མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ཁྲི་ཀའི་ཡན་ལག་སྨན་ཁང་དངོས་སུ་སྒོ་ཕྱེས།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2015-01-04 11:24

    མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ཁྲི་ཀའི་ཡན་ལག་སྨན་ཁང་།

    མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ཁྲི་ཀའི་ཡན་ལག་སྨན་ཁང་དངོས་སུ་སྒོ་ཕྱེས་པ།

    ཉེ་སྔོན། ཁྲི་ཀ་རྫོང་གི་ཆེས་ཆེ་བའི་མི་རིགས་སྨན་ཁང་སྟེ་ཁྲི་ཀ་བོད་སྨན་ཁང(མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ཁྲི་ཀའི་ཡན་ལག་སྨན་ཁང)དངོས་སུ་སྒོ་ཕྱེས་ཤིང་། དེས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་དགེ་མཚན་བེད་སྤྱད་ནས་མཉམ་དུ་དོ་དམ་བྱེད་པའི་སྒྲིག་གཞི་བཙུགས་ཏེ་རིམ་པ་གསུམ་པའི་སྨན་ཁང་གི་སྨན་བཅོས་ཐོན་ཁུངས་ཀྱི་ཞབས་ཞུ་དམངས་ལ་མྱོང་དུ་བཅུག་པ་རེད། སྒོ་ཕྱེས་པའི་ཉིན་དང་པོར་ཁྲི་ཀ་བོད་སྨན་ཁང་གིས་འགན་བབ་སྨན་བཅོས་དང་སྨན་རྫས་སྟེར་བའི་བྱ་འགུལ་སྤེལ་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་བསྟོད་བསྔགས་ཐོབ་ལ། བསྡོམས་རྩིས་ལྟར་ན་ཉིན་དེར་སྨན་པ་བསྟེན་པའི་མི་གྲངས་སྟོང་གཅིག་དང་སུམ་བརྒྱ་ལྷག་ལ་སླེབས་པ་དང་། རིན་ཐང་སྒོར་ཁྲི་ལྔ་ལྷག་གི་སྨན་རྫས་བྱིན་པ་རེད། ཁྲི་ཀ་བོད་སྨན་ཁང་གི་འགོ་གཙོ་འཛོམས་སྐྱིད་ལགས་ཀྱིས་བཤད་རྒྱུར། མིག་སྔར་སྨན་ཁང་གི་སྨན་བཅོས་སྒྲིག་བཀོད་དང་ཁོར་ཡུག་སོགས་འཐུས་ཚང་དུ་གཏོང་བཞིན་ཡོད་ཅིང་། མ་འོངས་པར་སྨན་བཅོས་ཞབས་ཞུའི་གོ་རིམ་ཁྲོད་ཁོ་ཚོས་མུ་མཐུད་དུ་བོད་ལུགས་གསོ་རིག་གི་དགེ་མཚན་འདོན་སྤེལ་བྱ་ངེས་ཡིན་ཞེས་བརྗོད་པ་རེད། །

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག