མདུན་ཤོག- རིག་གནས།- རིག་གནས་འགྱུར་སྟངས།

རྒྱལ་ཡོངས་ཀྱི་རྒྱ་བོད་སྐད་གཉིས་དཔེ་ཀློག་མཉེན་ཆས་བོད་ལྗོངས་ནས་ཤར་གཏོང་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   2015-05-03 14:14

    ད་ལོའི་ཟླ ༤ བའི་ཚེས ༢༣ ཉིན་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་ཨང ༢༠ པ་ཡིན། རང་སྐྱོང་ལྗོངས་གསར་འགྱུར་པར་སྐྲུན་དང་རླུང་བརྙན་ཅུས་ཀྱིས་ཉིན་དེར"བོད་ལྗོངས་ཀྱི་དཔེ་ཁང"ཞེས་པའི་སྤྱི་དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་པའི་བྱ་འགུལ་སྤེལ་ནས། སྤྱི་ཚོགས་རིམ་པ་སོ་སོར་དཔེ་ཀློག་གསོལ་སྟོན་གཟབ་རྒྱས་ཞིག་མཁོ་འདོན་བྱས་པ་རེད།

    ཟླ ༤ བའི་ཚེས ༢༣ ཉིན་གྱི་སྔ་དྲོའི་ཆུ་ཚོད ༡༠ དང་སྐར་མ ༣༠ ཐོག་ནས་འགོ་བརྩམས་ཏེ། རང་སྐྱོང་ལྗོངས་ཤིན་ཧྭ་དཔེ་ཁང་གིས་དཔེ་དེབ་རིན་མེད་སྤྲོད་པའི་བྱ་འགུལ་སྤེལ་ནས། དཔེ་ཆ་ཁྲི་གཅིག་ལྷག་མང་ཚོགས་ལ་རིན་མེད་དུ་སྤྲད་པ་རེད།

    ཟླ ༤ བའི་ཚེས ༢༣ ཉིན། "གངས་ལྗོངས་དཔེ་ཁང"ཞེས་པའི་རྒྱལ་ཡོངས་ཀྱི་རྒྱ་བོད་སྐད་གཉིས་དཔེ་ཀློག་མཉེན་ཆས་ཐོག་མ་ལྗོངས་ཡོངས་ལ་རིན་མེད་དུ་ཤར་གཏོང་བྱས་ཤིང་། མཉེན་ཆས་དེ་ལས་དཔེ་དེབ་རིགས་སྣ་མང་པོ་གང་འདོད་དུ་ཕབ་ལེན་བྱས་ཏེ་ལྟ་ཀློག་བྱས་ཆོག་པ་རེད།

    གཞན་ད་དུང"ལག་དེབ"ཅེས་པའི་ལྟ་ཀློག་མཉེན་ཆས་ནང་འཇུག་བྱས་ཚེ། བསྡོམས་པས་དཔེ་དེབ་རིགས་ཁྲི ༣༠ ཕབ་ལེན་བྱས་ཆོག ཀྲུང་གོའི་འགུལ་སྐྱོད་ཁ་པར་དཔེ་ཀློག་རྟེན་གཞིས"བོད་ལྗོངས་ཀྱི་དཔེ་ཁང"ཞེས་པའི་བྱ་འགུལ་སྤེལ་ནས། རིན་མེད་དུ་དཔེ་དེབ་རྩ་ཆེན་མང་པོ་ལྟ་ཀློག་བྱེད་ཆོག་པ་བྱས་ཡོད། བྱ་འགུལ་སྤེལ་ཡུན་ནི ༢༠༡༥ ལོའི་ལོ་ཁམས་ཧྲིལ་བོ་ཡིན་པ་རེད།

    ད་དུང་འཁོར་སྐར་གྲངས་ཀའི་དཔེ་ཁང་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས་ཡོད་ལ། ལྷ་ས་དང་ལྷོ་ཁ། ཉིང་ཁྲི་བཅས་སུ་འཁོར་སྐར་གྲངས་ཀའི་དཔེ་ཁང ༡༠༠༠ བཙུགས་ནས། དཔེ་དེབ་དང་དུས་དེབ། གློག་བརྙན་སོགས་རིན་མེད་དུ་གང་འདོད་བལྟས་ཆོག་པ་རེད།

    ཟླ ༤ བའི་ཚེས ༢༣ ཉིན། གཡུ་ཐོག་སྲང་ལམ་ནས་དཔེ་དེབ་རིན་གོང་དམའ་མོར་བཙོང་བའི་བྱ་འགུལ་སྤེལ། ལྷ་ས་གྲོང་ཁྱེར་གྱི་ཤིན་ཧྭ་དཔེ་ཁང་ཡོད་ཚང་དང་དམངས་གཉེར་དཔེ་ཁང་སྐོར་ཞིག་གིས་དཔེ་དེབ་མང་པོ་རིན་གོང་ཇེ་དམར་བཏང་ནས་བཙོང་བ་རེད།

    ཁ་བྱང་ཕྱི་མོ། རྒྱལ་ཡོངས་ཀྱི་རྒྱ་བོད་སྐད་གཉིས་དཔེ་ཀློག་མཉེན་ཆས་བོད་ལྗོངས་ནས་ཤར་གཏོང་བྱས།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག