མདུན་ཤོག- རིག་གནས།- རིག་གནས་འགྱུར་སྟངས།

བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཚན་སློབ་རླུང་འཕྲིན(བོད་སྐད)གཏོང་འགོ་ཚུགས།

  ཡོང་ཁུངས། མི་དམངས་ཉིན་ཚགས།  2015-01-26 14:45

    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ལོ་གསར་པར་རྣམ་པ་གསར་པ་མངོན། ༢༠༡༥ལོ་ཤར་བ་དང་ཆབས་ཅིག་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཚན་སློབ་རླུང་འཕྲིན་༢༠༡༥ལོའི་ཟླ་༡ཚེས་༡ཉིན་དངོས་སུ་གཏོང་འགོ་ཚུགས་པ་དང་། བོད་ལྗོངས་ཀྱི་རྒྱ་ཆེའི་གསན་པ་པོར་ཏང་གི་བྱེད་ཕྱོགས་སྲིད་ཇུས་ཤེས་རྟོགས་དང་། ཚན་རིག་རིག་གནས་ཤེས་བྱ་སློབ་སྦྱོང་། ཐོན་འཕར་འབབ་འཕར་གྱི་འཐབ་ལམ་རྒྱ་ཆེར་གཏོང་བ། ཞི་མཐུན་སྤྱི་ཚོགས་གཏོད་པ་བཅས་ཀྱི་ཐད་གར་སྟེགས་གསར་པ་ཞིག་མཁོ་ འདོན་བྱ་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། ཚན་སློབ་རླུང་འཕྲིན་དེ་ལྷ་སའི་སྐད་ཀྱི་ཐོག་ནས་གཏོང་བའི་རླུང་འཕྲིན་ཡིན་པ་དང་བརྗོད་བྱ་གཙོ་བོ་ཚན་སློབ་འབུར་ཐོན་བྱ་རྒྱུ་ཡིནཔ་དང་། ནང་དོན་ཐད་སློབ་གསོ་དང་། ཚན་རྩལ། ཞིང་འབྲོག་ལས། ལོ་ཆུང་བྱིས་པ་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་དང་དེའི་དམིགས་ཡུལ་ནི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐུགས་ཁུར་དང་། སློབ་གསོའི་སྤུས་ཚད། ཚན་རིག་སྤུས་ཚད། ནང་དོན་ཕུན་སུམ་ཚོགས་པའི་བོད་སྐད་རླུང་འཕྲིན་གཏོད་རྒྱུ་དེ་རེད། གློག་རླབས་དེ་གཏོང་འགོ་ཚུགས་པས་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ད་ཡོད་འཕྲིན་ལམ་གྱི་ཐོན་ཁུངས་དང་ལེ་ཚན་གྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་དང་འཐུས་ཚང་དུ་འགྲོ་རྒྱུ་དང་རླུང་འཕྲིན་ལས་ཁུངས་ཀྱི་རླུང་འཕྲིན་གྱི་འཕྲིན་ལམ་དེ་༥བར་མང་དུ་འགྲོ་རྒྱུ་ཡིན་པ་དེའི་ནང་བོད་སྐད་རླུང་འཕྲིན་གྱི་འཕྲིན་ལམ་དེ་༣བར་ཟིན་ཞིང་། བོད་ལྗོངས་རླུང་འཕྲིན་གྱི་སྤྱི་ཡོངས་ཀྱི་སྟོབས་ཤུགས་དང་འགྲན་རྩོད་ནུས་པ་སྔར་བས་མཐོ་རུ་དང་རང་ལྗོངས་ཀྱི་རྒྱ་ཆེའི་གསན་པ་པོས་ཏང་གི་བྱེད་ཕྱོགས་སྲིད་ཇུས་ཤེས་རྟོགས་བྱེད་རྒྱུར་སྟབས་བདེ་བྱུང་ནས་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་བོད་གསར་འཛུགས་སྐྲུན་བྱེད་ཆེད་དེ་བས་ཆེ་བའི་གླེང་ཕྱོགས་རྒྱབ་སྐྱོར་བྱ་རྒྱུ་རེད།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག