མདུན་ཤོག- རིག་གནས།- རིག་གནས་འགྱུར་སྟངས།

བདེ་ཆེན་སེམས་ཀྱི་ཉི་ཟླའི་དུས་འཁོར་དཀྱིལ་འཁོར་གྱིས་ཅི་ཉི་སིའི་ཟིན་ཐོ་བཏོད་པ།

    2015-03-23 10:26

1.jpg

    ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་བརྒལ་བའི་དུས་འཁོར་དཀྱིལ་འཁོར། 

    མཚོ་སྔོན་བོད་སྐད་རླུང་འཕྲིན་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་གསལ། ཉེ་ཆར། མ་དངུལ་སྒོར་དུང་ཕྱུར5བཏང་སྟེ་བཞེངས་སྐྲུན་གནང་བའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དེ་མི་འགྱངས་པར་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱུ་ཡིན་ཞིང་། མཛད་སྒོའི་སྔོན་གྱི་དགོང་མོར། ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི་ར་སྤྲོད་པ་ལྕམ་ལེ་སཱ(Lisa)ཡིས་ཆུ་ཚོད་གསུམ་རིང་ལ་ལྟ་བཤེར་བྱས་པ་བརྒྱུད་དཔལ་དུས་ཀྱི་འཁོར་ལོའི་བློས་བསླངས་དཀྱིལ་འཁོར་དེ་ད་སྔའི་འཛམ་གླིང་ཡོངས་ཀྱི་གཞི་རྒྱ་ཆེས་ཆེ་ཞིང་བཟོ་རྩལ་ཆེས་ལེགས་པའི་བློས་བསླངས་དཀྱིལ་འཁོར་དེ་ཡིན་པ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། གཞི་རྒྱ་ཆེས་ཆེ་བའི་བློས་བསླངས་དཀྱིལ་འཁོར་ཞེས་པའི་འཛམ་གླིང་གི་ཟིན་ཐོ་བསྐྲུན་འདུག

2.jpg

    བདེ་ཆེན་སེམས་ཀྱི་ཉི་ཟླའི་དུས་འཁོར་དཀྱིལ་འཁོར་གྱི་ཅི་ཉི་སིའི་དཔང་ཡིག

    དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དེ་བདེ་ཆེན་ཁུལ་དཀྱིལ་དབུས་ཀྱི་ཤམ་བྷ་ལའི་དུས་འཁོར་དཀྱིལ་འཁོར་ཐོག་ཁང་ཆེན་མོའི་ཁང་བརྩེགས་བརྒྱད་པར་བཞུགས་ཤིང་། དེའི་མཐོ་ཚད་ལ་སྨི8དང་ཞབས་ངོས་ཀྱི་ཚངས་ཐིག་ལ་སྨི14ཡོད། དེ་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཡུལ་སྐོར་མཐུན་ཚོགས་ཀྱིས་མ་དངུལ་བཏང་སྟེ་བཞེངས་པ་ཞིག་རེད།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག