མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

མཚོ་སྔོན་མཐོ་སྒང་གི་བོད་ལུག་གསོ་སྤེལ་ལག་རྩལ་ལ་ཐོད་རྒལ་གྱི་གྲུབ་འབྲས་ཐོབ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-11 19:26

    ཉེ་ལམ། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་མཚོ་སྔོན་སློབ་གྲྭ་ཆེན་མོས་ལག་བསྟར་བྱས་པའི་མཐོ་སྒང་གི་བོད་ལུག་གསོ་སྤེལ་ནུས་པ་ཇེ་ཆེར་གཏོང་བའི་ཕྱོགས་བསྡུས་ཆ་སྡེབས་ལག་རྩལ་དང་ཚོད་ལྟའི་ལས་གཞིའི་གྲུབ་འབྲས་ལ་གདེང་འཇོག་བྱས་པ་དང་། གྲུབ་འབྲས་འདི་རྒྱལ་སྤྱིའི་སྔོན་གྲས་སུ་ཚུདཡོད།

    ལས་གཞི་འདིས་འབྲོག་ཁུལ་གྱི་བོད་ལུག་སྐྱེ་འཕེལ་གྱི་ནུས་པ་ཞན་པ་དང་། ལུ་གུ་ལག་ཆགས་པ་དལ་བའི་གནད་དོན་ལ་དམིགས་ནས། མ་མོ་ཚད་ལྡན་གྱིས་གསོ་སྤེལ་བྱེད་པའི་ལག་རྩལ་དེ་རྐང་ཚ་རྫོང་དང་། ཆི་ལེན་རྫོང་གཉིས་ཀྱི་ལུག་གསོ་སྤེལ་ཚོད་ལྟའི་ས་ཁུལ་སོ་གཅིག་ནས། མ་མོ་ཁྲི་གཅིག་དང་བརྒྱ་དང་སོ་གཉིས་དང་། ལུ་གུ་སྟོང་དགུ་དང་ལྔ་བརྒྱ་ཞེ་བཞི་ལ་ཚོད་ལྟ་བྱས་པ་དང་ཁྱབ་གདལ་དུ་བཏང་ནས། སྲོལ་རྒྱུན་གྱི་བོད་ལུག་གསོ་སྤེལ་བྱེད་ཐབས་ལས་རིང་དུ་གྱེས་ནས་ཐོད་རྒལ་རང་བཞིན་གྱི་གྲུབ་འབྲས་བླངས། གཞན་ཡང་། ལས་གཞི་འདིས་རྩྭ་ས་མི་འདང་བའི་གནད་དོན་ཐག་གཅོད་བྱས་ཡོད་པར་མ་ཟད། དཔལ་འབྱོར་དང་། སྤྱི་ཚོགས། སྐྱེ་ཁམས་བཅས་ཀྱི་ཕན་འབྲས་མངོན་གསལ་བླངས་ནས། མཚོ་སྔོན་མཐོ་སྒང་གི་བོད་ལུག་གསོ་སྤེལ་ལ་མཛུབ་སྟོན་རང་བཞིན་གྱི་ནུས་པ་གལ་ཆེན་བཏོན། །

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག