མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

རི་བོ་ཉི་ཟླ་དུས་དེབ་ཀྱི་རྩོམ་བརྡ།

རྩོམ་པ་པོ། ༼རི་བོ་ཉི་ཟླ༽རྩོམ་སྒྲིག་ཁང་།    2014-05-04 16:57

༼རི་བོ་ཉི་ཟླ༽དུས་དེབ་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཀློག་པ་པོ་རྣམས་ཀྱི་འདོན་བློ་སྐོང་བ་དང་། དུས་དེབ་རང་སྟེང་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་ཆེད། ངེད་རྩོམ་སྒྲིག་ཁང་གིས་སྤྱི་ཚོགས་ལས་རིགས་སྟེང་གི་རྩོམ་པ་པོ་རྣམས་ལ་དམིགས་ཏེ་ལོ་རྗེས་མ་ནས་དཔར་ཐེངས་ཇེ་མང་དང་། རྒྱུ་སྤུས་ཇེ་བཟང་། ལེ་ཚན་གསར་སྣོན། རྩོམ་ཡོན་སོགས་ཕྱོགས་གང་ཐད་དུ་སྔོན་ལས་བཅོས་སྒྱུར་དང་ཐོད་རྒལ་ཅན་དུ་སྤེལ་བར་བྲེལ་ཡོད། ཚགས་དེབ་ཉུང་བའི་བོད་ཀྱི་རྩོམ་སྟེགས་སྟེང་ལ་དེབ་གཅིག་གི་གྲངས་འབོར་ཇེ་མང་དུ་འགྲོ་ཐུབ་པ་ནི་རྩོམ་རིག་ལ་བློ་མོས་ཡོད་པའི་སྨྱུག་ཐོགས་པ་དག་གི་དགའ་སྤྲོ་རབ་མེད་ཅིག་དང་། ཡང་ན་བོད་ཡིག་བོད་སྐད་ཀྱིས་ང་ཚོར་རྣམ་ཀུན་ཀུ་ཅོ་འདོད་པའི་སྐབས་འདིར་རང་གི་བཤད་འདོད་པ་ཐམས་ཅད་ལ་སྟེགས་བུ་ཞིག་བསྐྲུན་པ་ཡང་དངོས་ནས་དོན་སྙིང་དོན། དེ་བས། ཀློག་པ་པོ་རྣམས་ཀྱིས་ལུས་གང་རུང་སྤྱད་དེ་ལྗགས་རྩོམ་བསྐུར་བར་སྐུལ་བ་ཡིན།

ཡིག་སྒམ། rwndzzb@163.com
འབྲེལ་གཏུགས་མི་སྣ། བདེ་ལྡན་དབང་མོ།
ཁ་པར། 13299800915
༼རི་བོ་ཉི་ཟླ༽རྩོམ་སྒྲིག་ཁང་།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག