མདུན་ཤོག- རིག་གནས།- རིག་གནས་འགྱུར་སྟངས།

ཐང་ག་བརྒྱའི་འདུ་འགོད་ཀྱིས་ཐང་གའི་སྒྱུ་རྩལ་གསར་གཏོད་སྐུལ་འདེད་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ།

བསོད་བསྟན་གྱིས་རྩོམ་བསྒྱུར་བྱས།    2015-01-26 14:46

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་༦༠འཁོར་བའི་བརྗོད་བྱ་གཙོ་བོའི་“ཐང་ག་བརྒྱའི་འདུ་འགོད”ཀྱིདཔྱད་གླེང་བྱེད་ཐེངས་གཉིས་པ།

    གསར་གཏོད་ནི་སྒྱུ་རྩལ་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཤིག་ཡིན་ལ་ཤེས་དཔལ་དང་ཡར་རྒྱས་ཀྱི་བླ་སྲོག་ཞིག་ཀྱང་རེད། སྔར་བྱུང་མྱོང་མེད་པའི་རིག་གནས་གསར་གཏོད་ཀྱི་བྱ་གཞག་གལ་ཆེན་ཞིག་ཡིན་པའི“ཐང་ག་བརྒྱའི་འདུ་འགོད”དེས“ཐང་ག་གཙོ་བོར་བྱེད་པ་དང་ཐང་ག་གསར་པ་གཙོ་བོར་བྱེད་པ། མཛེས་སྡུག་གཙོ་བོར་བྱེད་པ”བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཐང་གའི་སྒྱུ་རྩལ་གསར་གཏོད་ཐད་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་གསར་པ་བྱུང་བ་དང་ལྷ་གཙོ་བོར་བྱེད་པའི་རིང་ལུགས་ནས་མི་སྣ་གཙོ་བོར་བྱེད་པའི་རིང་ལུགས་བར་དང་ལྷ་ཡུལ་གོང་དུ་བཀུར་བ་ནས་དངོས་ཡོད་སྤྱི་ཚོགས་གོང་དུ་བཀུར་བའི་བར། སྲོལ་རྒྱུན་གྱི་བཟོ་རྩལ་མཛེས་རིས་ནས་དེ་རབས་ཀྱི་རི་མོའི་སྒྱུ་རྩལ་བར་འགྱུར་ལྡོག་བྱུང་ནས་བོད་མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་སྒྱུ་རྩལ་གྱི་སྙིང་བཅུད་མཚོན་པ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་དུས་རབས་འཕེལ་རྒྱས་ཀྱི་སྙིང་སྟོབས་ཀྱང་མཚོན་པའི་ཐང་ག་གསར་པ་གསར་གཏོད་བྱས་ཡོད། འདི་ནི་ཐང་གའི་སྒྱུ་རྩལ་གྱི་ལོ་རྒྱུས་ཐོག་རྒྱུན་འཛིན་དང་འཕེལ་རྒྱས། གསར་གཏོད་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་པའི་བློ་ཁོག་ཆེ་བའི་ཚད་བརྒལ་དང་ཚོད་ལྟ་བདེ་བླག་བྱུང་བ་ཞིག་ཡིན་ལ་ཁྲིད་སྟོན་རང་བཞིན་དང་དཔེ་སྟོན་རང་བཞིན་ལྡན་པའི་མི་རིགས་སྒྱུ་རྩལ་གསར་གཏོད་ཀྱི་འདུ་འགོད་ཞིག་ཀྱང་ཡིན་པས་ཐང་གའི་སྒྱུ་རྩལ་གྱི་འབྱུང་འགྱུར་འཕེལ་རྒྱས་ཐད་ཁྱབ་ཆེ་ལ་གཏིང་ཟབ་པའི་ཤུགས་རྐྱེན་ཤིག་ཐེབས་ངེས་རེད།

    མི་དམངས་མང་ཚོགས་འབུར་དུ་ཐོན་པ་དང་ལྷ་གཙོ་བོར་བྱེད་པའི་རིང་ལུགས་ནས་མི་སྣ་གཙོ་བོར་བྱེད་པའི་རིང་ལུགས་བར།

    ལྷ་གཙོ་རིང་ལུགས་དེ་ལྷ་ཀུན་ཁྱབ་སྨྲ་བ་དང་ལྷ་ལ་དད་བཀུར་བྱེད་པའི་རྨང་གཞིའི་ཐོག་ཆགས་པ་ཞིག་ཡིན། མི་གཙོ་རིང་ལུགས་ཀྱིས“མི་རྩ་བར་འཛིན་པའི”སྒྱུ་རྩལ་གྱི་ལྟ་བ་མཐའ་འཁྱོངས་བྱེད་ཀྱི་ཡོད། དེར་བརྟེན་སྲོལ་རྒྱུན་གྱི་ཐང་ག་དང་ཐང་ག་གསར་པའི་དབར་གྱི་གསར་གཏོད་དམིགས་ཡུལ་གཏན་ནས་ཆ་མིན།

    བོད་ཞིས་བས་བཅིངས་འགྲོལ་བཏང་ནས་ལོ་༦༠འཁོར་བའི་བརྗོད་བྱ་གལ་ཆེན“ཐང་ག་བརྒྱའི་འདུ་འགོད”དེས་ཐང་གའི་སྒྱུ་རྩལ་རྣམ་པ་དེར་བརྟེན་ནས་ལོ་༦༠ཡི་ནང་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་མི་རིགས་ཁག་ཐུན་མོང་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་དར་རྒྱས་གོང་འཕེལ་གྱི་རྣམ་པ་གསར་པ་གསོན་ཉམས་དོད་པོའི་ངང་མཚོན་པ་དང་སྲོལ་རྒྱུན་གྱི་ཉམས་འགྱུར་སྲུང་ཉར་བྱས་ཡོད་ལ་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་གྱི་བརྩམས་ཆོས་རྩེར་གྲ་ཁག་གཅིག་གཅིག་སྡུད་ཐོག་གསར་གཏོད་བྱས་ཡོད། བརྩམས་ཆོས་དེ་དག་གིས་སྲོལ་རྒྱུན་གྱི་ཐང་གའི་ནང་དོན་དང་བརྗོད་བྱ་སོགས་ཐད་ཀྱི་སྒྲིག་སྲོལ་ནན་པོ་ཚད་བརྒལ་བྱས་ནས་བརྗོད་བྱ་གཙོ་བོ་དེ་ལོ་རྒྱུས་ཀྱི་མི་སྣ་དང་དེ་བཞིན་མང་ཚོགས་དཀྱུས་མ་ཐོག་སྒྱུར་པ་དང་མི་དང་། མི་གཤིས། མིའི་སེམས་ཁམས། དངོས་ཡོད་ཀྱི་འཇིག་རྟེན་བཅས་མཚོན་པ་བྱས་ཏེ་ཐང་ག་གསར་གཏོད་ཀྱི་ཁྱབ་ཁོངས་རྒྱ་ཆེར་ཕྱིན་པ་དང་སྒྱུ་རྩལ་གྱི་མཚོན་ཚུལ་ཡང་དུས་བབ་དང་འཚམ་པ་ཞིག་བྱུང་ཡོད། བརྩམས་བྱས་སྲོལ་རྒྱུན་གྱི་ཐང་གའི་ནང་དོན་དང་བརྗོད་བྱ་སོགས་ཐད་ཀྱི་སྒྲིལ་ལམ་ནན་པོ་ལས་བརྒལ་བ་དང་མིག་རྒྱང་དེ་ལོ་རྒྱུས་མི་སྣ་དང་མི་སེར་དཀྱུས་མའི་ཐོག་བཞག་པ་དང་མི་ལྟེ་བར་བྱས་པའི་བསམ་བློའི་ཕྱོགས་སྟོན་མངོན་ཡོད་པས་ཐང་གའི་གསར་རྩོམ་གྱི་ཁྱབ་རྒྱ་ཆེ་རུ་ཕྱིན་པ་མ་ཟད་སྒྱུ་རྩལ་གྱི་མཚོན་གྱི་རྣམ་པར་ཡང་དུས་རབས་དང་བསྟུན་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད།

    སྐབས་དང་པོའི་ཐང་ག་གསར་པ་བརྒྱའི་ནང་《རྒྱལ་དར་སྒྲེང་བའི་ཨ་མ་རྒན་གྲས》ཞེས་པ་ནི་ལྷ་གཙོ་བོར་བྱེད་པའི་རིང་ལུགས་ནས་མི་སྣ་གཙོ་བོར་བྱེད་པའི་རིང་ལུགས་བར་འགྱུར་ལྡོག་ཕྱིན་པའི་མཚོན་བྱེད་ཀྱི་བརྩམས་ཆོས་གྲས་ཤིག་ཡིན། རྩོམ་པ་པོ་ཀྲོའུ་མིང་ཧུའེ་དང་མིག་དམར་ཆུང་ལགས་གཉིས་ཀྱིས་གནའ་བོའི་ཐང་གའི་སྒྱུ་རྩལ་མཚོན་ཚུལ་དེར་བརྟེན་ནས་གཞིས་རྩེ་ས་ཁུལ་གཉའ་ནང་རྫོང་འགྲམ་གྲོང་རྡལ་སྤང་ཚོན་སྡེ་ཁུལ་གྱི་ཚེ་རིང་ཆོས་སྒྲོན་གྱིས་ལོ་༤༨རིང་ཉིན་གཅིག་ཀྱང་བར་མཚམས་ཆད་མྱོང་མེད་པར་རྒྱལ་དར་སྒྲེང་བའི་མི་སེམས་འགུལ་བའི་གནས་ཚུལ་བཀོད་ཡོད། ཁོང་གཉིས་ཀྱིས་སྒྱུ་རྩལ་གྱི་ཐོག་ནས་བོད་རིགས་ཀྱི་ཨ་མ་དཀྱུས་མ་ཞིག་གི་སྐད་གྲགས་མེད་པའི་རྒྱལ་གཅེས་ཀྱི་བརྩེ་སེམས་མཚོན་པར་བྱས་ཡོད། སྲོལ་རྒྱུན་གྱི་ཐང་གའི་ཚད་གཞིར་གཞིགས་ན། བརྗོད་བྱ་དེ་རིགས་སྲོལ་རྒྱུན་གྱི་ཐང་ག་བཞེངས་པའི་ཚད་གཞིར་སླེབས་མི་ཐུབ།

    སྒྱུ་རྩལ་གསར་གཏོད་ཀྱི་ལམ་བུའི་ཐོག་དཀའ་ཚེགས་དང་བར་ཆད་འཕྲད་སྲིད་པ་མ་ཟད། ད་དུང་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ཀྱང་འཕྲད་སྲིད། སྲོལ་རྒྱུན་གྱི་ཐང་ག་གསར་རྩོམ་ལས་ལ་ཡུན་རིང་གཞོལ་བ་དང་། གསར་གཏོད་ཀྱི་འདུ་ཤེས་ཆེན་པོ་ཡོད་པ། དེང་རབས་མཛེས་རིས་ཀྱི་ཤུགས་རྐྱེན་ཐེབས་པའི་དམངས་ཁྲོད་ཀྱི་ལྷ་འབྲི་བའི་ངོས་ནས་བརྗོད་ན། “ལྷ་གཙོ་བོར་བྱེད་པ”ནས“མི་སྣ་གཙོ་བོར་བྱེད་པའི”བར་གྱི་འགྱུར་ལྡོག་དེ་ནང་དོན་དང་བརྗོད་བྱ་ཙམ་མ་ཡིན་པར་གཙོ་བོ་ནི་གསར་གཏོད་ཀྱི་བསམ་བློར་འགྱུར་ལྡོག་གཏོང་བ་དང་དེ་བཞིན་ཇི་ལྟར་བྱས་ནས་བཟོ་དབྱིབས་གསར་པ་ཁོང་དུ་ཆུད་པ་དང་ཇི་ལྟར་བྱས་ནས་གོ་རྟོགས་གསར་པ་ཆགས་པའི་འཇོན་ཐང་དེ་ཡིན།

    སྤྱི་ཚོགས་ཀྱི་ལག་ལེན་དངོས་མཚོན་པ། ལྷ་ཡུལ་གོང་བཀུར་ནས་དངོས་ཡོད་སྤྱི་ཚོགས་གོང་བཀུར་བར།

    ཐང་ག་ནི་བོད་མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་ཁྱད་ཆོས་ལྡན་པའི་རི་མོའི་མཚོན་ཚུལ་ཞིག་དང་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ནང་གི་ཆེས་ངོ་མཚར་ཆེ་བའི་མུ་ཏིག་ལྟ་བུ་ཞིག རང་རྒྱལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གལ་ཆེན་ཞིག་བཅས་རེད། ལོ་ངོ་སྟོང་ཕྲག་གི་བརྒྱུད་རིམ་ནང་ཐང་གའི་སྒྱུ་རྩལ་ལ་གནའ་རབས་སྟག་གཟིག་དང་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་གྱི་རི་མོའི་སྒྱུ་རྩལ་གྱི་ཤུགས་རྐྱེན་ཐེབས་ཡོད་པ་མ་ཟད། ད་དུང་རྒྱ་བོད་མི་རིགས་ཀྱི་ཡུན་རིང་སྤེལ་རེས་དང་འགྲོ་འོང་གི་ལོ་རྒྱུས་ནང་ནང་སའི་རིག་གནས་ཁྲོད་ནས་སྙིང་བཅུད་རྒྱུན་མི་ཆད་པར་བསྡུ་ལེན་བྱས་ཏེ་ས་ཁོངས་ཀྱི་ཁྱད་ཆོས་ཆེན་པོ་ལྡན་པའི་གངས་ལྗོངས་ས་མཐོའི་ཐོག་གཞན་དང་མི་འདྲ་བའི་རི་མོའི་ཉམས་འགྱུར་ཞིག་ཆགས་ནས་དེའི་ཁྱད་འཕགས་ཀྱི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་དེ་རྒྱལ་ཕྱི་རྒྱལ་ནང་དུ་སྐད་གྲགས་ལྡན་ཡོད། དེ་དང་ཆབས་ཅིག་ལོ་རྒྱུས་ཀྱིས་རྐྱེན་པས་བོད་ཀྱི་ཐང་གར་ལོ་རྒྱུས་གལ་ཆེན་གྱི་བརྗོད་བྱ་ནང་དོན་དུ་བྱས་ནས་གསར་རྩོམ་བྱེད་སྟངས་དང་སྲོལ་རྒྱུན་ཆགས་ཡོད།

    ཐང་གའི་སྒྱུ་རྩལ་ལ་ཡུན་རིང་ཞིབ་འཇུག་བྱེད་མཁན་བོད་ལྗོངས་མཛེས་རིས་མཁས་ཅན་གྱི་མཐུན་ཚོགས་ཀྱི་བློ་འདྲི་བ་བོད་ལྗོངས་ཡིག་རིས་ཁང་གི་བློ་འདྲི་བ་ཡུས་ཡོའུ་ཤིན་གྱིས་ད་ལྟ་ཕོ་བྲང་པོ་ཏ་ལར་ཡོད་པའི་ཐང་ག་དེ་རིགས(བརྗོད་བྱ་གཅིག་མཚུངས་ཀྱི་ལྡེབས་རིས་ཚུད་པ)དཔེར་བཞག་ན། “སྤྲེའུ་ནས་མི་ཆགས་པ”ནས“རྒྱལ་བ་སྐུ་ཕྲེང་ལྔ་པས་གོང་མ་ཧྲུན་ཀྲི་མཇལ་བའི”བར་གྱི་ལོ་རྒྱུས་ཡུན་རིང་དང་ལོ་རྒྱུས་གལ་ཆེན་དམིགས་སུ་བཀོད་ཡོད་པ་དང་། དུས་རབས་བཅུ་བདུན་པ་ནས་བཟུང་སྐབས་རིམ་བྱུང་གི་ལྷ་འབྲི་བས་རྨང་གཞི་དེའི་ཐོག་མུ་མཐུད་གསར་གཏོད་བྱས་ཡོད། ༡༩༥༤ལོར་ཨ་མདོ་བྱམས་པས་ཐང་ག《རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞི》ལེགས་སྒྲུབ་བྱས་པ་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་༦༠འཁོར་བའི་ཐང་ག་བརྒྱའི་འདུ་འགོད་དེ་བར་སྲོལ་རྒྱུན་དེ་རང་བཞིན་ངང་རྒྱུན་མཐུད་བྱས་ཡོད་ཅེས་བཤད་པ་རེད།

    འོན་ཀྱང་དེ་སྔ“དངོས་འབྲི”རིགས་ཀྱི་ཐང་ག་དེ་རིགས་གཙོ་རྒྱུན་མིན་པར་མང་ཆེ་བ་ཆོས་ལུགས་ཀྱི་བརྗོད་བྱ་གཙོ་བོ་ཡིན་པས་དངོས་ཡོད་ཀྱི་སྤྱི་ཚོགས་དང་བར་ཐག་རིང་ཙམ་ཡོད་ལ་དུས་རབས་ཀྱི་འཕོ་འགྱུར་དང་བར་ཐག་རིང་ཙམ་ཡོད་ཅིང་དེའི་མཚོན་ཚུལ་ནི་དཔོག་དཀའ་བའི་ཆོས་ལུགས་ཀྱི་བསམ་བློ་ཡིན། མིག་མདུན་གྱི་རྣམ་པ་གསར་ཤོས་ཀྱི་ཐང་ག་དེ་དག་སྔར་བྱུང་མ་མྱོང་མེད་པའི་དེང་རབས་གསར་བརྗེའི་ལོ་རྒྱུས་དང་མི་དམངས་མང་ཚོགས་ཀྱི་དངོས་ཡོད་འཚོ་བ་བརྗོད་དོན་གཙོ་བོར་བྱས་ནས་མི་གཙོས་ལྷ་གཙོའི་ཚབ་དང་དངོས་ཡོད་རིང་ལུགས་ཀྱིས་འཇིག་རྟེན་ཕྱི་མ་རིང་ལུགས་ཀྱི་ཚབ་བྱས་ནས་བརྩམས་ཆོས་ལ་གསོན་ཉམས་ལྡན་པའི་དུས་རབས་ཀྱི་སྙིང་སྟོབས་ལྡན་ཡོད་པར་བརྟེན་སྲོལ་རྒྱུན་གྱི་ཐང་གའི་སྒྱུ་རྩལ་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་ཞིག་བྱུང་ཡོད། སྒྱུ་རྩལ་གྱིས་དོན་དངོས་ཀྱི་སྤྱི་ཚོགས་མཚོན་པར་བྱེད་པ་དང་དེ་ནི་འཚོ་བ་ལས་བྱུང་བ་ཞིག་རེད།

    སྒྱུ་རྩལ་གྱི་ཆུ་ཚད་མཐོ་རུ་བཏང་བ། བཟོ་རྩལ་མཛེས་རིས་ནས་དེང་རབས་ཀྱི་རི་མོའི་སྒྱུ་རྩལ་བར།

    རིགས་གཅིག་ཅན་དང་འབྲི་སྲོལ་ཅན་གྱི་ནང་དོན་ནས་སྒྱུ་རྩལ་མཁས་ཅན་གྱིས་རང་གཤིས་མཚོན་པའི་བརྗོད་དོན་གསར་པ་དང་རྣམ་པ་གསར་པའི་བར་ཐང་ག་གསར་པ་དེ་དག་གིས་སྒྱུ་རྩལ་གསར་གཏོད་བྱེད་པའི་ཐད་ཚད་བརྒལ་གཞན་ཞིག་བྱུང་ཡོད་ལ་དེ་ཡང་ཐང་ཁ་གསར་པའི་བཟོ་རྩལ་མཛེས་རིས་ནས་དེང་རབས་རི་མོའི་སྒྱུ་རྩལ་བར་འགྱུར་ལྡོག་བྱུང་བའི་ཁྱད་ཆོས་མངོན་གསལ་དོད་ཤོས་ཤིག་ཡིན་པ་རེད།

    ཚང་མས་ཤེས་གསལ། སྲོལ་རྒྱུན་གྱི་ཐང་ཁའི་ནང་དོན་གཙོ་བོ་ནི་ཆོས་ལུགས་ཡིན་པ་དང་སྒྲིག་སྲོལ་ནན་པོ་ཡོད་པས་དེ་ལས་བརྒལ་མི་ཆོག་ལ་རང་མོས་ངང་འདོན་སྤེལ་ཡང་བྱེད་མི་ཆོག་པ་མ་ཟད་བརྩམས་ཆོས་ནང་མིང་བཀོད་མཁན་ཉུང་ཉུང་ཡིན་ཁར་བརྩམས་ཆོས་མང་ཆེ་བ་སྲོལ་རྒྱུན་གྱི་བཟོ་རྩལ་དང་མཛེས་རིས་ཀྱི་ཁོངས་གཏོགས་ཡིན་པར་བརྟེན་ལྷ་འབྲི་བ་ཡང་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་ཡིན་པ་རེད། ད་ཐེངས་ཀྱི་ཐང་ག་གསར་པ་གསར་རྩོམ་བྱེད་སྐབས་དེང་རབས་རི་མོའི་སྒྱུ་རྩལ་གྱི་ཚད་གཞི་ལྟར་གསར་རྩོམ་བྱས་པ་ཞིག་ཡིན་ཞིང་བརྩམས་ཆོས་ལ་མིང་བཀོད་པའི་ལམ་ལུགས་ལག་བསྟར་བྱས་ཏེ་མཚོན་ཚུལ་དང་ལག་རྩལ། རི་མོའི་རྒྱུ་ཆ་སོགས་ཀྱི་ཐད་དེ་སྔ་དང་མི་འདྲ་བས་སྲོལ་རྒྱུན་གྱི་ཐང་གའི་སྒྱུ་རྩལ་དེ་དེང་རབས་རི་མོའི་སྒྱུ་རྩལ་གྱི་ཚོམས་ཆེན་ནང་སྐྱོད་འགོ་ཚུགས་པ་རེད།

    ཕྱོགས་གཞན་ཞིག་ནས་བལྟས་ན་ཐང་ག་གསར་པ་གསར་གཏོད་བྱེད་སྐབས་ལྷ་འབྲི་བས་ལོ་རྒྱུས་ཀྱི་བཞེངས་སྲོལ་རྒྱུན་འཛིན་བྱས་པ་དང་གནའ་དེང་གི་འགྱུར་ལྡོག་མཚོན་པ། རང་སོ་སོའི་ལེགས་ཆ་འདུས་པ་བཅས་བྱས་ནས་བོད་རིགས་ས་ཁུལ་གཞན་དག་དང་ནང་ས་དང་ནུབ་རྒྱུད་ཀྱི་རི་མོ་འབྲི་བའི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་བསྡུ་ལེན་བྱས་པ་དང་སྦྲགས་སྲོལ་རྒྱུན་གྱི་ཐང་གའི་སྙིང་བཅུད་སྲུང་ཉར་བྱས་ཡོད་ལ་དེང་རབས་རི་མོའི་སྒྱུ་རྩལ་གྱི་ལེགས་ཆ་ཡང་ལུགས་མཐུན་ངང་སྤྱད་ནས་རྒྱུན་འཛིན་དམིགས་ཡུལ་དུ་བྱེད་པའི་གསར་གཏོད་དང་གསར་གཏོད་ཀྱི་རྨང་གཞིའི་ཐོག་རྒྱུན་འཛིན་བྱུང་ཡོད།

    ལོ་རྒྱུས་དང་ལག་ལེན་དངོས་ཀྱི་ཐོག་ནས་གསར་གཏོད་གང་ཡང་མེད་པར་འདྲ་བཤུས་དང་འདྲ་བཟོ་ཁོ་ན་བྱས་ཚེ་འཕེལ་རྒྱས་གང་ཡང་མེད་པར་དུས་རབས་ཀྱི་རླབས་རྒྱུན་འོག་མེད་པ་འགྱུར་སྲིད། མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་སྲུང་སྐྱོང་དང་དར་རྒྱས་གོང་འཕེལ་གཏོང་བའི་འགག་རྩ་དེ་གསར་གཏོད་ལ་རག་ལུས་ཡོད། གསར་གཏོད་བྱས་ཚེ་གཞི་ནས་ལོ་རྒྱུས་དང་དུས་རབས། མི་དམངས་བཅས་ལ་ངོ་གནོངས་མི་དགོས་པའི་ཕུལ་བྱུང་གི་བརྩམས་ཆོས་བཏོན་ཐུབ་པ་སླར་ཡང་ར་སྤྲོད་བྱུང་ཡོད།

    ས་སྐྱའི་ལུགས་ཀྱི་གྲགས་ཅན་ལྷ་འབྲི་བ་ཚེ་རིང་དབང་རྒྱལ་གྱིས་ལོ་༡༠གོང་ནས་ཐང་ག་གསར་པ་གསར་གཏོད་བྱེད་འགོ་ཚུགས་ཤིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་༦༠འཁོར་བའི་བརྗོད་བྱ་གལ་ཆེན“ཐང་ག་བརྒྱའི་འདུ་འགོད”ནང་ཁོང་གཅིག་པོས《ཐང་དཀར་རྒོད་པོ》སོགས་ཐང་ག་༤གསར་རྩོམ་བྱས་པ་མ་ཟད། ད་དུང་ལྷ་འབྲི་བ་གཞན་དག་དང་མཉམ་དུ་ཐང་ག་གསར་པ་༤གསར་རྩོམ་བྱས་ཡོད། ཁོང་ནི་མིང་དོན་མཚུངས་པའི་ཐང་ག་མང་པོ་བཞེངས་མཁན་གྱི་ལྷ་འབྲི་བ་རང་རེད།

    ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག