ཟླ༥བའི་ཚེས༡༩ཉིན། ༢༠༡༥ལོའི་མཚོ་སྔོན་གྱི་མི་རིགས་ཚེམ་དྲུབ་སྒྱུ་རྩལ་ཐོན་རྫས་འགྲེམ་སྟོན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་རིག་གནས་སྒྱུ་རྩལ་ལྟེ་གནས་ཅ་ཧའོ་ཐང་ཆེན་དུ་སྤེལ་བ་དང་། ཐེངས་འདིའི་སྒྱུ་རྩལ་ཐོན་རྫས་འགྲེམ་སྟོན་ཟླ༥བའི་ཚེས༡༩ཉིན་ནས་ཚེས༢༤ཉིན་བར་སྤེལ་རྒྱུ་རེད། མཚོ་སྔོན་ཞིང་ཆེན་གྱི་དམངས་ཁྲོད་མཛེས་རྩལ་པ་དང་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་དངོས་རྣམ་གྲངས་ཀྱི་རྒྱུད་འཛིན་པ་སོགས་ཁུལ་དང་རྫོང་ནས་ཟི་ལིང་དུ་ཐོན་ཡོད་ལ། ཁོ་ཚོའི་ཚེམ་དྲུབ་སོགས་སྒྱུ་རྩལ་ཐོན་རྫས༤༠༠ལྷག་ཁྱེར་ཡོང་ཡོད།

    མཚོ་སྔོན་ཞིང་ཆེན་ལག་ཤེས་བཟོ་ལས་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་ཁུ་ནུ་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས། མཚོ་སྔོན་ཅིན་ཁྲིན་རྒྱལ་སྤྱིའི་འགྲེམ་སྟོན་ཀུང་ཟི་བཅས་ཀྱིས་མཉམ་དུ་སྒྲུབ་པའི་མཚོ་སྔོན་གྱི་མི་རིགས་ཚེམ་དྲུབ་སྒྱུ་རྩལ་ཐོན་རྫས་འགྲེམ་སྟོན་ནི་རང་ཞིང་ལ་མཚོན་ན་ཚེམ་དྲུབ་འགྲེམ་སྟོན་བྱེད་པའི་ཆེད་དོན་བྱ་འགུལ་ཐོག་མ་ཡིན་པ་དང་། འགྲེམ་སྟོན་སྟེང་ཞུགས་པའི་བརྩམས་ཆོས་དག་ཀྱང་རང་ཞིང་དུ་མིང་གྲགས་ཆེ་བའི་ལག་ཤེས་མཛེས་རྩལ་པ་ཚོས་འབྲི་བཞེངས་བྱས་པ་ཡིན་པས། བརྩམས་ཆས་འདི་དག་ལས་རང་ཞིང་གི་དམངས་ཁྲོད་ལག་ཤེས་མཛེས་རྩལ་ཕྱོགས་ཀྱི་ཆེས་མཐོ་བའི་ཆུ་ཚད་མཚོན་ནུས།

    མིག་སྔར། མི་མི་ཉུང་བས་ལག་ཤེས་མཛེས་རྩལ་འདི་དག་ལ་བརྟེན་ནས་ཡོང་སྒོ་འཕར་སྣོན་བྱེད་ཀྱིན་ཡོད་པ་དང་། ཡོང་སྒོ་ཕྱི་སོང་ནས་ཞོར་ལས་བྱས་པ་ལས་ལྡབ་གཅིག་གི་ཇེ་མང་དུ་སོང་ཡོད། ལྟད་མོ་བ་སྐུ་ཞབས་ལུག་གིས་ཐོན་ལས་དགོས་མཁོ་ལྟར་རང་ཞིང་གི་རིག་གནས་དང་གནས་སྐོར་འཕེལ་རྒྱས་ལ་འདི་ལྟ་བུའི་སྐུལ་འདེད་གཏོང་དགོས་ལ། འགྲེམ་སྟོན་བྱ་འགུལ་སྤེལ་བར་མཚོ་སྔོན་གྱི་སྒྱུ་རྩལ་བརྩམས་ཆོས་དྲིལ་བསྒྲགས་བྱེད་པར་མཐོར་འདེགས་སུ་གཏོང་བ་དང་ཞིང་བ་རྣམས་ལ་ཡོང་སྒོ་འཕར་སྣོན་བྱེད་པའི་བགྲོད་ལམ་ཞིག་ཀྱང་གཏོད་པ་རེད་ཟེར།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག

བྲག་དཀར་སྤྲེལ་རྫོང་ཞེས་པའི་པར་རིས་བརྩམས་ཆོས་པར་བསྐྲུན་བྱས།

རྒྱལ་ནང་གི་ཐོག་མའི་ཉི་བོད་ཨམ་ཕྲག་ཚིག་མཛོད་འགྲེམ་སྤེལ་བྱས་པ།

ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་གིས་དགུན་གནང་སྐབས་སུ་བོད་ཡིག་གསོ་སྐྱོང་འཛིན་གྲྭ་བསྒྲུབས་པ།