མདུན་ཤོག- རིག་གནས།- འགྱུར་མ།- སྙན་རྩོམ་འགྱུར་མ།

ཉིན་ཐོ།

ཧའེ་ཙིས་བརྩམས། བཀྲ་ཤིས་ལྷ་རྒྱལ་གྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  2015-03-10 10:08

    ཨ་ཅེ། དོ་ནུབ་ང་རང་གཏེར་ལེན་ཁ་རུ་ཡོད།མཚན་སྨག་

    གིས་བརྫིས་པའི།

    ཨ་ཅེ། དོ་ནུབ་གྲམ་ཐང་འབའ་ཞིག་ང་ལ་དབང་།

    རྩྭ་ཐང་གི་བས་མཐར་ངའི་ལག་ཟུང་སྟོང་པས།

    སྐྱོ་དུས་མིག་ཆུ་རྡོག་གཅིག་ཀྱང་འགོག་ཐབས་མི་འདུག

    ཨ་ཅེ། དོ་ནུབ་ང་རང་གཏེར་ལེན་ཁ་རུ་ཡོད།

    འདི་ནི་ཆར་ཆུའི་ཁྲོད་ཀྱི་མྱ་ངམ་གྱི་གྲོང་ཁྱེར་ཞིག་རེད།

    ལམ་འགྲོ་བ་དང་གཞིས་སྡོད་མཁན་དག་ལས།

    གཏེར་ལེན་ཁར། དོ་ནུབ།

    འདི་ནི་མཇུག་མཐའི་དུངས་བརྗོད་གཅིག་པུ་ཡིན།

    འདི་ནི་མཇུག་མཐའི་རྩྭ་ཐང་གཅིག་པུ་ཡིན།

    ངས་རྡོ་བ་རྡོ་བར་གཏད་ཅིང་།

    རྒྱལ་ཁ་ཡི་རྒྱལ་ཁ་བསྐུར།

    དོ་ནུབ་ཀྱི་ནས་ཆང་ཁམ་པ་མོ་རང་ཉིད་ལ་དབང་།

    ཡོད་ཚད་སྨིན་བཞིན་པས།

    དོ་ནུབ་ང་ལ་མཛེས་སྡུག་གི་གྲམ་སྟོང་ཁོ་ན་ལས་ཅི་ཡང་

    དབེན།

    ཨ་ཅེ། དོ་ནུབ་ངས་མིའི་རིགས་ཀྱི་བདེ་སྡུག་ལ་སེམས་གཡོར་མི་འདོད་པར།ཁྱོད་གཅིག་པུ་དྲན།

    ༢༠༡༤.༡༠.༥

 

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག