0.jpg    

    ཨ་རིའི་སེ་ཡ་ཐོའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན(SIFF)སྐབས41པ་དེ་སྤྱི་ཟླ5ཚེས14ཉིན་ནས་སྤྱི་ཟླ6པའི་ཚེས7ཉིན་བར་གྲོང་ཁྱེར་སེ་ཡ་ཐོSeattleརུ་འཚོགས་བཞིན་ཡོད་ཅིང་། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ནས་འཁྲབ་ཁྲིད་གནང་བའི་གློག་བརྙན«གཡང་མདའ»དུས་ཆེན་དེའི་ནང་བདམས་འདུག00.jpg

    ཨ་རིའི་གྲོང་ཁྱེར་སེ་ཡ་ཐོ།

    (Seattleགློག་བརྙན་དུས་ཆེན་དེར་འཛམ་གླིང་གི་རྒྱལ་ཁབ་ཁག70ལྷག་ནས་ཡོང་བའི་གློག་བརྙན250ཙམ་ཞུགས་ཡོད་ཅིང་། དེ་ནི་བྱང་ཨ་མེ་རི་ཁ་གླིང་གི་གློག་བརྙན་དུས་ཆེན་ཆེ་ཤོས་དང་། འགྲན་ཞུགས་མི་གྲངས་མང་ཤོས་དེ་ཡིན་ལ། ན་ནིང་གློག་བརྙན་དུས་ཆེན་དེར་ཞུགས་མཁན་མི་འབུམ་གཅིག་དང་ཁྲི་ལྔ་ལྷག་བྱུང་ཡོད།

1.jpg

    «གཡང་མདའ»ཡི་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་སོགས།

    གློག་བརྙན«གཡང་མདའ»ཡིས་མདོ་སྨད་གཙན་ཚའི་ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་ཡོད་པའི་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་རྒྱབ་ལྗོངས་བྱས་ཏེ། གྲོང་ཚོ་གཉིས་ཀྱི་ལོ་རེའི་མདའ་འཕེན་འགྲན་བསྡུར་གྱི་སྐད་གྲགས་ཆེ་བའི་མདའ་བ་གཉིས་དང་བུ་མོ་ཞིགམདའ་བ་གཅིག་གི་ནུ་མོ་དང་གཅིག་གི་དགའ་རོགས་ཡིནབཅས་བར་དུ་བྱུང་བའི་འགལ་བ་དང་བརྩེ་དུང་། འགྲིག་མཐུན་སོགས་བརྒྱུད་གནའ་བོའི་སྲོལ་རྒྱུན་གྱི་ད་ལྟ་བའི་གནས་བབ་དང་། དུས་རབས་གསར་བའི་བོད་པ་རྣམས་ཀྱིས་མི་རིགས་རང་གི་རིག་གནས་འདི་ཉིད་ཉམས་པ་སོར་ཆུད་ཀྱིས་གོང་ནས་གོང་དུ་སྤེལ་བའི་གཏམ་རྒྱུད་ཅིག་བརྗོད་ཡོད།

    

    12.jpg

    པདྨ་ཚེ་བརྟན་ལགས་ཀྱིས་ད་སྔའི་བར«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»དང་། «འཚོལ»«ཁྱི་རྒན»«གཡང་མདའ»བཅས་ལྟད་མོ་བའི་དགའ་བསུ་རྒྱ་ཆེན་པོ་ཐོབ་པའི་བོད་སྐད་གློག་བརྙན་ཕུལ་དུ་བྱུང་བ་བཞི་འཁྲབ་ཁྲིད་གནང་མྱོང་ལ། ད་ལྟའང«ཐར་ལོ»ཞེས་པའི་གློག་བརྙན་ཞིག་ཕབ་སྐྲུན་བྱེད་བཞིན་པའི་སྒང་ཡིན།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག

བྲག་དཀར་སྤྲེལ་རྫོང་ཞེས་པའི་པར་རིས་བརྩམས་ཆོས་པར་བསྐྲུན་བྱས།

རྒྱལ་ནང་གི་ཐོག་མའི་ཉི་བོད་ཨམ་ཕྲག་ཚིག་མཛོད་འགྲེམ་སྤེལ་བྱས་པ།

ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་གིས་དགུན་གནང་སྐབས་སུ་བོད་ཡིག་གསོ་སྐྱོང་འཛིན་གྲྭ་བསྒྲུབས་པ།