16-608296-1.jpg    

    བོད་ཀྱི་གློག་བརྙན«ཤེལ་རིལ»ལ་པེ་ཅིང་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་ཆེན་སྐབས22བའི་བྱ་དགའ་ཐོབ་པ།

    སྤྱི་ཟླ5བའི་ཚེས7ཉིན། པེ་ཅིང་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་ཆེན་སྐབས22བའི་ནང་ཚན་སློབ་གྲྭ་ཆེན་མོ་བའི་རང་བཟོས་གློག་བརྙན་འགྲན་བསྡུར་ཐེངས16པའི་བྱ་དགའ་ཐོབ་པའི་གློག་བརྙན་ལ་བྱ་དགའ་གནང་བའི་མཛད་སྒོ་པེ་ཅིང་དུ་འཚོགས། འགྲན་བསྡུར་ཁྲོད་རྒྱལ་ཁབ་ཕྱི་ནང་གི་སློབ་ཆེན600ལྷག་ནས་ཐོན་པའི་གློག་བརྙན་བརྩམས་ཆོས་ཁྱོན3612ཙམ་ཞུགས་ཡོད་ཅིང་། འགྲན་བསྡུར་ནང་དངོས་སུ་ཚུད་པའི་གློག་བརྙན300ལྷག་བྱུང་། ཆེད་མཁས་པས་དྲང་གཞག་ངང་དཔྱད་བརྗོད་རབ་དང་རིམ་པ་བརྒྱུད་མཇུག་མཐའི་བྱ་དགའི་མིང་ཐོ་ནང་ཚུད་པའི་གློག་བརྙན18བདམས་ཐོན་བྱུང་བའི་ནང་། པེ་ཅིང་གློག་བརྙན་སློབ་གླིང་གི་འཁྲབ་ཁྲིད་སྡེ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་བོད་ཀྱི་གློག་བརྙན་དོན་གཉེར་པ་བཀྲ་ཤིས་ཚེ་རྒྱལ་ལགས་ཀྱི་གློག་བརྙན་བརྩམས་ཆོས་ཐོག་མ«ཤེལ་རིལ»ཞེས་པར་གཏམ་རྒྱུད་ཡག་ཤོས་གྱི་གློག་བརྙན་བྱ་དགའ་མཐོ་ཤོས་དེ་ཐོབ་པ་མ་ཟད། ཁོང་ལ་ད་དུང་ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ་ཡང་ཐོབ་འདུག

16-570046-2.jpg

    གློག་བརྙན«ཤེལ་རིལ»ཞེས་པའི་གཞོན་སྐྱེས་འཁྲབ་ཁྲིད་པ་བཀྲ་ཤིས་ཚེ་རྒྱལ།

    «ཤེལ་རིལ»ཞེས་པ་ནི་བོད་མི་རིགས་ཀྱི་ཐུན་མོང་མིན་པའི་འཚོ་བ་དང་རིག་གནས་སོགས་རྒྱབ་ལྗོངས་བྱས་ཏེ། བོད་ཀྱི་ན་ཆུང་བྱིས་པའི་ལྷད་མེད་དྭངས་གཙང་གི་སེམས་རྒྱུད་བརྗོད་བྱ་གཙོ་བོར་བཟུང་བའི་གློག་བརྙན་ཞིག་ཡིན་ལ། གུ་གེ་གློག་བརྙན་ཁང་གིས་གློག་བརྙན་འདི་ཕབ་སྐྲུན་གྱི་འགན་ཁུར་བ་རེད།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག

བྲག་དཀར་སྤྲེལ་རྫོང་ཞེས་པའི་པར་རིས་བརྩམས་ཆོས་པར་བསྐྲུན་བྱས།

རྒྱལ་ནང་གི་ཐོག་མའི་ཉི་བོད་ཨམ་ཕྲག་ཚིག་མཛོད་འགྲེམ་སྤེལ་བྱས་པ།

ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་གིས་དགུན་གནང་སྐབས་སུ་བོད་ཡིག་གསོ་སྐྱོང་འཛིན་གྲྭ་བསྒྲུབས་པ།