མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

མཚོ་སྔོན་ཞིང་ཆེན་རོང་འབྲོག་ཁུལ་གྱི་གློག་བརྙན་སྟོན་པའི་བྱ་བའི་ཐད་ནས་སྤྱི་ཚོགས་ཕན་འབྲས་མངོན་གསལ་བླངས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2015-01-04 11:24

    ༢༠༡༤ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་སྔ་དྲོར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་ཕན་རོང་འབྲོག་ཁུལ་གྲངས་འཛིན་གློག་བརྙན་ཚད་ཡོད་ཀུང་ཟི་འཛུགས་པའི་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཚུན་ནས། མཚོ་སྔོན་ཞིང་ཆེན་རོང་འབྲོག་ཁུལ་གྱི་སྤྱི་ཕན་གློག་བརྙན་སྟོན་པའི་བྱ་བའི་ཐད་ནས་སྲིད་གཞུང་གི་སྒོར་མོ་གཏོང་བ་དང་། མང་ཚོགས་ལ་ཕན་པ་ཐོབ་པའི་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། ཧུར་ཐག་གིས་སྤྱི་ཕན་གློག་བརྙན་སློབ་གྲྭ་དང་དགོན་སྡེ། བཙོན་ཁང་། དམག་དཔུང་། གཏེར་བཟོ། སྡོད་ཁུལ་བཅས་སུ་བསྐྱོད་པའི་བྱ་འགུལ་རྩ་འཛུགས་བྱས་ནས་སྤེལ་པས། སྤྱི་ཚོགས་ཕན་འབྲས་མངོན་གསལ་བླངས་ཟེར། མཚམས་སྦྱོར་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་གྱི་གློག་བརྙན་སྟོན་པའི་ལས་ཁུངས་གཉིས་ཀྱིས་བསྡོམས་པས་གློག་བརྙན་ཐེངས་ཁྲི་ལྔ་དང་སྟོང་ལྔར་བཏང་བ་དང་། གློག་བརྙན་ལ་བལྟ་བའི་མི་གྲངས་ས་ཡ་བཞི་དང་འབུམ་བཞི་ཁྲི་ལྔར་སླེབས་ནས། སྤྱི་ཕན་གློག་བརྙན་གྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་གཞི་རིམ་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་ནུས་པ་སྔར་ལས་གལ་ཆེན་འདོན་སྤེལ་བྱས་ཟེར།

    ད་ལོའི་ཚུན་ནས། མཚོ་སྔོན་ཞིང་ཆེན་རོང་འབྲོག་ཁུལ་གྱི་སྤྱི་ཕན་གློག་བརྙན་སྟོན་པའི་བྱ་བ་དེ་གློག་བརྙན་སྟོན་མཁན་གྱི་ལས་སྒོའི་བྱང་ཚད་དང་རྩལ་ནུས་མཐོར་འདེགས་བྱེད་པ་སོགས་དང་དམིགས་ནས། སློབ་སྦྱོང་དང་གསོ་སྦྱོང་བྱ་བ་དེ་གོ་གནས་དང་པོར་བཞག་སྟེ། བྱེ་བྲག་གི་བྱ་བའི་ཁྲོད་དུ། གློག་བརྙན་ཀུང་ཟིས་དུས་ངེས་མེད་དུ་ལག་རྩལ་མི་སྣ་རྩ་འཛུགས་བྱས་ཏེ་ཁུལ་དང་ས་ཁུལ། གྲོང་ཁྱེར། རྫོང་སོ་སོར་སོང་ནས་གསོ་སྦྱོང་འཛིན་གྲྭ་བསྡུས་པས། ཞིང་ཆེན་ཡོངས་ཀྱི་གློག་བརྙན་སྟོན་མཁན་མི་བརྒྱ་དང་དྲུག་ཅུ་སྔ་གཞུག་ཏུ་གསོ་སྦྱོང་ལ་ཞུགས་ནས། གློག་བརྙན་སྟོན་པའི་ལག་རྩལ་དང་སྒྲིག་ཆས་ཞིག་གསོ་ཐད་ཀྱི་ཤེས་བྱར་རྒྱུས་ལོན་བཟང་བོ་བྱས།

    དེ་དང་མཉམ་དུ། གློག་བརྙན་ཀུང་ཟིས་ཁེ་ལས་ཀྱིས་ཚོང་གཉེར་དང་ཚོང་རས་འཁོར་སྐྱོད། སྲིད་གཞུང་གི་ཉོ་བསྡུ། མང་ཚོགས་ལ་ཕན་འདོགས་པའི་རོང་འབྲོག་ཁུལ་གྱི་གློག་བརྙན་བཅོས་བསྒྱུར་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་དམིགས་ནས། མུ་མཐུད་ནས་འབྲེལ་ཡོད་ཀྱི་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་བས། བྱ་བ་སྣ་ཚོགས་ཐད་ནས་སྒྲིག་ལམ་དང་གོ་རིམ་ལྡན་པར་གྱུར། རོང་འབྲོག་ཁུལ་གྱི་སྤྱི་ཕན་གློག་བརྙན་གྱི་དམངས་ཕན་སྲིད་ཇུས་དངོས་འབེབས་བྱས་ནས། སྡེ་བ་གཅིག་ལ་ཟླ་བ་གཅིག་ལ་གློག་བརྙན་ཐེངས་གཅིག་སྟོན་པའི་དམིགས་འབེན་མངོན་འགྱུར་བྱེད་ཆེད། གློག་བརྙན་ཀུང་ཟིས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། དུས་ལྟར་གནད་དོན་དང་དཀའ་ཁག་ཐག་བཅད་དེ། སྤྱི་ཕན་གློག་བརྙན་སྟོན་པའི་བྱ་བ་རྒྱུན་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱས། །

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག