༢༠༡༤ལོ་ནས་བཟུངསྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབསཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཕྱིར་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ཀྱིས་ཕུགས་ཕན་གྱི་སྒྱུར་བཅོས་ལམ་སྲོལ་བཟོ་བ་དང་།སྒྱུར་བཅོས་ཀྱི་ལས་འགན་ཞིབ་ཕྲ་བཟོ་བ།ཁྲལ་བསྡུ་སྒྱུར་བཅོས་ཀྱི་ཇུས་གཞི་བཟོ་བ།འགན་འཁྲི་ཁ་གསལ་བཟོ་བ།སྤྱི་འདོམས་བཀོད་སྒྲིག་དང་དོན་འཁྱོལ།སྒྱུར་བཅོས་ཀྱི་མཉམ་ཤུགས་ཆགས་པ།སྒྱུར་བཅོས་ཀྱི་ལས་དོན་ཁག་བཀོག་སྒྲིག་ཁ་གསལ།དོན་འཁྱོལ་ནུས་ལྡན།ལྟ་སྐུལ་ནུས་ལྡན་བཅས་བྱས་ནས་སྒྱུར་བཅོས་བྱ་ཐབས་ཐད་ལྕགས་ལ་ཤུར་ཀ་ཐོན་པ་དང་རྡོ་ལ་ལག་རྗེས་ཐོན་པ་ལྟར་བྱས་ཡོད།

    ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཚད་ལྡན་བཟོས་པ།

    ནོར་ཁྲལ་སྒྱུར་བཅོས་ཀྱི་འགག་གནད་ཡིན་པའི་རང་ལྗོངས་ཀྱི"གཉེར་སྐྱོང་དང་།སྒྱུར་བཅོས།འབབ་འཕར"བཅས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཚུན།སྒྱུར་བཅོས་ཀྱི་གཏིང་ཚད་དང་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང་།ན་ནིང་ནས་བཟུང་ཚོད་ལྟའི་ལས་རིགས་དེ་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་ཁག་གཅིག་ནས་ལྕགས་ལམ་གཉེར་སྐྱོང་ལས་རིགས་དང་།སྦྲག་སྲིད་ལས་རིགས།འཕྲིན་གཏོང་ལས་རིགས་བཅས་ལ་ཁྱབ་པ་བྱས་ནས་ཚོད་ལྟའི་ཕན་འབྲས་མངོན་གསལ་དུ་ཐོན་པ་བྱས་ཡོད།

    ལྗོངས་ཡོངས་སུ"གཉེར་སྐྱོང་དང་།སྒྱུར་བཅོས།འབབ་འཕར"བཅས་ཀྱི་ནོར་ཁྲལ་སྒྱུར་བཅོས་བྱས་པས་ཁྲལ་འཇལ་བའི་ཁུར་པོ་ཡང་དུ་ཕྱིན་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།

    ཁྲལ་བསྡུའི་ལམ་ལུགས་མུ་མཐུད་གཅིག་གྱུར་བཟོ་བ་དང་ཁྲལ་བསྡུའི་སྲིད་ཇུས་བབ་བསྟུན་འོས་འཚམ་བྱས་པ་བརྒྱུད་གཉེར་སྐྱོང་ཁྲལ་བསྡུ་སྒྱུར་བཅོས་ཀྱི་གནས་ཐང་འཕར་བའི་དཔྱ་ཁྲལ་གྱི་ཁྱབ་རྒྱ་ཆེ་རུ་ཕྱིན་ནས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཚད་ལྡན་བྱུང་སྟེ་རང་ལྗོངས་ཀྱི་ཁྲལ་བསྡུའི་ལམ་ལུགས་སྒྱུར་བཅོས་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་རེད།

    "ཐོན་ཁུངས་བཅའ་ཁྲལ"གྱི་ཁྲལ་བསྡུ་ཆེས་ཆེར་བཅོས་སྒྲིག་བྱས་པ།

    ༢༠༡༤ལོའི་ཟླ ༡ ཚེས ༡ ཉིན་ནས ༢༠༡༦ ལོའི་ཟླ ༡༢ ཚེས ༣༡ ཉིན་བར་ལོའི་ཁྲལ་བསྡུའི་དངུལ་སྒོར་ཁྲི ༡༠སྒོར་ཁྲི ༡༠ ཚུད་པལས་དམའ་བ་ཡོད་པའི་རང་ལྗོངས་ཀྱི་ཁེ་ལས་ཆེས་ཆུང་གྲས་ཡིན་ཚེ་ཐོབ་ཁྲལ་དེ ༥༠ལ་བརྩིས་ནས་ཐོབ་ཆའི་ནང་བཅུག་པ་དང་ཁྲལ་འཇལ་ཚད༡༥ལ་བརྩིས་ཏེ་ཁེ་ལས་ཀྱི་ཐོབ་ཁྲལ་ནང་བཅུག་ཡོད།

    ༢༠༡༤ལོའི་ཟླ ༡༠ ཚེས ༡ ནས ༢༠༡༥ ལོའི་ཟླ ༡༢ ཚེས ༣༡ ཉིན་བར་ཟླ་རེའི་བྲིན་དངུལ་སྒོར་ཁྲི ༢ ནས ༣ བར་ཟིན་པའི་གནས་ཐང་འཕར་མའི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བས་གནས་ཐང་འཕར་མའི་ཁྲལ་འཇལ་མི་དགོས་པ་དང་ཟླ་རེའི་གཉེར་སྐྱོང་སྒོར་ཁྲི ༢ ནས ༣ བར་ཟིན་པའི་གཉེར་སྐྱོང་བཅའ་ཁྲལ་གྱི་ཁྲལ་འཇལ་བས་གཉེར་སྐྱོང་ཁྲལ་འཇལ་དགོས་ཀྱི་མེད།

    ༢༠༡༤ལོའི་ཟླ་བ ༡༡ ཚེས ༡ ནས ༢༠༡༤ ལོའི་ཟླ ༡༢ ཚེས ༣༡ ཉིན་བར་དངུལ་རྩའི་སྒྲིག་གཞི་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དབར་དངུལ་གཡར་གན་རྒྱ་བཞག་ཚེ་རིས་སྦྱར་དཔྱ་ཁྲལ་འཇལ་དགོས་ཀྱི་མེད།

    ༢༠༡༤ལོར་ལྗོངས་ཡོངས་ཀྱི་རིམ་ཁག་ཁྲལ་དོན་ལས་ཁུངས་ཀྱིས་ཁེ་ལས་ཆེས་ཆུང་གྲས་ལ་གཉེར་སྐྱོང་བཅའ་ཁྲལ་རྩ་ཆག་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་སྔར་བར་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཐུབ་རྒྱུ་འགན་ལེན་བྱས་ཤིང་།ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་གཉེར་སྐྱོང་བཅའ་ཁྲལ་སྒོར་དུང་ཕྱུར ༡.༡༩རྩ་ཆག་བཏང་བས་ལྗོངས་ཡོངས་ཀྱི་གཉེར་སྐྱོང་ཁྲལ་འཇལ་དུད་ཚང་ཁྲི ༣.༢༥ལ་ཕན་པ་ཐོབ་ཡོད་པ་རེད།

    ༢༠༡༤ལོའི་ཟླ་བ་བཅུ་པར་རྡོ་སོལ་ཐོན་ཁུངས་ཀྱི་ཁྲལ་བསྡུའི་དོ་དམ་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་རྡོ་སོལ་ཐོན་ཁུངས་གྲོན་ཆུང་ངང་བེད་སྤྱོད་དང་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་ཕྱིརརྡོ་སོལ་ཐོན་ཁུངས་ཀྱི་ཁྲལ་བསྡུ་སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་ནོར་སྲིད་པུའུ་རྒྱལ་ཁབ་ཁྲལ་དོན་ཅུས་ཀྱི་བརྡ་ཐོའིདགོངས་དོན་གཞིར་བཟུང་ལྗོངས་རྒྱལ་ཁྲལ་ཅུས་ཀྱིས་རང་ལྗོངས་ཀྱི་རྡོ་སོལ་ཐོན་ཁུངས་ཀྱི་ཁྲལ་བསྡུའི་འབྲེལ་ཡོད་སྲིད་ཇུས་ཁ་གསབ་དང་གསལ་བཏོན་བྱས་ཡོད་པ་རེད།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག

བྲག་དཀར་སྤྲེལ་རྫོང་ཞེས་པའི་པར་རིས་བརྩམས་ཆོས་པར་བསྐྲུན་བྱས།

རྒྱལ་ནང་གི་ཐོག་མའི་ཉི་བོད་ཨམ་ཕྲག་ཚིག་མཛོད་འགྲེམ་སྤེལ་བྱས་པ།

ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་གིས་དགུན་གནང་སྐབས་སུ་བོད་ཡིག་གསོ་སྐྱོང་འཛིན་གྲྭ་བསྒྲུབས་པ།