིན། བྷ་ས་མང་པོ་ཉིད་ལ་ཨེའོ་ཞེས་པས་རྟགས་མཐའ་ཨེ་དང་ས་རྣམ་བཅད་དུ་སོང་བས། དེ་བེ་བྷྱཾ ལྷ་རྣམས་ཀྱི་ཆེད་དུ། རྣམ་དབྱེ་ལྔ་ལ་དང་འབྲེལ་བ་ནི། དེ་བ་ལ་ང་སི་བྱིན། ང་སི་ཨཏའོ་ཞེས་པས། ང་སི་ཨཏྲ་ཏུ་འགྱུར། འདྲའི་ཡི་གེ་འདུས་པ་ལ་རིང་པོར་སོང་བས། དེ་བཱ་ཏྲ། ལྷ་ལས། དེ་བཱ་བྷྱཾ ། ལྷ་དག་ལས། དེ་བེ་བྷྱཾ ལྷ་རྣམས་ལས། འདི་གཉིས་བསྒྲུབ་ཚུལ་རྣམ་དབྱེ་བཞི་པ་དང་འདྲའོ། །རྣམ་དབྱེ་དྲུག་པ་དང་འབྲེལ་བ་ནི། དེ་བ་ལ་ངསྲ་བྱིན། ངསྲ་སྱའོ་ཞེས་པས་ངསྲ་སུ་རུ་འགྱུར་ཏེ། དེ་བ་སྱ། ལྷའི། དེ་བ་ལ་ཨོསྲ་བྱིན།ཨོསྲ་ལའོ་ཞེས་པས་རྟགས་མཐའི་ཨ་ཨེ་རུ་འགྱུར། ཨེ་ཨ་ཡྲ་རུ་འགྱུར། བ་སྲོག་མེད་ཨ་ལ་དྲངས།ཡ་སྲོག་མེད་ཨོ་ལ་དྲངས།ས་རྣམ་བཅད་དུ་འགྱུར་བས། དེ་བ་ཡོཿ ལྷ་དག་གི། དེ་བ་ལ་ཨཱམྲ་བྱིན། ཨཱམྲ་ལ་ནུ་ཊའོ་ཞེས་པས། རྣམ་དབྱེའི་སྔོན་དུ་ནུ་ཊྲཨཱ་ག་མ་བྱིན། ཊྲ་རྗེས་འབྲེལ་ཨུ་བརྗོད་དོན་ཕྱིས། ནཱམྲ་ལའོ་ཞེས་པས་རྟགས་མཐའ་རིང་པོ་དང༌། ནྲ་སྲོག་མེད་ཨཱ་ལ་དྲངས། མྲ་རྗེས་སུ་ང་རོར་འགྱུར་བས། དེ་བ་ནཾ། ལྷ་རྣམས་ཀྱི། རྣམ་དབྱེ་བདུན་པ་དང་འབྲེལ་བ་ནི།དེ་བ་ལ་དེ་བྱིན། ང་ཁྱད་དོན་ཕྱིས། སྲོག་གི་ཨི་བཞག རྟགས་མཐའི་ཨ་དང་ཨི་གཉིས་འདུས་པས་ཨེ་རུ་སོང༌། དེ་བོ།ལྷ་ལ།དེ་བ་ལ་ཨོསྲ་བྱིན་གོང་བཞིན་བསྒྲུབ་པས། དེ་བ་ཡོཿ ལྷ་དག་ལ། དེ་བ་ལ་སུཔྲ་བྱིན། པྲ་རྗེས་འབྲེལ་ཕྱིས། ཀུ་ཨི་ལ་ལ་ཥ་རུ་བྱེད་དེ་སའོ་ཞེས་པས། ས་ཡིག་ཥ་རུ་བསྒྱུར་བ་དང༌། བྷ་ས་མང་པོ་ཉིང་ལ་ཨེའོ་ཞེས་པས་རྟགས་མཐའ་ཨེ་རུ་སོང་བས།དེ་བེ་ཥུ། ལྷ་རྣམས་ལ། བོད་པའི་དོན་གྱི་རྣམ་དབྱེ་དང་འབྲེལ་བ་ནི། ཧེ་དེ་བ་སི་བཞག ཀུན་ཏུ་བོད་པ་ལ་སི་ངྷིའོ་ཞེས་པས་སི་ལ་ངྷིའི་ཐ་སྙད་བཏགས། བྱིངས་མ་ཡིན་པའི་མཚུངས་པ་ལ་ངྷི་དབྱིའོ་ཞེས་པས།སི་ལ་ངྷིའི་ཐ་སྙད་བཏགས་པ་ཕྱིས་པས། ཧེ་དེ་བ།ཀྱེ་ལྷ།དེ་བཞིན་དུ་འོག་མ་རྣམས་ལ་བསྒྲུབ་ཚུལ་རྣམ་དབྱེ་དང་པོ་སོགས་ཀྱི་སྐབས་ལྟར་སྦྱར་བས། ཧེ་དེ་བོོ།ཀྱེ་ལྷ་དག ཧེ་དེ་བཿ ཀྱེ་ལྷ་རྣམས་སོགས་སོ།།

    གཉིས་པ་བྱིངས་ལས་ཚིག་ཏུ་བསྒྲུབ་པའི་ཀུན་བཤད་ཀྱི་རབ་དབྱེ་ལ། བྱེད་པ་པོའི་རབ་ཏུ་བྱེད་པ་དང༌། དངོས་པོ་དང་ལས་ཀྱི་རབ་ཏུ་བྱེད་པ་དང༌། ལྐོག་གྱུར་གྱི་རབ་ཏུ་བྱེད་པ་དང༌། སྨོན་པར་བྱེད་པའི་རྐྱེན་དང༌། དེ་རིང་མ་ཡིན་པའི་འབྱུང་འགྱུར་གྱི་དོན་གྱི་རྐྱེན་གྱི་རབ་ཏུ་བྱེད་པ་དང༌། འབྱུང་འགྱུར་གྱི་རྐྱེན་གྱི་རབ་ཏུ་བྱེད་པ་དང༌། བྱ་བ་ཤོར་བའི་རྐྱེན་གྱི་རབ་ཏུ་བྱེད་པ་དང༌། བྱུང་ཟིན་གྱི་རྐྱེན་གྱི་རབ་ཏུ་བྱེད་པ་དང༌། དངོས་པོ་དང་ལས་ཀྱི་རབ་ཏུ་བྱེད་པ་དང༌། ཡདྲ་རྐྱེན་གྱི་རབ་ཏུ་བྱེད་པ་དང༌། ཡདྲ་འཇིག་པའི་མཐའི་རབ་ཏུ་བྱེད་པ་དང༌། རྐྱེན་དང་སྦྱོར་བའི་རབ་ཏུ་བྱེད་པ་དང༌། ཀུན་ནས་བསྒྱུར་བའི་རབ་ཏུ་བྱ་བ་དང༌། ཀུན་ནས་བཤད་པའི་རབ་ཏུ་བྱེད་པ་རྣམས་དང༌། ཀྲྀཏྲ་ལ་སོགས་པའི་རབ་ཏུ་བྱ་བའོ། །

    དང་པོ་ལ། ད་ལྟར་བ་ལ་འཇུག་པ་ནི། ཏིཔྲ། ཏསྲ། ཨནྟི། སིཔྲ། ཐསྲ། ཐ། མིཔྲ། བསྲ། མསྲ། ཏེ།ཨཱ་ཏེ། ཨན་ཏེ། སེ། ཨཱ་ཐེ། ངྷྭེ། ཨེ། བ་ཧེ། མ་ཧེ་རྣམས་སོ། །འཇུག་བཞིན་པ་དང་བྱ་བ་ཤེས་པར་ནུས་པའི་ད་ལྟར་བའི་དོན་ལ་རྣམ་དབྱེ་ཏི་པྲ་ལ་སོགས་པ་འདི་རྣམས་འཇུག་གོ།།ཆོ་ག་འབྱུང་བའི་གནས་དག་ལ་འཇུག་པ་ནི།ཡཱཏྲ།ཡ་ཏཱམྲ།ཡུསྲ། ཡཱསྲ། ཡཱཏཾ། ཡཱཏྲ། ཡྰཾ། ཡཱ་བ། ཡཱ་མཱ། ཨྰི་ཏ། ཨྰི་ཡཱ་ཏྰཾ། ཨྰི་རནྲ། ཨྰི་ཐསྲ། ཨྰི་ཡཱ་ཐྰཾ། ཨྰི་བྷྭཾ། ཨྰི་ཡ། ཨྰི་བ་ཧི། ཨྰི་མ་ཧི་རྣམས་སོ། །ཆོ་ག་ཞེས་བ་བྱ་བའི་དོན་ལ་ཉེ་བར་སྟོན་པ་དང་འབྱུང་བའི་གནས་ཏེ་རྟོགས་པས་ཤེས་པའི་བྱ་བའི་དོན་ལ་རྣམ་དབྱེ་ཡཱཏྲ་ལ་སོགས་པ་འདི་རྣམས་འཇུག་གོ། །ཤིས་བྱེད་དང་བྱེད་དུ་འཇུག་པ་དག་ལ་འཇུག་པ་ནི། ཏུཔྲ། ཏྰཾ། ཨནྟུ།ཧི། ཏཾ། ཏ། ཨཱ་ནིཔྲ། ཨ་བཔྲ། ཨཱ་མབྲ། ཏྰཾ། ཨཱ་ཏྰཾ། ཨནྟྰམྲ་སྭ། ཨཱ་ཐྰཾ། ངྷྭྰམྲ། ཨེེ་པྲ། ཨཱ་བ་ཧེེབྲ། ཨཱ་མ་ཧེེ་བྲ་རྣམས་སོ། །མ་ཐོབ་པ་ཐོབ་པར་བྱེད་པ་སོགས་བཀྲ་ཤིས་པའི་དོན་དང༌། འདོད་པ་དང་མཐུན་པར་བསྐུལ་བ་སོགས་བྱེད་དུ་འཇུག་པའི་དོན་ལ་ཏུཔྲ་ལ་སོགས་པའི་རྣམ་དབྱེ་འདི་རྣམས་འཇུག་པར་འགྱུར་རོ། །དེ་རིང་མ་ཡིན་པའི་འདས་པ་ལ་འཇུག་པ་ནི། དིཔྲ། ཏཱམྲ། ཨན། སིབྲ། ཏམྲ། ཏྲ། ཨ་མིཔྲ། བ། མ། ཏནྲ། ཨཱཏཱམྲ། ཨནྟ། ཐཱསྲ།ཨཱ་ཐཱམྲ།ངྷྭཾ། ཨི། བ་ཧི། མཧི་རྣམས་སོ། །དེ་རིང་མ་ཡིན་པའི་འདས་པ་སྟེ་དུས་འདས་པ་ཡིན་པ་ལ་འདས་ནས་ཡུན་རིང་མ་སོང་བའི་དོན་ལ།དིཔྲ་ལ་སོགས་པའི་རྣམ་དབྱེ་འདི་རྣམས་འཇུག་གོ།།

  གཉིས་པ་དངོས་པོ་དང་ལས་ཀྱི་དོན་ལ་འཇུག་པ་ནི།བྱིངས་ལས་བཅས་ལས་མེད་གཉིས་ལ་དངོས་པོའི་དོན་དུ་རྣམ་དབྱེ་ཨཱཏྨ་ནེ་པ་ད་རྣམས་འཇུག་ཅིང༌། དེ་ཡང་ཉེར་བསྒྱུར་གྱི་སྟོབས་ཀྱིས་བསྒྱུར་བ་ལ་མ་ངེས་པ་སོགས་ཁྱད་པར་འགའ་ཞིག་མ་གཏོགས་མིང་གི་རྣམ་གྲངས་ལོགས་པ་མེད་དོ། །གསུམ་པ་ལྐོག་ཏུ་གྱུར་པའི་དོན་ལ་འཇུག་པ་ནི། ཎཔྲ། ཨ་ཏུསྲ། ཨུསྲ། ཐཔྲ། ཨ་ཐུསྲ། ཨ། ཎཔྲ།བ།མ།ཨེ། ཨཱ་ཏེ། ཨེ་རེ། སེ།ཨྰེ་ཐེ།ངྷྭེ། ཨེ། བ་ཧེ། མ་ཧེ་རྣམས་སོ། །བྱིངས་ལས་ལྐོག་ཏུ་གྱུར་པའི་དུས་བརྗོད་པའི་བྱེད་པའི་དོན་ལ་ཎཔྲ་ལ་སོགས་པའི་རྣམ་དབྱེ་འདི་རྣམས་འཇུག་ཞིང༌།ལྐོག་ཏུ་གྱུར་པའི་དུས་དེ་ལ་འང་འདས་མ་འོངས་གཉིས་སུ་ཡོད་པ་ལས་འདས་པ་ལ་འཇུག་ལ། འདས་པ་དེ་ཡང་འདས་ནས་ཡུན་རིང་ལོན་པའི་དུས་ལ་འཇུག་པ་ཤས་ཆེའོ། །

    བཞི་པ་སྨོན་པར་བྱེད་པའི་དོན་གྱི་བྱ་བ་བརྗོད་པ་ལ་འཇུག་པ་ནི།ཡཱཏྲ། ཡཱསྟྰཾ། ཡཱ་སུཔྲ།ཡཱསྲ། ཡཱསྟཾ། ཡཱ་སྟ། ཡཱ་སྭ། ཡཱསྨ། སྰིཥྚ་སྰི། ཡྰསྟྰཾ། སྰི་རན། སྰིཥྛྰ་སྲ། སི་ཡྰསྠཾ། སྰི་ངྷྭཾ། སྰིཡ། སྰི་བ་ཧི། སྰི་མ་ཧི་རྣམས་སོ། །སྨོན་པར་བྱེད་པའི་དོན་གྱི་བྱ་བ་བརྗོད་པ་ལ་ཡཱཏྲ་ལ་སོགས་པའི་རྣམ་དབྱེ་འདི་རྣམས་འཇུག་གོ།།

    ལྔ་པ་དེ་རིང་མ་ཡིན་པའི་འབྱུང་འགྱུར་གྱི་དོན་ལ་འཇུག་པ་ནི། ཏཱ། ཏཱ་རོོ། ཏཱ་རསྲ། ཏཱ་སི། ཏཱ་སྠསྲ། ཏཱསྠ། ཏཱསྨི།ཏཱ་སྦསྲ། ཏཱ་སྨསྲ།ཏཱ།ཏཱ་རོོ།ཏཱ་རསྲ།ཏཱ་སེ། ཏཱ་སཱ་ཐེ། ཏཱ་ངྷཾ། ཏཱ་ཧེ། ཏཱ་སྦ་ཧེ། ཏཱ་སྨཧེ་རྣམས་སོ། །དེ་རིང་མ་ཡིན་པའི་འབྱུང་འགྱུར་གྱི་དོན་ལ་ཏཱ་ལ་སོགས་པའི་རྣམ་དབྱེ་འདི་རྣམས་འཇུག་ལ། འབྱུང་འགྱུར་དེ་ཡང་དུས་རིང་པོ་མ་ཡིན་པའི་ཉེ་བར་འབྱུང་བ་ལ་འཇུག་པ་ཤེས་ཆེའོ།།

    དྲུག་པ་འབྱུང་འགྱུར་དུས་རིང་པོའི་དོན་ལ་རྣམ་དབྱེ་ཏིཔྲ་ལ་སོགས་པ་བཅོ་བརྒྱད་པོ་ལ་སྱ་བྲ་བར་རྐྱེན་དུ་འགྱུར་བ་འདི་རྣམས་འཇུག་ལ། དེ་ཡང་མ་འོངས་པ་དུས་རིང་པོ་ལ་འཇུག་པ་ཤས་ཆེའོ།།

    བདུན་པ་བྱ་བ་ཤོར་བའམ་མི་འཇོམ་པའི་དོན་ལ་རྣམ་དབྱེ་དི་པྲ་ལ་སོགས་པ་བཅོ་བརྒྱད་པོ་ལ་བར་རྐྱེན་སྱ་པྲ་བྱིན་པ་འདི་རྣམས་འཇུག་སྟེ།དེ་ཡང་བྱ་བ་ཤོར་བ་སྟེ་དུས་ལ་མ་ཁེལ་བའམ་རྒྱུ་ཚོགས་མ་འཛོམ་པ་དང༌། བྱ་བ་མ་རྫོགས་པར་འཕྲོ་ལུས་པ་དང༌། བྱ་བ་ཟིན་མ་ཐག་པའི་གྲུབ་ཟིན་གསར་པ་རྣམས་ཀྱི་དོན་ལ་འཇུག་པ་ཤས་ཆེའོ།།

    ཡང་བརྒྱད་པ་བྱུང་ཟིན་ཙམ་གྱི་དོན་བརྗོད་པ་ལ་རྣམ་དབྱེ་དིཔྲ་ལ་སོགས་པ་བཅོ་བརྒྱད་པོ་ལ་བར་རྐྱེན་སི་བྱིན་པ་འདི་རྣམས་འཇུག་སྟེ།དེ་ཡང་དུས་འདས་ནས་ཡུན་རིང་སོང་བ་ལ་འཇུག་པ་ཤས་ཆེའོ། །རྣམ་དབྱེ་འདི་རྣམས་ཀྱི་མིང་འདོགས་ཚུལ་མི་འདྲ་བའི་ཁྱད་པར་ནི་དབྱངས་ཅན་བྱ་ཀ་ར་ཎའི་ལུགས་ལ། ཀུན་བཤད་ཀྱི་རྣམ་དབྱེ་ཏིཔྲ་སོགས་བརྒྱ་དང་བརྒྱད་ཅུ་པོ་ལ་སྡེ་ཚན་བཅུ་རུ་ཡོད་ལ། སྡེ་ཚན་རེ་རེ་ལའང་དགུ་ཚན་གཉིས་གཉིས་སུ་ཡོད་པ་ལས། དང་པོ་དགུ་ནི་པ་རསྨེ་པ་ད་སྟེ་གཞན་དོན་གྱི་ཚིག་ཅན་གྱི་རྣམ་དབྱེ་དང༌། ཕྱི་མ་དགུ་ནི། སཱཏྨ་ནི་པ་ད་སྟེ་བདག་དོན་གྱི་ཚིག་ཅན་གྱི་རྣམ་དབྱེ་ཞེས་ཐ་སྙད་བཏགས་སོ། །པཱ་ཎི་པའི་ལུགས་ལ། ཏྰིཔྲ་སོགས་ཀྱི་རྣམ་དབྱེ་སྡེ་ཚན་བཅུའི་དང་པོ་ལ། ལཊྲ་ཞེས་པ་དང༌། གཉིས་པ་ལ། ལིདྲ་ཞེས་པ་དང༌། གསུམ་པ་ལ་ལོཊྲ་ཞེས་པ་དང༌། བཞི་པ་ལདྲ་ཞེས་པ་དང༌། ལྔ་པ་ལ་ལིདྲ་ཞེས་པ་དང༌། དྲུག་པ་ལ་སྨོན་པའི་ལིདྲ་ཞེས་པ་དང་བདུན་པ་ལ་ལུཊྲ་ཞེས་པ་དང༌། བརྒྱད་པ་ལ་ལྲིཊྲ་ཞེས་པ་དང༌། དགུ་པ་ལ་ལྲིདྲ་ཞེས་ཐ་སྙད་བཏགས་སོ། །གཞན་ཡང་རང་བཞིན། རྐྱེན། རྣམ་འགྱུར་གསུམ་གྱི་སྒོ་ནས་བསྒྲུབ་ཚུལ་ནི། གཅིག་ལ་མཚོན་ན་ད་ངྷ་འཛིན་པ་ལའོ་ཞེས་པའི་བྱིངས་བཞག ནཊ་ཀི་དག་གོ་ཞེས་པས་ཀི་རྐྱེན་བྱིན། ཀ་ཡོན་ཏན་འགོག་པའི་དོན་གྱིས་ཕྱིས། སྲོག་གི་ཨི་བཞག གང་ཞིག་ཨིཏྲ་ཀྱི་མིང་ཅན་དེ་ནི་དབྱིའོ་ཞེས་པས་བྱིངས་མཐའི་ཨ་ཕྱིས། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ངྷ་སྲོག་མེད་ཨི་ལ་དྲངས་པས། ད་ངྷི་འབྱུང༌། ཎྰཉྲི་ཐོབ་པ་དང་འདྲེན་པ་ལའོ་ཞེས་པའི་བྱིངས་བཞག ཉ་གཉིས་ཀའི་ཚིག་ཅན་གྱི་དོན་ཕྱིས། རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་པས་ཎའི་སྲོག་གི་ཨྰི་ཕྲལ། དབྱངས་ལས་ཨའོ་ཞེས་པས་ཀྲྀཏྲ་རྐྱེན་ཨ་བྱིན། ཡོན་ཏན་ནོས། ཨྰིའི་ཡོན་ཏན་ཨེར་སོང༌། ཨེ་ཨ་ཡ་འོས་ཨེ་ཨ་ཡར་བསྒྱུར། དང་པོའི་ཤ་ཎ་ནི་ས་ན་འོས་ཎ་ནར་སོང༌། དེ་ནས་སྲོག་མེད་རིམ་གྱིས་དྲངས་པས་ན་ཡ་འབྱུང༌། དེའི་སྔོན་ཉེར་བསྒྱུར་ཨཱདྲ་བཞག་ང་ཕྱིས་པས་ཨ་ན་ཡ་འབྱུང༌། དེ་ནས་ཡང༌། ད་ངྷི་ཨ་ན་ཡ་ཞེས་པ་བཞག རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་པས། ངྷིའི་སྲོག་གི་དབྱངས་ཨི་ཕྲལ། དབྱངས་ལ་ཨི་ཡྲ་འོས། ཨི་ཡ་རུ་བསྒྱུར། ཧ་ས་ལས་ར་ཧ་མ་ཡིན་པའི་ཧ་ས་རྣམས་སོ་ཞེས་པས་ངྷ་ཡིག་གཉིས་བརྗོད། ཛྷ་བྷ་ལ་ཛ་བ་རྣམས་སོ་ཞེས་པས། ངྷ་ཡིག་གོང་མ་དྲ་རུ་བསྒྱུར། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་རིམ་པས་དྲངས་པས།ད་ངྔྷྱ་ན་ཡ་ཞེས་པ་གྲུབ་པས་ཞོ་ལོངས་ཤིག་ཅེས་པའོ།།

    གཉིས་པ་ལ། མདོར་བསྟན་དང༌། རྒྱས་བཤད་གཉིས། དང་པོ་ནི།རང་བཞིན་དང་།རྐྱེན་དང༌།རྣམ་འགྱུར་གསུམ་གྱིས་བརྡ་སྤྲོད་པའི་གཞུང་གི་བརྗོད་བྱ་མ་ལུས་པར་བསྡུས་པའོ།།གཉིས་པ་རྒྱས་པར་ཕྱེ་སྟེ་བཤད་པ་ལ། དང་པོ་རང་བཞིན་ནི།བྱིངས་དང་མིང་གཉིས་ཡིན་ལ།དེ་ལའང་ཐོག་མའི་རང་བཞིན་བྱིངས་ཡིན་ཞིང་བྱ་བའི་དོན་ཞེས་ཀྱང་བྱའོ། །རང་བཞིན་གཉིས་པ་མིང་ངམ་རྟགས་ནི་ཕོ་མོ་མ་ནིང་གི་རྟགས་གསུམ་གང་རུང་ཅན་ནོ། །དབྱངས་སམ་གསལ་བྱེད་སྲོག་མེད་གང་རུང་གི་མཐའ་ཅན་ཡིན་ཏེ་དཔེར་མཚོན་ན་བྲྀཀྵ་ཞེས་པ་དབྱངས་ཀྱི་མཐའ་ཅན་དང༌། བིངྷུཏྲ་ཞེས་པ་གསལ་བྱེད་ཀྱི་མཐའ་ཅན་ཡིན་པ་ལྟ་བུའོ། །དེ་ཡང་མིང་གཅིག་མང་པོའི་དོན་དང་ལྡན་པ་ནི།ངག་དང༌། ཕྱོགས་དང༌། ས་དང༌།འོད་ཟེར་དང༌། ཕྱུགས་དང༌།མིག་དང༌།རྡོ་རྗེ་དང་།མཐོ་རིས་དང༌། ཆུ་སྟེ་དོན་དགུ་ལ་གོ་སྒྲ་བཏགས་པ་ལྟ་བུའོ། མིང་གི་རྣམ་གྲངས་མང་པོ་གཅིག་པུའི་དོན་དང་ལྡན་པའང་ཉི་མལ། ཏ་པྰཾ་ཤུ། ཚ་ཟེར་ཅན། སཔྟྰ་ཤྭ། རྟ་བདུན་པ་ལ་སོགས་པ་དུ་མར་འདོགས་པ་ལྟ་བུའོ། །དེ་ལྟ་བུ་བྱིངས་དང་ཚིག་མ་གཏོགས་པ་དག་ནི་མིང་ཡིན་ནོ། ། མིང་གི་བྱེ་བྲག་གྲངས་མེད་ཅེས་པ་བྱིངས་ལས་མ་བསྐྲུབས་པ་འགའ་ཞིག་ལ་ནི་ཕོ་མོ་མ་ནིང་གི་རྟགས་སུ་ངེས་པ་མེད་དེ། པྲ་ཞེས་པ་སྐབས་འགར་རབ་ཅེས་བྱ་བར་བསྒྱུར་དུ་རུང་ལ་རྟགས་གཅིག་ཏུ་མ་ངེས་པ་ལྟ་བུའོ། ། བྱིངས་འགའ་ཞིག་གི་སྔོན་དུ་ཉེར་སྒྱུར་ཞེས་པ་གྲངས་མེད་ཀྱི་བྱེ་བྲག པྲ་དང༌། པར་དང༌། ནི་དང༌། ནྲིར་དང༌། ཨུདྲ་དང༌། དུརྲ་དང༌། སཾ་དང༌། བི་དང༌། ཨ་བ་དང༌། ཨ་ནུ་དང༌། པ་རི་དང༌། ཨ་བྷི་དང༌། ཨ་ངྷི་དང༌། པྲ་ཏི་དང༌། བུ་དང༌། ཨཱདྲ་དང༌། ཨ་ཏི་དང༌། ཨ་བ་དང༌། ཨ་བི་དང༌། ཨུ་པ་རྣམས་ལས་གང་རུང་འཇུག་པ་ཡོད་དེ། ཤེས་པའི་བྱིངས་ཛྙྰ་ཞེས་པའི་གོང་དུ་ཉེར་སྒྱུར་པྲ་བྱིན་པས་ཤེས་རབ་ཏུ་འགྱུར་བ་ལྟ་བུའོ། །དེ་རྣམས་རང་བཞིན་བཤད་པའོ། །རྐྱེན་འཆད་པ་ནི་བྱིངས་ལ་སྦྱར་ནས་མིང་སྒྲུབ་པཀྲྀཏྲ་རྐྱེན་ཡིན་ཏེ། ཛྙྰ་ཤེས་པའི་བྱིངས་ལ་བྱེད་ལྡན་གྱི་རྐྱེན་ཀྟ་སྟེར་བ་ལ། ག་ཁྱད་པར་གྱི་དོན་བསུབས་ནས། ཏ་བྱིན་ཏེ་ཛྙྰ་ཏ་ཞེས་པ་ཤེས་པའི་ངོ་བོ་ལ་འཇུག་པ་དང༌། དེ་ལྟར་བྱིངས་གཅིག་ལ་ཤེས་པའི་ལས་དང༌། ཤེས་པར་བྱེད་པ་པོ་ལྟ་བུ་ལ་འཇུག་པའི་ཀྲིཏྲའི་རྐྱེན་སྟེར་ཚུལ་དུ་མ་ཡོད་དེ། དེ་བཞིན་དུ་ཀྲིཏྲའི་རྐྱེན་ལ་ལ་འོག་ནས་འཆད་པའི་བྱེད་པ་ཅན་དྲུག་ལ་འཇུག་པ་ཡོད་དེ། སྠྰ་ཞེས་པ་སྡོད་པའི་བྱིངས་ལ་ཀྟ་སྟེར་བ་ལ་ཀ་སུབས། མདོ་གཅིག་གིས་ཏ་ན་རུ་བསྒྱུར་ཏེ། སྠྰ་ན་ཞེས་རྣམ་དབྱེ་བདུན་པ་གནས་གཞི་སྟོན་པར་འགྱུར་བ་ལྟ་བུའོ། །མིང་ལས་རང་དང་འབྲེལ་བའི་མིང་གཞན་བསྒྲུབ་པར་བྱེད་པ་ལ་སྟེར་བའི་དེ་ཕན་གྱི་རྐྱེན་ཡིན་ཏེ། ཤུངྔྷོོ་ད་ན་ཞེས་པ་ཟས་གཙང་མ་ལ་བུ་རྒྱུད་ལ་འཇུག་པའི་དེ་ཕན་གྱི་རྐྱེན་ཨཎ་བྱིན།དེ་ཕན་གྱི་ལེའུར་འབྱུང་བ་བཞིན་བསྒྲུབས་པས། ཤུངྔྷོོ་ད་ནི་ཟས་གཙང་སྲས་པོ་ཞེས་པར་འགྱུར་བ་ལྟ་བུའོ། ། ཡང་རང་གི་དངོས་པོ་སྒྲུབ་པ་ལ་འཇུག་པའི་དེ་ཕན་གྱི་རྐྱེན་ཡང་ཡོད་དེ། ངྷརྨ་ཞེས་པ་ཆོས་ཀྱི་དངོས་པོ་བརྗོད་པ་ལ་རྐྱེན་ཏཱ་བྱིན་པས་ངྷརྨ་ཏཱ་ཆོས་ཉིད་ཅེས་པ་ལྟ་བུའོ། །གྲངས་མེད་པ་འགའ་ཞིག་སྒྲུབ་པ་ལ་ཡང་འཇུག་སྟེ། མིང་ཏཏྲ་སྟེ་ཞེས་པ་ལ་རྣམ་དབྱེ་བདུན་པའི་དོན་ཅན་གྱི་དེ་ཕན་ཏྲ་བྱིན་པས་ཏཏྲ་དེ་ལ་ཞེས་པར་འགྱུར་བ་ལྟ་བུའོ། །ཚིག་སྡུད་པའི་མཐའ་ལ་ཡང་འཇུག་སྟེ། ངྷརྨ་རཱ་ཛན་ཆོས་ཀྱི་རྒྱལ་པོ་ཞེས་པ་རྣམ་དབྱེ་དྲུག་པའི་ཚིག་སྡུད་ཡོད་པ་ལ་ཊ་ཙའི་རྐྱེན་བྱིན་ནས། ཙནྡྲ་པ་ནས་འབྱུང་བ་བཞིན་བསྒྲུབས་པས་ངྷརྨ་རཱཛ་རུ་འགྱུར་བ་ལྟ་བུའོ། །འགའ་ཞིག་ཏིང་གི་རྣམ་དབྱེ་བྱིན་པའི་ཚིག་མཐར་འཇུག་སྟེ། གཙྪ་ཏི་འགྲོ་བ་ཞེས་པ་ཏི་བྱིན་པའི་ཚིག་མཐར་ཏ་མ་ཞེས་པ་བྱིན་པས་གཙྪ་ཏི་ཏ་མ་མཆོག་ཏུ་འགྲོ་བ་ཞེས་པ་ལྟ་བུའོ། །གཞན་ཡང་རྐྱེན་གྱི་རྣམ་གྲངས་མིང་ཕོ་རྟགས་ཅན་ལ་མོ་རྟགས་ཅན་གྱི་ཆེད་དུ་དྰི་ལ་སོགས་པ་དང༌།ཀ་ལཱ་པའི་ལུགས། ཨི་ལ་སོགས་པ་སྟེར་བའང་ཡོད་དེ། ཡོ་གི་ནྲ་རྣལ་འབྱོར་པ་ཞེས་པ་ཕོ་རྟགས་ཅན་ལ་དྰིའམ་ཨྰི་བྱིན་ནས་འཚམས་སྦྱར་བས་ཡོ་གི་ནྰི་རྣལ་འབྱོར་མ༌ཞེས་པ་ལྟ་བུའོ། །

    བྱིངས་འགའ་ཞིག་མེད་འགའ་ཞིག་དག་ལ་ཇི་ལྟར་རིགས་པར་སྦྱར་བས་བྱིངས་སུ་འགྱུར་བའི་རྐྱེན་སན་སོགས་རྣམས་ཀྱང་ཡོད་དེ། རྣོ་བའི་བྱིངས་ཏི་ཛ་ལ་སནྲ་གྱི་རྐྱེན་སྦྱར་ནས་ཨཱ་ཁྱྰ་ཏའི་ལེའུ་གསུམ་པ་ནས་འབྱུང་བ་བཞིན་བསྒྲུབས་པས་ཏི་ཏིཀྵ་ཞེས་པ་བཟོད་པའི་བྱིངས་སུ་འགྱུར་བ་དང༌། སུ་རཱ་ཆང་གི་མིང་ལ་ཙནྡྲ་པའི་ཎྲི་ཙའམ། ཀ་ལ་པའི་ཨིན་བྱིན་ནས་བསྒྲུབས་པས། སུ་རྰི་ཞེས་པ་ཆད་མཁན་དུ་བྱེད་པའི་བྱིངས་སུ་འགྱུར་རོ། །ངོ་བོ་བརྗོད་པའི་ཏྲིང་བྱེད་པའི་བྱིངས་ཀྲྀ་ལ་ཏི་སོགས་ཀྱི་ཏི་བྱིན་ནས་བསྒྲུབས་པས་ཀྲྀ་ཡ་ཏི་བྱེད་པའི་ཞེས་པ་ལྟ་བུ་དང༌། བྱེད་པ་པོ་བརྗོད་པའི་བྱིངས་གོང་མ་ཉིད་ལ་ཏ་སྦྱར་ནས་བསྒྲུབས་པས་ག་རོ་ཏི་ཀ་ ཊཾ་རེ་ལྡེ་བྱེད་དོ་ཞེས་པ་ལྟ་བུ་དང༌། ལས་བརྗོད་པའི་བྱིངས་དེ་ཉིད་ལ་ཏ་སྦྱར་ནས་བསྒྲུབས་པས། ཀྲི་ཡ་ཏི་ཀ་ཊཿ རེ་ལྡེ་བྱའོ་ཞེས་པར་འགྱུར་བ་ལྟ་བུ་སྟེ། གསུམ་པོ་དེ་ལྟ་བུའི་ཏིདྲ་གིས་བྱིངས་ལས་ཚིག་བསྒྲུབ་པ་ཡིན་ཞིང༌། སུཔྲའམ་སི་སོགས་ཀྱིས་མིང་ལས་ཚིག་སྒྲུབ་སྟེ། སྔ་མ་ཏི་སོགས་ཀྱིས་དུས་ཀྱང་རྣམ་པར་འབྱེད་ཅིང༌། ཏིང་སུཔྲ་གཉིས་ཀས་བརྗོད་བྱ་དོན་རྣམ་པར་འབྱེད་པའི་ཕྱིར་རྐྱེན་དེ་གཉིས་ལ་རྣམ་དབྱེ་ཞེས་པར་གྲགས་སོ། ། བྱེད་པ་པོ་དང༌།ལས་དང༌། བྱེད་པ་དང༌། དགོས་ཆེད་དང༌། འབྱུང་ཁུངས་དང༌། གཞི་རྣམས་ཏེ། བྱེད་ཅན་དྲུག་ནི་སུཔྲའི་གནས་ཡིན་ནོ། །རྣམ་དབྱེ་དྲུག་པ་དང༌། བརྒྱད་པ་དག་ནི་འབྲེལ་པ་དང༌། བོད་པ་ལ་འཇུག་པའོ། །བྱེད་ཅན་དྲུག་པོ་དེ་ལ་མ་བརྗོད་པ་དང༌། བརྗོད་པ་གཉིས་གཉིས་སུ་ཕྱེ་སྟེ། དེ་ལ་མ་བརྗོད་པའི་བྱེད་པ་པོ་ལ་རྣམ་དབྱེ་གསུམ་པ་དང༌།དྲུག་པ་སྐབས་ཇི་ལྟ་བར་སྦྱར་ཏེ།ཀྲི་ཡ་ཏི་ཀྲ་ཊཿདེ་བ་དཏྟེ་ན། རེ་ལྡེ་བྱ་བ་ལྷས་བྱིན་གྱིས་སོ་ཞེས་པ་ནི་གསུམ་པའི་ཊྰ་བྱིན་པ་ལྟ་བུ་དང༌།ཀྲྀ་ཏི་རི་ཡཾ་ངྷརྨ་ཀྰིརྟི་བྱེད་པ་པོ་ཆོས་ཀྱི་གྲགས་པ་ལ་རྣམ་དབྱེ་དྲུག་པའི་དེསྲ་བྱིན་པ་ལྟ་བུའོ། །བྱེད་ཅན་དྲུག་པོ་བརྗོད་ན་དྲུག་པོ་ཐམས་ཅད་ལ་རྣམ་དབྱེ་དང་པོ་ཉིད་འཇུག་སྟེ། ཀྲི་ཡ་ཏེ་ཀ་ཊཿརེ་ལྡེ་བྱའོ་ཞེས་པ་ལས་བརྗོད་པ་ལ་ལས་སུ་གྱུར་པའི་ཀ་ཊ་ལ་སི་བྱིན་པས་ཚེག་དྲག་ཏུ་གྱུར་པ་ལྟ་བུ་དང༌།ཀ་རོ་ཏི་ཀ་ཊཾ་དེ་བ་དཏྟཿརེ་ལྡེ་བྱེད་དོ་ལྷས་བྱིན་ཞེས་པ་བྱེད་པ་པོ་བརྗོད་པ་ན། བྱེད་པ་པོར་གྱུར་པའི་དེ་བ་དཏྟ་ལ་སི་བྱིན་པ་ལྟ་བུའོ། །གཞན་བྱེད་ཅན་བཞི་པོ་བརྗོད་པ་ལ་རྣམ་དབྱེ་དང་པོ་བྱིན་པའི་དཔེར་བརྗོད་ནི་གཞན་དུ་བལྟ་བར་བྱ་སྟེ་གོ་སླའོ། །བྱེད་པ་པོ་སྒྲུབ་པ་དང་ལས་སྒྲུབ་པ་ལ་ཏི་སོགས་ཀྱི་རྣམ་དབྱེ་རིམ་པ་ལྟར་བྱེད་པ་པོ་དང་ལས་དག་གི་དབང་དུ་གྱུར་པ་འབྱུང་སྟེ། བྱེད་པའི་བྱིངས་ཀྲྀཉྲ་ལ་བྱེད་པ་པོའི་དབང་དུ་འགྱུར་བའི་རྣམ་དབྱེ་པ་རསྨེེ་ལས་ཏི་དང་ཨུ་ཨཱ་ག་མ་བྱིན་ནས་བསྒྲུབས་པས། ཀ་རོ་ཏི། བྱེད་དོ་ཞེས་པ་ལྟ་བུ་བྱེད་པ་པོ་ཡིན་ནོ། ། ཡང་ཀྲྀཉྲ་ལས་ལ་དབང་དུ་འགྱུར་བའི་རྣམ་དབྱེ་ཨཱཏྨ་ནིའི་ཏེ་དང༌། ཡཎྲ་ཨཱ་ག་མ་བྱིན་ནས་བསྒྲུབས་པས།ཀྲི་ཡ་ཏི། བྱ་བའོ་ཞེས་པ་ལས་བརྗོད་ལ་བྱེད་པ་པོ་མ་བརྗོད་པ་ཡིན་ནོ། ། རང་བཞིན་བྱིངས་སམ་མིང་དང་ཕ་རོལ་གང་ཡང་རུང་བའི་རྐྱེན་གྱི་བར་དུའམ། རང་བཞིན་གྱི་མཐའི་དབྱངས་དང་གསལ་བྱེད་སྲོག་མེད་ཀྱི་བར་དུའམ། དེ་ཕན་གྱི་ཎ་རྗེས་སུ་འབྲེལ་བ་ཡོང་པ་ལ་རང་བཞིན་གྱི་ཐོག་མའི་ཡི་གེ་གཅིག་གི་རྗེས་སུ་དང༌། བྱིངས་ཀྱི་དང་པོ་རུའང་ཨཱ་ག་མ་འབྱུང་བ་ཡང་ཡོད་དོ། ། གཞན་ཡང་སྒྲ་སྒྲུབ་པའི་ཚེ། དཀྱུས་སུ་འབྱུང་བ་མིན་ན་ཡང་གཞན་དང་མི་ནོར་བའི་དགོས་པ་དང་ལྡན་པའི་ཡི་གེ་འགའ་ཞིག་ལ་རྟགས་ཀྱི་དོན་ནམ། ཁྱད་པར་གྱི་དོན་ཞེས་ཏེ་རྣམ་དབྱེའི་སིའི་སྲོག་གི་ཨི་ལྟ་བུའོ། ། དེ་རྣམས་རྐྱེན་བཤད་པའོ།།

    རྣམ་འགྱུར་འཆད་པ་ནི༌།རང་བཞིན་དང་འབྲེལ་བའི་བསྒྱུར་བ་ཨ་ཡིག་སྒྲ་ལྡན་ལ་རིང་པོར་འགྱུར་བ་ལྟ་བུ་དང༌། དེ་དང་འབྲེལ་བའི་དབྱེ་བ་རྟགས་མཐའི་ན་ཡིག་ལྟ་བུ་དང༌། རྐྱེན་དང་རྗེས་འབྲེལ་བསྒྱུར་བ་ཊྰ་ཨི་ན་རུ་འགྱུར་བ་ལྟ་བུ་དང༌། དེ་དང་འབྲེལ་བའི་དབྱི་བ་ཨཱ་ཡིག་མོ་རྟགས་ཅན་ལ་སི་དབྱི་བ་ལྟ་བུ་དང༌། ཡི་གེ་ཙམ་དང་འབྲེལ་བའི་བསྒྱུར་བ་དབྱངས་དང་གསལ་བྱེད་འཚམས་སྦྱོར་བ་ལྟ་བུ་དང༌། དེ་དང་འབྲེལ་བའི་དབྱི་བ་ལ། ཚིག་མཐར་ཨེཏ་ཨོཏ་ལས་ཕ་རོལ་གྱི་ཨ་ཡིག་དབྱི་བ་ལྟ་བུ་རྣམས་རྣམ་འགྱུར་ཡིན་ཞིང༌། དེ་ཡང་ཚིག་སྡུད་ཕལ་ཆེར་སུ་པྲའམ།ཨ་མྲ་སོགས་ཀྱི་རྣམ་དབྱེ་འཇིག་གོ།ཚིག་སྡུད་ནི་མིང་རྣམས་སྦྱོར་བའི་དོན་ཏེ་མིང་རེ་རེ་ལ་རྣམ་དབྱེ་རེ་རེ་འཐོབ་པ་ལ་མིང་གཉིས་སམ་མང་པོའི་ཐ་མ་ལ་རྣམ་དབྱེ་གཅིག་བྱིན་པ་ཡིན་ནོ། །དེ་ལ་ཡང་དབྱེ་ན། གསུམ་མམ་དྲུག་ཡོད་པ་ལས། ཁྱད་པར་ཅན་ཨུཏྤ་ལ་ལྟ་བུ་དང༌། ཁྱད་པར་ནྰི་ལ་སྔོན་པོ་ལྟ་བུའི་ཚིག་དག་གཞི་མཐུན་པར་སྡུད་པ་ནྰི་ལ་དང་ཨུཏྤ་ལ་གཉིས་ཀ་ལ་རྣམ་དབྱེ་རེ་རེ་འཐོབ་པ་ལ་ནྰི་ལའི་རྣམ་དབྱེ་ཕྱིས་ནས་ཨུཏྤ་ལའི་མཐར་སི་བྱིན་པས།ནྰི་ལོཏྤ་ལཿཀ་ལ་པའི་ལུགས་ཀྱི་ལས་འཛིན་པའི་བསྡུ་བ། ཙནྡྲ་པའི་ལུགས་ཀྱི་ཁྱད་པར་གྱི་བསྡུ་བ་ཡིན་ནོ། །ལས་འཛིན་དེ་ཉིད་པཉྩ་སྐནྔྷ་ཕུང་པོ་ལྔ་ཞེས་པ་གྲངས་དང་བགྲང་བྱ་གཞི་མཐུན་དུ་སྡུད་པ་ཡིན་ལ། ཀལཱ་པར། བ་གཉིས་པའམ། ཙནྡྲ་པར། གྲངས་དང་པོ་ཅན་གྱི་སྡུ་བ་ཞེས་པའོ། །མིང་གྲྰ་མ་ལྟ་བུ་དང༌། ཕ་རོལ་གྱི་ཚིག་ག་ཏེ་ལྟ་བུ་དག་གི་རྣམ་དབྱེ་གཉིས་པ་སྡུད་པ་སྟེ། གྲྰང་མཾ་ག་ཏི། གྲོང་ལ་འགྲོ་བཞེས་པ་ལ་རྣམ་དབྱེའི་ཨཾ་ཕྱིས་ནས་གྲྰ་མ་ག་ཏིཿཞེས་བསྡུས་པས་གྲོང་འགྲོ་ཞེས་པ་ལྟ་བུ་ལ་སོགས་པ་ནི་བྱེད་ཅན་དྲུག་པའི་སྡུ་བ་ཞེས་ཙནྡྲ་པར་བཤད་དོ། །དེ་ལྟར་ལས་འཛིན་པ་དང༌། བ་གཉིས་པ་དང༌། གཉིས་པ་ལ་སོགས་པའི་བསྡུ་བ་སྟེ། འདི་གསུམ་ལ་དེའི་སྐྱེས་བུའི་བསྡུ་བ་ཞེས་ཀ་ལཱ་པར་བཤད་དོ། །ཚིག་སྡུད་གང་གི་སྔ་མར་གྲངས་མེད་པའམ་མི་ཟད་པའི་ཚིག་གིས་བརྗོད་བྱའི་གཙོ་བོར་སྟོན་པར་འགྱུར་བ་ཨུ་པ་ཀུམྦྷ་ཞེས་པའི་ཨུ་པ་ཉེ་བའི་ཞེས་པ་མི་ཟད་པ་སྔ་མར་གཙོ་བོར་བརྗོད་ཅིང༌།ཀུམྦྷ་བུམ་བ་ཞེས་ཕྱིས་བརྗོད་པའི་བར་ནས་རྣམ་དབྱེ་དང་པོ་ཕྱིས་པ་ལྟ་བུ་ནི། ཙནྡྲ་པར་གྲངས་མེད་པའི་སྡུ་བ་ཞེས་བྱའོ། །ཚིག་གཉིས་དག་གམ་ཚིག་མང་པོ་རྣམས་བསྡོམས་ནས་དོན་གཞན་གོ་བར་བྱེད་པ་ལ། ཀ་ལཱ་པར་འབྲུ་མང་པོ་བ་དང༌། ཙནྡྲ་པར་གཞན་གྱི་དོན་གྱི་ཚིག་སྡུད་ཅེས་བྱ་སྟེ། ཙིཏྲ་གུཿབ་ཁྲ་མོ་ཅན་ཞེས་པ་ལ། ཙིཏྲའི་རྗེས་སུ་རྣམ་དབྱེ་དང་པོ་ཕྱིས་པས།ཁྲ་མོ་ཅན་ཞེས་སྨོས་པ་འདི་ལས་བ་ཁྲ་མོ་ཡོད་པའི་ས་ཕྱོགས་གོ་བ་ལྟ་བུའོ། ། ཤར་དང༌། ལྷོ་ལ་སོགས་པའི་ཕྱོགས་ཀྱི་མིང་དག་ལས། ཕྱོགས་བྲལ་ཤར་ལྷོ་ལ་སོགས་པ་གོ་བ་དེ་ཡང་འབྲུ་མང་པོའི་སྡུ་པ་ཡིན་ནོ། ། མིང་སིལ་བུ་པ་གཉིས་སམ་མང་པོ་རྣམས་ལ་མིང་རེ་རེ་ལ་རྣམ་དབྱེ་འདྲ་བ་རེ་རེ་སྦྱིན་དགོས་པ་ལ་དེ་ཐམས་ཅད་ཀྱི་ཐ་མར་རྣམ་དབྱེ་གཅིག་བྱིན་པས་ཆོག་པར་བསྡུས་པ་ནི་ཀ་ལཱ་པར། ཟླས་དབྱེ་འམ།ཙནྡྲ་པར། དང་གི་དོན་གྱི་སྡུ་བ་ཞེས་བྱའོ། །དེ་ལ་ནི་གཉིས་ཏེ། གཞན་དང་གཞན་སྦྱོར་བ་མིང་གཉིས་ཀྱི་རྣམ་དབྱེ་བསྡུས་ན་གཉིས་ཚིག་སྟེར་ཞིང༌། མང་པོའི་བསྡུས་ན་མང་ཚིག་སྟེར་བ་དང༌། །ཀུན་སྡུད་པ་མིང་གཉིས་སུ་ཡོད་ཀྱང་རྣམ་དབྱེ་གཅིག་ཚིག་སྟེར་བའོ། །དེ་རྣམས་རྣམ་འགྱུར་བཤད་པའོ།།

    འདི་ནི་སྒྲའི་བསྟན་བཅོས་ཀྱི་དོན་ཤིན་ཏུ་བསྡུས་པ་སྟེ།རང་བཞིན་དང་རྐྱེན་སོ་སོའི་དབྱེ་བ་དང༌།དེ་དག་དོན་གང་ལ་འཇུག་པའི་ཚུལ་དང༌། རྣམ་འགྱུར་རྣམས་རྒྱས་པར་ཤེས་འདོད་ན་མིང་གི་སྤྲོས་པ་རྣམས་ནི་ཨ་མ་ར་ཀོ་ཥ་ལ་སོགས་པ་མངོན་བརྗོད་ཀྱི་བསྟན་བཅོས་རྣམས་དང༌། གཞན་རྣམས་ནི་བྱིངས་ཀྱི་གླེགས་བམ་དང༌། སྒྲའི་བསྟན་བཅོས་ཀ་ལཱ་པ་ལ་སོགས་པའི་གཞུང་དུ་ལྟོས་ཤིག །སཾ་སྐྲཾ་ཏ་ལ་བོད་སྐད་དུ་བསྒྱུར་བའི་ཚེ་ལེགས་སྦྱར་གྱི་སྐད་ལ་ཚིག་སྡུད་དུ་བསྡུས་པའི་རྣམ་དབྱེ། ར་ཛ་པུ་རུ་ཥ།ཞེས་པ་རྣམ་དབྱེ་དྲུག་པ་ཕྱིས་ནའང༌། བོད་སྐད་དུ་རྒྱལ་པོའི་སྐྱེས་བུ་ཞེས་རྣམ་དབྱེ་དྲུག་པ་ཡོད་པར་འགྱུར་ཏེ་དབྱེ་བ་ལྟ་བུ་དང༌། སོ་སོ་བསྡུ་བ་དོན་གཅིག་གི་ཁྱད་པར་མང་པོ་རྣམས་སོ་སོ་ལ་རྣམ་དབྱེ་རེ་རེ་བྱིན་པ། སརྦ་ཛྙཾ་ཛྙ་ན་ཀ་ཡཾ་དི་ན་ཀ་ར་པ་པུ་ཥཾ། ཞེས་པ་ལ་སོགས་པ་བོད་སྐད་ལ་སྒྲ་དྲང་ཐད་དུ་བསྒྱུར་ན་ཐམས་ཅད་མཁྱེན་ལ་ཡེ་ཤེས་སྐུ་ལ་ཉིན་བྱེད་སྐུ་ལ། ཞེས་པ་འབྱུང་ཡང༌། དེ་མི་བདེ་བས་ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་ཉིན་བྱེད་སྐུ་ཅན། ཞེས་པ་ལ་སོགས་པ་ཀུན་གྱི་མཐར་ལ་ཞེས་པ་གཅིག་སྦྱར་ནས། རྒྱལ་པོ་ཟླ་བ་བཟང་པོས་མགོ་བོས་ཕྱག་འཚལ་ནས་དྲིས་ཞེས་པ་ལྟ་བུ་དང༌། རྣམ་དབྱེ་གཞན་དུ་བསྒྱུར་བ། ཀྲྀ་ཏིརྔྷརྨ་ཀྰིརྟཿཞེས་པ། ཆོས་ཀྱི་གྲགས་པའི་མཛད་པའོ་ཞེས་རྣམ་དབྱེ་དྲུག་པ་ཡོད་པ་ལ། ཆོས་ཀྱི་གྲགས་པས་མཛད་པའོ་ཞེས་གསུམ་པར་བསྒྱུར་བ་ལྟ་བུ་ནི།བོད་སྐད་ལ་གོ་བདེ་ཞིང་ཇི་ལྟར་བརྗོད་པར་འདོད་པའི་དོན་བདེ་བླག་ཏུ་གོ་བར་འགྱུར་བའི་ཆེད་དུ་དེ་ལྟར་མཛད་པའོ། །གོང་དུ་བཤད་པའི་རང་བཞིན་རྐྱེན་དང་རྣམ་འགྱུར་གསུམ་གྱི་རྣམ་བཞག་འདི་དག་ནི་སྒྲ་རིག་པ་སློབ་པར་འདོད་པ་རྣམས་ལ་ཕན་པར་བསམས་ནས་མཁས་པ་ཆེན་པོ་དཔང་ལོ་ཙྪ་བའི་གསུང་ཇི་ལྟ་བ་བཞིན་བཏུས་པའོ།།དེ་དག་ནི་སྒྲ་རིག་པའི་གཞུང་ལས་བྱུང་བའི་མིང་གི་རྣམ་གྲངས་ཆེ་ལོང་ཙམ་མདོར་བསྡུས་པའོ།།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག