《མཚོ་སྔོན་བོད་ཡིག་གསར་འགྱུར》ཁང་གི་རྩོམ་བསྡུའི་གསལ་བརྡ། ཀྲུང་གོའི་འདུན་མའི་བསིལ་རླུང་འཇམ་པོ་མེས་རྒྱལ་འཛིན་མའི་ཁྱོན་ཀུན་ཏུ་ལྡང་བཞིན་པའི་དུས་བཟང་འདིར། 《མཚོ་སྔོན་བོད་ཡིག་གསར་འགྱུར》ཁང་གིས“ཀྲུང་གོའི་འདུན་མ•ང་ཡི་གདམ་ག”ཞེས་པ་བརྗོད་གཞི་ཡིན་པའི་རྒྱལ་ཡོངས་བོད་ཀྱི་སློབ་གྲྭ་ཆེན་མོ་པའི་རྩོམ་ཡིག་འགྲན་སྡུར་གྱི་བྱ་འགུལ་ཞིག་སྤེལ་རྒྱུ་ཡིན། མི་ཚེའི་བགྲོད་ལམ་ནི་གདམ་ག་མང་པོའི་ཁྲོད་མདུན་དུ་བསྲིངས་པ་ཞིག་ཡིན་ལ། གདམ་ག་ནི་མི་ཞིག་གི་མི་ཚེ་ལ་མཚོན་ན་ཆེས་གལ་འགངས་ཆེ་བ་ཞིག་ཡིན། ལྷག་པར་སློབ་གྲྭ་ཆེན་མོ་པ་ཞིག་ལ་མཚོན་ན་མི་ཚེའི་གདམ་ག་ཆེན་པོ་ཞིག་དང་འཕྲད་ཡོད་པ་རེད། གདམ་ག་ཅི་འདྲ་བས་མི་ཚེ་དེ་འདྲ་བ་གྲུབ་པ་ནི་ཆོས་ཉིད་ཡིན་པས།གདམ་ག་ནི་རང་རང་སོ་སོའི་མདུན་ལམ་དང་དམ་དུ་འབྲེལ་ཡོད། རྩོམ་ཡིག་འགྲན་སྡུར་འདིའི་ནང་དུ་ཞུགས་མཁན་གྱིས་ངེས་དགོས་པའི་དོན་ཚན་འགའ་གཤམ་གསལ་ཏེ། དང་པོ། རྩོམ་ཡིག་བསྡུ་བའི་དུས་ཚོད་ནི2015ལོའི་ཟླ9པའི་ཚེས1ཉིན་ནས2016ལོའིཟླ1པའི་ཚེས31ཉིན་བར་ཡིན་ལ། དེའི་རིང་ལ་འབྱོར་བའི་རྩོམ་ཡིག་རྣམས་ལས་རྩེ་གྲས་དག《མཚོ་སྔོན་བོད་ཡིག་གསར་འགྱུར》སྟེང་དུ་དགོད་རྒྱུ་ཡིན། གཉིས་པ། རྩོམ་ལུས་ངེས་པར་ལྷུག་རྩོམ་ཡིན་དགོས་ལ། བརྗོད་བྱ་དང་རྗོད་བྱེད་གང་ཐད་ནས་འབུར་དུ་ཐོན་ཞིང་དུས་རབས་ཀྱི་དབྱངས་འགྲོས་དང་མཐུན་དགོས། གསུམ་པ། 2016ལོའི་ཟླ2པར་ཆེད་མཁས་པ་གདན་འདྲེན་ཞུས་ནས་གཟབ་ནན་སྒོས་དཔྱད་འདེམ་བྱ་རྒྱུ་ཡིན། འདིར་བྱ་དགའི་རིམ་པ་ལ་ཨང་དང་པོ་གཅིག་དང་བྱ་དགའི་སྒོར་མོ་དམངས་སྒོར3000ཡོད། ཨང་གཉིས་པ་གཉིས་དང་སོ་སོར་དམངས་སྒོར2000རེ་ཡོད། ཨང་གསུམ་པ་གསུམ་སྟེ་སོ་སོར་དམངས་སྒོར1000རེ་ཡོད། གཞན་ཡང་རྟིང་སྐུལ་བྱ་དགའ་ལྔ་སྟེ་སོ་སོར་དམངས་སྒོར500བཅས་ཡོད་ལ་བྱ་དགའི་དཔང་ཡིག་གནང་རྒྱུ་ཡིན། བཞི་པ། འགྲན་ཞུགས་རྩོམ་ཡིག་རྣམས་གློག་རྡུལ་ཡིག་ཟམ(ཡིག་ཟམqhzwb@126.com དང་ཡང་ནchisanghua@163.comཡིན)བརྒྱུད་ནས་བསྐུར་རྒྱུ་དང་། རྩོམ་ཡིག་གི་མགོར་གསལ་བཤད་ཀྱི་ཚུལ་དུ“འགྲན་ཞུགས་བརྩམས་ཆོས”ཞེས་བྲི་དགོས་པར་མ་ཟད། རྩོམ་ཡིག་གི་མཇུག་ཏུ་འབྲེལ་གཏུག་ས་གནས་དང་རུས་མིང་། ཁ་པར་ཨང་གྲངས་སོགས་གསལ་བོར་བྲི་དགོས་པ་བཅས་ཐུགས་ལ་འཇགས་པར་འཚལ། ། འབྲེལ་གཏུག་པ།

ཚེ་རིང་བཀྲ་ཤིས། གཞུང་ལས་ཁང་གི་ཁ་པར།

0971-8457657 ལག་འཁྱེར་ཁ་པར།

18297176834 《མཚོ་སྔོན་བོད་ཡིག་གསར་འགྱུར》ཁང་ནས།

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག

བྲག་དཀར་སྤྲེལ་རྫོང་ཞེས་པའི་པར་རིས་བརྩམས་ཆོས་པར་བསྐྲུན་བྱས།

རྒྱལ་ནང་གི་ཐོག་མའི་ཉི་བོད་ཨམ་ཕྲག་ཚིག་མཛོད་འགྲེམ་སྤེལ་བྱས་པ།

ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་གིས་དགུན་གནང་སྐབས་སུ་བོད་ཡིག་གསོ་སྐྱོང་འཛིན་གྲྭ་བསྒྲུབས་པ།