མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

གཡང་དཀར་རྟགས་ཅན་བོད་མིའི་གོས་རྒྱན་གསར་བ་གཟབ་རྒྱས་ངང་ཚོང་རར་བཀྲམས་པ།

    2014-05-14 10:29

    གཡང་དཀར་བོད་ཀྱི་རིག་གནས་གསར་འདོན་ཚད་ཡོད་ཀུང་ཟི་དབུ་བཙུགས་པ་དང་གཡང་དཀར་རྟགས་ཅན་བོད་མིའི་གོས་རྒྱན་གསར་བ་ཆེད་ཚོང་གི་ཚོང་རའི་མཛད་སྒོ་ཟླ་བ༤པའི་ཚེས༦ཉིན་མཚོ་ལྷོ་ཆབ་ཆ་ནས་གཟབ་རྒྱས་ངང་བསྡུས།གཡང་དཀར་ཚང་ནི་སློབ་ཆེན་པའི་གསར་གཏོད་ཀྱི་ལམ་བུ་ཞིག་དང་སྤྱི་ཚོགས་ལས་ཤོར་མི་སྣའི་དགོས་མཁོར་ཞབས་ཞུ། བོད་རང་གི་ཐོན་ལས་གསར་འདོན་དང་སློབ་ཆེན་སློབ་མའི་ནུས་ཤུགས་སྐུལ་སྤེལ། བརྡ་འཕྲིན་ཚོང་ལས་འཕེལ་རྒྱས་སོགས་སྒོ་དུ་མར་དམིགས་ནས་བཙུགས་པའི་ཞབས་ཞུའི་ཁེ་ལས་ཞིག་ཡིན།

    གཡང་དཀར་ཚང་། བོད་མིའི་གོས་རྒྱན་གསར་བའི་དབུ་ཁྱུད། སློབ་ཆེན་པའི་གསར་གཏོད་ལམ་བུ།

    གཡང་དཀར་ནི་མཐོ་སྒང་གི་བོད་མི་རྣམས་ཀྱི་འཚོ་བའི་རྟེན་གཞི་གཙོ་བོ་དང་། གཡང་དཀར་ལུག་བལ་ལས་ཐོན་པའི་མཁོ་ཆས་དག་ཀྱང་གནའ་དུས་ནས་བཟུང་བོད་མིའི་འཚོ་བ་རིམ་གྱིས་གོང་འཕེལ་དུ་སོང་བ་དང་བསྟུན་ཁོ་ཚོའི་བར་བརྩེ་བ་ཧ་ཅང་ཟབ་མོ་ཞིག་ཆགས་འདུག དེ་བཞིན་གྱོན་གོས་ནི་འགྲོ་བ་མིའི་རིགས་སྤྱི་ལ་དར་སྔ་ཞིང་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་མཁོ་ཆས་ཤིག་ཡིན་ལ། ཕྱི་གོས་རྒྱན་གྱི་སྟེང་ནས་མི་རིགས་དེའི་ནང་ཀུན་སྤྱོད་དང་འདུ་ཤེས་སོགས་མཚོན་པར་མ་ཟད།ད་དུང་མི་རིགས་དེའི་ཤེས་རིག་ལྡན་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མཚོན་གྱི་ཡོད།བོད་མི་ནི་འཛམ་གླིང་དུ་ལོ་རྒྱུས་ཀྱི་རྒྱུན་རིང་པ་དང་གོས་དར་སྔ་བའི་མི་རིགས་ཤིག་ཡིན་ལ་གཡང་དཀར་བལ་ལས་ཐོན་པའི་གྱོན་གོས་ནི་གོས་རྒྱན་ཁྲི་འབུམ་ཁྲོད་ཆེས་དྲོད་ཁོལ་འཛོམས་པ་དང་ཆེས་རྒྱུ་སྤུས་བཟང་བ་དེ་ཡིན་ལ། དེ་བས་གཡང་དཀར་དེ་ཚོང་རྟགས་སུ་བཀོལ་པ་དང་རང་ཁྱིམ་ནང་གི་ཐོན་རྫས་གཙང་མའི་དྲི་མ་ཡལ་བ་མདོག་མ་ཤོར་བ། ལྷད་མ་འདྲེས་པར་གནའ་དེང་ཟུང་འབྲེལ་སྒོས་འཕེལ་རྒྱས་དང་མཐུས་ཚང་སུ་བཏང་སྟེ་འཛམ་གླིང་རང་བཞིན་དུ་བསྐྱོད་པའི་ཁུར་བོ་དེ་ནི་གངས་ཅན་གཞོན་ནུ་དག་གི་འགན་འཁྲི་རུ་འདུག

    དེ་བཞིན་གཡང་དཀར་ཚང་ནས་ཐོན་པའི་གོས་རྒྱན་དག་ནི་བཟོ་རྩལ་མཆོག སྤུས་ཚད་མཐོ། གནའ་བོའི་བཅུད་མ་ཤོར་བ། དུས་ཀྱི་རྗེས་མ་ལུས་པ། སྟག་ཤར་རའི་གྱོན་ན་རྫིགས་ཉམས་དོད་པ། སྨན་བུ་མོའི་ལུས་ལ་མཛེས་ཉམས་གསོ་བ་སོགས་ཧ་ཅང་ཆེད་ལས་རང་བཞིན་ལྡན་པའི་འཚོལ་སྙེག་གི་ལམ་བུ་ཞིག་གིས་དེང་རབས་བོད་མིའི་གོས་རྒྱན་གསར་བའི་དབུ་ཁྱུད་ཆེན་པོ་ཞིག་བྲིས་ཡོད།

    དབུ་ཁྱུད་འདི་ནི་ང་ཚོ་ཐུན་མོང་ལ་དབང་བ་སྟེ་ང་དང་ཁྱོད་མེད་པར་ཆེས་རྒྱུན་ལྡན་མིན་པའི་ཡར་རྒྱས་ཀྱི་གོམ་སྒྲ་ཞིག་ཁ་བའི་འཇིག་རྟེན་འདིར་བསྩལ་ནས་ཡོད།

 

 

གཡང་དཀར་ཚང་གི་ཚོང་ཚོང་རྟགས།

  གཡང་དཀར་རྟགས་ཅན་བོད་མིའི་གོས་རྒྱན་གསར་བ་ཆེད་ཚོང་ཁང་།

མཛད་སྒོའི་ཡུལ་དངོས།

གཡང་དཀར་ཚང་གི་ཐོན་རྫས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག