མདུན་ཤོག- རིག་གནས་འཚོ་བ།- སྒྱུར་རྩོམ།- སྙན་རྩོམ།

ལི་ཤིས་བདག་ལ་དྲི་ཞིམ་བསྐྱལ་འོངས།

རྩོམ་པ་པོ། པའོ་ཅ་ལིས་ཡ། ཧྥ་ཙོའུ་ཧྥུ་ཡིས་བརྩམས།འབའ་སྨད་རྒྱལ་ལོ་ཚེ་རིང་གིས་བསྒྱུར།    2014-10-13 10:41

    ཁྱིམ་མཚེས་ཚང་གི་མེ་ཏོག་ལྡུམ་རའི་ནང་ནས།

    ལི་ཤིས་བདག་ལ་དྲི་ཞིམ་བསྐྱལ་ནས་ཐོན་བྱུང་།

    ང་ཡི་དྲན་གདུང་རྒྱང་རིང་གི་འདས་དོན་དེར་ལོག

    ངས་སེམས་སུ་སྡུག་བསྔལ་དང་སྐྱོ་ངལ་བསྐྱེད་ཅིང་།

    ང་མེ་ཏོག་གི་དར་ཆ་གཡོ་བ་ལྟ་བུའི་གཞོན་ནུའི་དུས་སྐབས་དེར་ཐོན་བྱུང་།

    སེམས་འགུལ་ཡང་ཡང་ཐེབས་ཤིང་། བུ་རམ་ལྟ་བུའི་ཕྱིར་དྲན་གྱི་མགོ་གླེང་།

    ལི་ཤིས་བདག་ལ་དྲི་ཞིམ་བསྐྱལ་འོངས།

    ངས་འདས་ཟིན་པ་ཡོད་ཚད་དྲན་བྱུང་།

    སྔོན་ནས་ཡལ་ཟིན་པའི་གྲིབ་གཟུགས་ཀྱིས་འགྲོ་འོང་དེ་དང་།

    དེ་སྔ་དཔུང་བ་སྦྲེལ་ཏེ་ལྷོད་ལྷོད་ངང་སྤྲོ་འཆམ་ལ་ཆས་ཚུལ།

    (བརྩེ་སེམས་དེ་དང་ཡུལ་ལྗོངས་དེར་ང་ཅི་འདྲའི་ཡིད་སྨོན་ཤོར་ཨང)

    ཟླ་ལྔ་པའི་མཚན་མོར། ན་གཞོན་ལྡུམ་རར།

    མཁའ་དབྱིངས་ན་འཚེར་བའི་སྒྲོན་འོད་ལ་ཅེར་ཚུལ་དྲན།

    ལི་ཤིས་བདག་ལ་དྲི་ཞིམ་བསྐྱལ་ནས་ཐོན་བྱུང་།

    བྱམས་བརྩེའམ་སྤྲོ་སེམས་ཀྱི་སྐད་ཆ་ཅི་ཙམ།

    (ཨེ་མ བདག་གི་སེམས་སུ་དགའ་སྤྲོ་ཅི་འདྲའི་ཆེ)

    གཙག་དྲུབ་ཀྱིས་བཟོས་པའི་དཀར་མདོག་གི་མེ་ཏོག་

    མཐའ་འཁོར་དུ་བརྗེ་སྤོར་བྱེད་ཅིང་།

    ག་ལེར་ག་ལེར་རྒྱུ་བའི་བསིལ་རླུང་གིས་ལི་ཤིའི་དྲི་བསུང་དེ།

    ཆ་དང་ཆ་བསྡེབས་པའི་བརྩེ་དུང་གི་རླུང་རླབས་སུ་བསྐྱལ་བྱུང་།

    ལི་ཤིས་བདག་ལ་དྲི་ཞིམ་བསྐྱལ་ནས་ཐོན་བྱུང་།

    ངེད་གཉིས་གཉིད་ལ་ཡུར་བའི་མེ་ཏོག་ལྡུམ་རའི་ནང་།

    དེ་སྔ་ཡུན་རིང་བོར་སྤྲོ་འཆམ་དུ་ཕྱིན།

    དེའི་དུས་བདག་གི་སེམས་ཁོང་ཧྲིལ་བོར་བདེ་སྐྱིད་འཚོ་བའི་དྲི་ཞིམ་གྱིས་ཁེངས།

    ཟླ་བའི་འོད་སྣང་གིས་ངེད་གཉིས་ས་གཞི་སྟེང་ལ་སྒེག་ཉམས་ཀྱི་གཟུགས་རིས་ཆ་གཅིག་ཏུ་དཔར་སོང་།

    ལི་ཤིས་བདག་ལ་དྲི་ཞིམ་བསྐྱལ་ནས་ཐོན་བྱུང་།

    མཚོ་སྔོན་བོད་ཡིག་གསར་འགྱུར། 2014.07.18།པར་ངོས21པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག