མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དངུལ་ལེན་འཕྲུལ་འཁོར་དུ་རྒྱ་བོད་ཡིག་གཉིས་ཀ་སྒྲིག་སྦྱོར་བྱས་ཡོད་པ།

    2014-05-28 15:52

    ཉེ་སྔོན།ཀྲུང་གོའི་ཞིང་ལས་དངུལ་ཁང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡན་ལག་དངུལ་ཁང་གིས་མི་རིགས་ས་ཁུངས་རང་སྐྱོང་བཅའ་ཁྲིམས་གང་ལེགས་ཀྱིས་ལག་བསྟར་དང་བོད་རིགས་དམངས་ཚོགས་ལ་དངུལ་ལེན་འཇོག་སྟབས་བདེ་བཟོ་ཆེད།རང་སྐྱོང་ཁུལ་དེའི་བསང་ཆུ་རྫོང་དང་ཅོ་ནེ་རྫོང་།རྨ་ཆུ་རྫོང་།ཀླུ་ཆུ་རྫོང་ཐེ་བོ་རྫོང་།འབྲུག་ཆུ་རྫོང་།དེ་མིན་ཁུལ་གྱི་ལྟེ་གནས་གཙོས་གྲོང་ཁྱེར་གྱི་དངུལ་ལེན་འཇོག་འཕྲུལ་འཁོར་དག་ཏུ་རྒྱ་བོད་ཡིག་གཉིས་ཀ་སྒྲིག་སྦྱོར་བྱས་ཡོད་པ་རེད།

    དངུལ་ལེན་འཇོག་འཕྲུལ་འཁོར་དག་ཏུ་རྒྱ་བོད་ཡིག་གཉིས་ཀ་སྒྲིག་སྦྱོར་བྱས་ཡོད་པ་འདི་ནི་ཀན་ལྷོ་ཁུལ་གྱི་ཕྱོགས་གང་ཐད་ནས་མི་རིགས་ས་ཁུངས་སུ་རང་སྐྱོང་བཅའ་ཁྲིམས་ལག་བསྟར་གང་ལེགས་དང་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་དར་སྤེལ་བྱས་པའི་མཚོན་རྟགས་མངོན་གསལ་རེད།ཅོ་ནེ་རྫོང་མཁར་ཆེན་ཤང་དར་རྩེ་སྡེ་བའི་བོད་རིགས་རྒན་མོ་སངས་རྒྱས་འཚོས་བཤད་པར།

    སྔོན་ཆད།དངུལ་ལེན་འཕྲུལ་འཁོར་དུ་བོད་ཡིག་མེད་པས་ང་ཚོས་བེད་སྤྱོད་བྱེད་མི་ཤེས།ད་སྐབས་རྒྱ་ཡིག་ཡོད་པ་མ་ཟད་བོད་ཡིག་ཀྱང་ཡོད་དེ་ཧ་ཅང་སྟབས་བདེ་རེད་ཟེར།། ཁྱི་གོས་གནས་ཚུལ་བཀོད་པ།

    

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག