མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

གངས་ལྗོངས་བོད་ཀྱི་སྒྱུ་རྩལ་ཞིབ་འཇུག་གླིང་པེ་ཅིང་དུ་བཙུགས།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2015-01-04 11:24

    ཟླ༡༢པའི་ཚེས༢༠ཉིན། གངས་ལྗོངས་བོད་ཀྱི་སྒྱུ་རྩལ་ཞིབ་འཇུག་གླིང་ནི་ཀྲུང་གོ་གྲངས་ཉུང་མི་རིགས་རིག་གནས་སྲུང་སྐྱོབ་མཐུན་ཚོགས་དང་། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཐེན་ལི་རིག་གནས་སྨྱན་སྦྱོར་བརྒྱུད་སྒྲོག་ཚོགས་པ་བཅས་ནས་རྒྱབ་སྐྱོར་གནང་སྟེ་བཙུགས་པ་རེད། གངས་ལྗོངས་བོད་ཀྱི་སྒྱུ་རྩལ་ཞིབ་འཇུག་གླིང་གིས་བོད་ལྗོངས་བརྗོད་གཞི་དང་སྤྱི་ཕན་དགོངས་དོན་དུ་བཞག་ཅིང་མཉམ་འདྲེས་ཐབས་ཤེས་སུ་སྤྱད་དེ། རྩ་འཛུགས་བརྒྱུད་སྒྱུ་རྩལ་པའི་དམངས་གཞས་འཚོལ་བསྡུ་དང་ལྟ་སྦྱོང་། གསར་རྩོམ། བརྗེ་རེས་བྱས་ཏེ་མཛེས་པའི་བོད་ལྗོངས་མཚོན་པའི་ཡིག་རིས་མཛེས་རྩལ་མང་པོ་གསར་རྩོམ་དང་། བོད་རྒྱའི་རིག་གནས་འབྲེལ་འདྲིས་ཁྱབ་གདལ་དང་བོད་རྒྱའི་སྒྱུ་རྩལ་ཞིབ་འཇུག་དང་གསར་རྩོམ། བརྗེ་རེས་ཀྱི་སྟེགས་བུ་མཐོ་གྲས་ཤིག་བསྐྲུན་ཏེ། ཀྲུང་གོའི་མི་རིགས་སྒྱུ་རྩལ་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བར་ནུས་ཤུགས་གང་ལེགས་འདོན་རྒྱུ་རེད།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག