མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་ལས་དོན་ལ་གོང་འཕེལ་ཆེན་པོ་བྱུང།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2015-01-04 11:24

    རྒྱུས་ལོན་བྱུང་བ་ལྟར་ན་ཉེ་བའི་ལོ་ནང་མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིགས་ཐོན་ལས་ལ་གོང་འཕེལ་ཆེན་པོ་བྱུང་བ་སྟེ། ཞིང་ཆེན་ཡོངས་སུ་བོད་སྨན་ཐོན་སྐྱེད་ཁེ་ལས་བཅུ་གཉིས་ཡོད་པ་དང་། སྤྱིའི་ཐོན་ཚད་རིན་ཐང་སྒོར་དུང་ཕྱུར་གཅིག་ལ་བསླེབས། དེས་ཞིང་ཆེན་ཡོངས་ཀྱི་བཟོ་ལས་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་གཅིག་ཟིན་པ་རེད། དེ་དང་མཉམ་དུ་བོད་ལུགས་གསོ་རིག་གི་ཆེད་ལས་ལག་རྩལ་རྐང་འཛིན་པ་དང་རིག་གཞུང་སྣེ་ཁྲིད་པ་སྐོར་ཞིག་སྐྱེད་སྲིང་བྱས་པས། མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་ལས་དོན་ལ་གོང་འཕེལ་ཆེན་པོ་བྱུང་།

    ལོ་ངོ་མང་པོའི་རིང་དུ། རང་རྒྱལ་གྱི་བོད་ལུགས་གསོ་རིག་གི་སྨན་བཅོས་དང་། སློབ་ཁྲིད། རིག་གཞུང་ཞིབ་འཇུག་གི་མ་ལག་འཐུས་ཚང་ཞིག་བཙུགས་ལ། རྒྱལ་ཡོངས་སུ་བོད་ལུགས་གསོ་རིག་སྨན་ཁང་བཞི་བཅུ་ལྷག་ཡོད་པ་དང་། བོད་ལུགས་གསོ་རིག་སློབ་གླིང་གཉིས་ཡོད། ད་ལྟའི་བར་དུ་བོད་ལུགས་གསོ་རིག་གི་ཆེད་ལས་མི་སྣ་མི་སྟོང་ལྔ་ལྷག་སྐྱེད་སྲིང་བྱས་པ་རེད། །

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག